བ་མོ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་སྣང་ཚུལ།)

བ་མོ།
གྲང་ངར་ཧ་ཅང་ཆེ་བའི་དགུན་ཁའི་ཞོགས་པར། ས་གཞི་སྐྱ་ཐིང་ངེར་གནས་པ་ཡིན་ལ། ཁང་བའི་ཐོག་ཁ་དང་ཤིང་སྡོང་གི་ཡལ་གའི་སྟེང་དུ་ཧ་ཅང་སྲབ་པའི་འཁྱག་བད་བབས་ཡོད་པ་ཡིན་ཞིང་། སྔ་ཉིན་ཁ་བ་བབས་པ་མིན་ན། དེ་ནི་བ་མོ་ཡིན་པ་ཁོ་ཐག་ཡིན། དེ་ཡང་བ་མོ་ནི་ས་ངོས་དང་ཉེ་བའི་མཁའ་རླུང་ཁྲོད་ཀྱི་ཆུ་རླངས་དེ་རླངས་གཟུགས་འཁྱག་པར་གྱུར་ནས། སྲ་གཟུགས་ཆགས་པའི་འཁྱག་སིལ་དེ་དངོས་པོའི་སྟེང་དུ་བབས་ནས་བྱུང་བ་ཡིན་ཞིང་། བརྒྱུད་རིམ་དེར་གནམ་གཤིས་རིག་པའི་ནང་རླངས་པ་འཁྱག་འགྱུར་ཞེས་བརྗོད་པ་ཡིན།
1 ཁྱད་ཆོས། 

སྤྱིར་ནམ་མཁའ་དྭངས་ཤིང་སྤྲིན་པ་མེད་པ་དང་ལྷགས་པ་ཆུང་བའི་མཚན་མོར་བ་མོ་འབབ་པ་མང་ཞིང་། ནམ་མཁའ་དྭངས་པའི་ཆ་རྐྱེན་འོག  ས་ངོས་སུ་འགྱེད་འཕྲོའི་དྲོད་ཡལ་བ་མགྱོགས་པ་དང་། ལྷགས་པ་ཆུང་ན་རླུང་ཁམས་ཆེན་པོའི་ཚ་དྲོད་ཀྱི་གཤམ་དུ་ཁྱབ་མི་ཐུབ་པས། ས་ངོས་གྲང་མོར་ཆགས་པ་མགྱོགས་ལ། མཁའ་རླུང་གི་དྲོད་ཚད་ཀྱང་མྱུར་དུ་མར་འབབ་པ་ཡིན། ཡང་ས་གཞི་དང་ཉེ་བའི་ཆགས་རིམ་གྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་མན་ལ་སླེབས་པ་དང་། ཚད་ལོངས་པའི་རྣམ་པའི་མཁའ་རླུང་ཁྲོད་ཀྱི་ཆུ་རླངས་དེ་རླངས་པ་འཁྱག་འགྱུར་བྱས་པའི་འཁྱག་སིལ་ལས་བ་མོ་གྲུབ་པ་ཡིན།

མི་རྣམས་ཀྱིས་རྟག་ཏུ་ནམ་མཁའ་དྭངས་པ་དང་། བ་མོ་འབབ་པ་གཉིས་མཉམ་དུ་སྦྱོར་ཞིང་། བ་མོ་འབབ་པ་ཡིན་ན་ནམ་མཁའ་དྭངས་རྒྱུ་ཡིན་པའི་རྟགས་མཚན་ཡིན་ཞེས་བརྗོད་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-20

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།