རླུང་ཁམས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རླུང་ཁམས་ཆེན་མོ།
ང་ཚོ་འཚོ་སྡོད་ཀྱི་སའི་གོ་ལ་ནི་མིག་སྔར་ཤེས་རྟོགས་བྱུང་ཟིན་པའི་སྐྱེ་སྟོབས་ལྡན་ཞིང་སྲོག་དང་ལྡན་པའི་སྐར་མའི་གོ་ལ་གཅིག་པུ་དེ་རེད་ལ། སའི་གོ་ལའི་མཐའ་འཁོར་དུ་མཁའ་རླུང་བང་རིམ་གྱིས་བཏུམས་ཡོད་པས། མི་རྣམས་ཀྱིས་དེ་ལ་རླུང་ཁམས་ཆེན་པོ་ཟེར། རླུང་ཁམས་ཆེན་པོའི་སྟུག་ཚད་དེ་ཇེ་མཐོར་སོང་ནས་རིམ་བཞིན་སྲབ་ཏུ་འགྲོ་བ་ཡིན། ཡང་བར་སྣང་ཁམས་ནས་བང་རིམ་ཆེན་པོས་བཏུམས་པའི་སའི་གོ་ལར་ལྟ་སྐབས། དེ་ནི་ཕ་ལམ་སྔོན་པོ་སྒོར་སྒོར་ཞིག་དང་མཚུངས་ཤིང་། སའི་གོ་ལར་བཏུམས་པའི་རླུང་ཁམས་ཆེན་པོ་དེ་ནི་རང་བྱུང་ཁམས་ཀྱི་སྲོག་ཆགས་སྐྱེ་འཕེལ་གྱི་རྒྱུ་དང་། མིའི་རིགས་འཕེལ་རྒྱས་གཏོང་རྒྱུར་འཚམ་པའི་སྲུང་གདུགས་ཤིག་ཡིན།
1 ངོ་སྤྲོད།

སའི་གོ་ལའི་རླུང་ཁམས་ཆེན་པོའི་ཕྱི་རོལ་གྱི་སྐར་མའི་ནང་གི་དྲོད་ཚད་འགྱུར་སྟངས་ནི། ཉིན་མོར་ཧྲེ་ཧྲིའི་དྲོད་ཚད་ཁྲི་ཕྲག་བཅུ་ལ་སླེབས་པ་དང་། མཚན་མོར་ཀླད་ཀོར་མན་གྱི་ཧྲེ་ཧྲིའི་དྲོད་ཚད་བརྒྱ་ཕྲག་ལ་སླེབས་པ་ཡིན། དེ་ཡང་དྲོད་ཚད་མཐོན་པོ་ཡིས་ཚེ་སྲོག་དང་དངོས་པོ་ཡོད་ཚད་ཐོར་ཞིག་གཏོང་བ་དང་། དྲོད་ཚད་དམའ་མོ་ཡིས་ཚེ་སྲོག་གི་རྒྱུ་བ་འགག་པར་འགྱུར་བ་ཡིན་མོད། འོན་ཀྱང་སའི་གོ་ལའི་སྟེང་དུ་རླུང་ཁམས་ཆེན་པོའི་ཕྱི་གོས་དེ་ཡོད་སྟབས། དེས་དྲོད་ཚད་ཀྱི་མཐོ་དམན་སྙོམས་སྒྲིག་བྱ་ཐུབ་པ་ཡིན།

སའི་གོ་ལའི་དྲོད་ཚད་མཐོ་ཤོས་ནི་ཧྲེ་ཧྲིའི་དྲོད་ཚད་ལྔ་བཅུ་ང་བརྒྱད་ཡིན་པ་དང་། དྲོད་ཚད་དམའ་ཤོས་ནི་ཀླད་ཀོར་མན་གྱི་ཧྲེ་ཧྲིའི་དྲོད་ཚད་བརྒྱད་ཅུ་གྱ་བརྒྱད་དང་གྲངས་ཆུང་གསུམ་ཡིན་ཞིང་། དྲོད་ཚད་དེའི་ནང་དུ་ཚེ་སྲོག་འགུལ་སྐྱོད་བྱ་རྒྱུར་འཚམ་པ་ཡིན་ལ། སྐར་མའི་གོ་ལ་གཞན་དག་ཏུ་འདི་འདྲའི་ཆ་རྐྱེན་འཛོམས་པོ་མེད།

དུས་མཚུངས་སུ་སའི་གོ་ལའི་རླུང་ཁམས་ཆེན་པོས་ད་དུང་ཉི་མ་ལས་འཕྲོས་པའི་འགྱེད་འཕྲོ་སྙོམས་སྒྲིག་བྱ་ཐུབ་པ་དང་ཉི་མའི་འགྱེད་འཕྲོ་བསྡུ་ལེན་བྱ་བ། ཚད་བརྒལ་གྱི་ཉི་མའི་འགྱེད་འཕྲོ་ཡིས་སྲོག་ལྡན་སྣ་ཚོགས་ལ་གནོད་འཚེ་གཏོང་བར་སྲུང་སྐྱོབ་བྱ་ཐུབ་པ་བཅས་ཡིན་ལ། གལ་ཏེ་སའི་གོ་ལའི་མཐའ་འཁོར་དུ་རླུང་ཁམས་ཆེན་པོ་མེད་པ་ཡིན་ན། ཚེ་སྲོག་ཡོད་ཚད་ཀྱང་གནས་ཐབས་བྲལ།

2 ཆགས་རིམ།

མིའི་རིགས་ཀྱིས་རླུང་ཁམས་ཆེན་པོའི་ནུས་པ་ཤེས་རྟོགས་བྱུང་ཟིན་པ་ཡིན་ཞིང་། དེའི་མཐུག་ཚད་ལ་ག་ཚོད་ཡོད་པ་ཡིན་ཞེ་ན། ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་མཆིས་པའི་ཆགས་རིམ་དེ་ནི་ས་ངོས་ལས་མཐོ་ཚད་སྤྱི་ལེ་བཅུ་ནས་བཅུ་གཉིས་བར་གྱི་མཁའ་རླུང་གི་ཆགས་རིམ་དེ་ཡིན་པ་དང་། དེ་ནི་རླུང་ཁམས་ཆེན་པོའི་བང་རིམ་དམའ་ཤོས་དེ་ཡིན་པས་དེ་ལ་ལྟོས་རྒྱུག་ཆགས་རིམ་ཟེར་ཞིང་། ལྟོས་རྒྱུག་ཆགས་རིམ་གྱི་ནང་དུ་རླུང་འཕྲིན་འགྱུར་ལྡོག་མང་ལ། འོག་རིམ་གྱི་མཁའ་རླུང་ཚ་བོ་གོང་དུ་འཕྱུར་བ་དང་། གོང་རིམ་གྱི་མཁའ་རླུང་གྲང་མོ་མར་འབབ་པའི་སྣང་ཚུལ་བར་མ་ཆད་པར་བརྟེན། མཁའ་རླུང་གཏད་རྒྱུག་བྱ་བ་ཡིན། དེ་ཡང་རླུང་རིམ་དེའི་ནང་དུ་ཆུ་རླངས་བསྡུ་རུབ་བྱས་ཡོད་ལ། རྡུལ་མང་བའི་རྐྱེན་གྱིས་མཁའ་རླུང་གོང་འོག་གཏད་རྒྱུག་བྱ་བ་དང་། དུས་མཚུངས་སུ་ང་ཚོས་རྒྱུན་པར་མཐོང་བཞིན་པའི་གནམ་གཤིས་ཀྱི་སྣང་ཚུལ་དེ་རིགས་ཐོན་པ་ནི། དཔེར་ན། སྤྲིན་དང་ཆར་བ། གངས། འབྲུག་སྒྲ་ལ་སོགས་པ་ལྟ་བུ།

གཏད་རྒྱུག་ཆགས་རིམ་ནས་སྤྱི་ལེ་ལྔ་བཅུའི་བར་གྱི་བར་སྣང་མཐོན་པོའི་ཆགས་རིམ་དེར་སྙོམས་རྒྱུག་ཆགས་རིམ་ཟེར་ཞིང་། དེའི་ནང་གི་མཁའ་རླུང་གི་མཐུག་ཚད་དེ་གཏད་རྒྱུག་ཆགས་རིམ་ལས་སྲབ་པ་དང་། ཆུ་རླངས་དང་རྡུལ་ཡང་ལྟོས་བཅས་ཀྱིས་ཉུང་བ་ཡིན།

སྙོམས་རྒྱུག་ཆགས་རིམ་སྟེང་ནས་སྤྱི་ལེ་བརྒྱད་ཅུའི་བར་གྱི་ཆགས་རིམ་དེར་བར་གྱི་ཆགས་རིམ་ཟེར་ལ། ཆགས་རིམ་དེའི་ནང་གི་དྲོད་ཚད་ནི་མཐོ་རུ་ཕྱིན་པ་ནས་དམའ་རུ་འགྲོ་བ་ཡིན་ཞིང་། སྤྱི་ལེ་བརྒྱད་ཅུ་ནས་སྤྱི་ལེ་ལྔ་བརྒྱའི་བར་གྱི་བར་སྣང་གི་ཆགས་རིམ་དེ་ལ་ཚ་བའི་ཆགས་རིམ་ཟེར། ཡང་ཆགས་རིམ་དེའི་ནང་གི་དྲོད་ཚད་ཧ་ཅང་མཐོན་པོ་ཡིན་པས། ཉིན་མཚན་ལ་འགྱུར་ལྡོག་ཆེན་པོ་ཡོད་པ་ཡིན།

ས་ངོས་ལས་ཧ་ལམ་མཐོ་ཚད་སྤྱི་ལེ་ལྔ་བཅུ་ནས་སྤྱི་ལེ་སྟོང་གི་བར་ཀྱི་ཆགས་རིམ་དེ་ལ་གློག་ལྡན་ཆགས་རིམ་ཟེར་ཞིང་། གློག་ལྡན་ཆགས་རིམ་ལ་ཉི་འོད་འཕྲོས་རྗེས། རླུང་གཟུགས་ཀྱི་གཞི་རྡུལ་དེ་གློག་ལྡན་གྱེས་རྡུལ་རང་དབང་ཅན་གཉིས་སུ་གྱེས་པ་ཡིན་ལ། དེའི་ནང་ནས་ས་ངོས་དང་བར་ཐག་མཐོ་ཚད་སྤྱི་ལེ་བརྒྱད་ཅུ་ནས་ལྔ་བརྒྱའི་ཁུལ་ལ་གློག་ལྡན་གྱེས་རྡུལ་གྱི་ཆགས་རིམ་མང་བས། མཛེས་ཤིང་ལྟ་ན་སྡུག་པའི་བྱང་སྣེའི་འོད་ནི་དེ་ནས་བྱུང་བ་ཡིན།

ས་ངོས་དང་བར་ཐག་མཐོ་ཚད་སྤྱི་ལེ་ལྔ་བརྒྱས་ཆོད་པ་ཡན་ཆད་ལ་རླུང་ཁམས་ཆེན་པོའི་ཆགས་རིམ་ཕྱི་མ་ཟེར་ཞིང་། མིང་གཞན་ལ་ཁབ་ལེན་ཆགས་རིམ་ཡང་ཟེར་ལ། དེ་ནི་རླུང་ཁམས་ཆེན་པོའི་ཆགས་རིམ་ཕྱི་མ་དེ་ཡིན་པ་དང་། རླུང་ཁམས་ཆེན་པོ་དེ་སྐར་མའི་བར་སྣང་ལ་བར་བརྒལ་གྱི་ཁུལ་ཡིན།

སའི་གོ་ལ་ནས་མཐོ་ཚད་སྤྱི་ལེ་དྲུག་ཁྲི་ལྔ་སྟོང་གིས་ཆོད་པའི་སར་མཁའ་རླུང་ཧ་ཅང་སྲབ་མོ་ཡིན་པས་མཁའ་རླུང་མེད་པ་དང་མཚུངས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།