གངས་འཁྱག་ནམ་ཟླ།

གངས་འཁྱག་ནམ་ཟླ་ལ་གཏན་འཁྱག་ནམ་ཟླ་ཡང་ཟེར་ཞིང་། འོག་ངོས་སུ་དུས་ཡུན་རིང་བོར་གངས་འཁྱག་གིས་གཡོགས་པའི་ས་ཁུལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། དེ་ཡི་ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་གོར་ཐིག(0℃)གི་མན་ཡིན། དེ་ནི་གཙོ་བོ་བྱང་སྣེའི་ས་ཁུལ་དང་ཀེ་རུན་ལན་གླིང་ཕྲན། ལྷོ་སྣེའི་སྐམ་ས་ཆེན་པོ་སོགས་ས་ཁུལ་གྱི་ནམ་ཟླ་ཡིན་ལ། དུས་ཡུན་རིང་བོར་གངས་འཁྱག་གིས་བསྡམས་པའི་ས་ཁུལ་དག་ནི་གོ་ལ་ཧྲིལ་བོའི་ནམ་ཟླ་ཡི་འཁྱག་ཁུངས་ཆེས་ཆེ་བ་དེ་ཡིན་པ་དང་། ཉེ་ལོགས་ཀྱི་ནམ་ཟླ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གླིང་སྣེའི་ནམ་ཟླ།

གླིང་སྣེའི་ནམ་ཟླ་ལ་གྲང་རྒྱུད་གྱི་ནམ་ཟླ་ཡང་ཟེར་ཞིང་། རིགས་ལ་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་ཡོད་ལ། འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ལྷོ་སྣེའི་སྐམ་ས་ཆེན་པོ་དང་འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཚོམ་འགའ་རུ་ཁྱབ་ཡོད། དེ་ཡང་ལོ་ཧྲིལ་བོར་གྲང་ངར་ཧ་ཅང་ཆེ་བ་དང་ས་ངོས་སུ་གངས་མཐུག་པོས་གཡོགས་ཡོད། གཞན་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོའི་དུས་ཚིགས་ནི་དགུན་དུས་གཙོ་བོ་ཡིན་ལ་དབྱར་དུས་ནི་མེད་ལ།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

བྱང་སྣེའི་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ།

བྱང་སྣེའི་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་དགུན་གྱི་དུས་ནི་ཤིན་ཏུ་རིང་བ་དང་གྲང་ངར་ཧ་ཅང་ཆེ་བར་མ་ཟད། རྒྱུན་པར་ཁ་བ་བུ་ཡུག་འཚུབ་པ་ཡིན་ལ། དབྱར་གྱི་དུས་ནི་ཐུང་བ་དང་བསིལ་ཞིང་འཇམ་པ་ཡིན། ཡང་ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་བཅུའི(10℃)ཡན་ལ་བརྒལ་མི་སྲིད་པ་དང་། ས་ངོས་དང་ཐག་ཉེ་བའམ་ཧ་ལམ་སྨི་གཅིག་གི་ཟབ་ཚད་ཀྱི་ས་རིམ་ནི་འཁྱག་པས་བསྡམས་མེད་ལ། དེ་ལས་གཏིང་ཟབ་སར་འཁྱག་པས་བསྡམ་པ་ཡིན་པ་མ་གཏོགས། ཚ་བ་དེ་འདྲའི་ཆེན་པོ་མེད། གཞན་ས་ངོས་ཀྱི་ཆུ་ས་འོག་ཏུ་འཐིམས་པར་དཀའ་བ་དང་། རྒྱུན་པར་གཤོང་ས་རུ་མཚེའུ་དང་ན་འདམ་གྲུབ་པ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཚ་རྒྱུད་དུས་རླུང་གི་ནམ་ཟླ།

ཚ་རྒྱུད་དུས་རླུང་གི་ནམ་ཟླ་ནི་ནམ་ཟླའི་རིགས་ཀྱི་གཅིག་ཡིན་པ་དང་། གཙོ་བོ་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ཏུའུ་ཉི་ཤུ་ཉེར་གསུམ་སྐར་མ་ཉི་ཤུ་ཉེར་དྲུག་གི་ཡ་གླིང་སྐམ་ས་ཆེན་པོའི་ལྷོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད་ལ། ཡ་གླིང་ན་མ་གཏོགས་མེད་པའི་ནམ་ཟླ་ཅིག་ཡིན། བྱེ་བྲག་ཏུ་ཀྲུང་གོའི་ཀོང་ཏུང་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན། ཧྥི་ལི་ཕིན་གླིང་ཚོམ་གྱི་བྱང་རྒྱུད་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་སོགས་སྟེ། ཨེ་ཤ་ཡ་ལྷོ་མའི་དུས་རླུང་ཁུལ་དུ་ཁྱབ་ཡོད།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཚ་རྒྱུད་རྩྭ་ཐང་གི་ནམ་ཟླ།

ཚ་རྒྱུད་རྩྭ་ཐང་གི་ནམ་ཟླ་ལ་ཚ་རྒྱུད་ཐན་ཆར་དུས་ཀྱི་ནམ་ཟླ་དང་ས་ཝ་ན་ནམ་ཟླ། ཚ་རྒྱུད་སྡོང་བོ་ཉུང་སའི་རྩྭ་ཐང་གི་ནམ་ཟླ། ཚ་རྒྱུད་ནགས་ཚལ་རྩྭ་ཐང་གི་ནམ་ཟླ་བཅས་ཟེར་ཞིང་། མང་ཆེ་བ་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ལྷོ་བྱང་ཉི་མའི་ལྡོག་ཐིག་གི་བར་དུ་གནས་པ་དང་། ཧྥེ་གླིང་གི་དབུས་ཁུལ་དང་མེ་གླིང་ལྷོ་མའི་པ་ཞི། ཨོ་སི་ཁྲུ་ལི་ཡ་སྐམ་ས་ཆེན་པོའི་བྱང་རྒྱུད་དང་ཤར་རྒྱུད་དུ་ཁྱབ་ཡོད། རིགས་འདི་ནི་ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་དང་གཏན་རླུང་ཁུལ་གཉིས་ཀྱིས་རེས་མོས་ངང་ཚོད་འཛིན་ཐེབས་པའི་ཁུལ་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོའི་དྲོད་ཚད་མཐོ་བ་དང་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧ་ལམ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ(25°C)ཡིན། ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་གྱི་ཚོད་འཛིན་དུས་སྐབས་སུ། ཐིག་དམར་

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ་ནི་ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་ཡི་འཕྲེད་ཐིག་གཅིག་གིས་མཐོ་བའི་གཞོགས་སུ་ཡོད་ལ། ཧ་ལམ་འཕྲེད་ཐིག་གི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་ཅུ་སོ་ལྔའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དང་ནང་ལོགས་ས་ཁུལ་དུ་ཁྱབ་ཡོད། རྒྱ་ཡིག་གི་མིང་། 亚热带沙漠气候 གྲུབ་རྐྱེན། དྲོད་ཚད་མཐོན་པོ་ཕལ་བ་དང་སྐམ་ཤས་ཆེ་བའི་གཏན་རླུང་གི་ནུས་པའི་འོག་གྲུབ་པ་ཡིན། ཚབ་མཚོན་གྲོང་ཁྱེར། དབྱི་རག་དང་པ་ཀོ་ཏ། ཨ་ཧྥེ་རི་ཁ་ལྷོ་མ། ལུའོ་ནུའོ་སི་ཀང་བཅས་ཡིན། ཁྱབ་གནས། ཨ་ཧྥེ་རི་ཁ་བྱང་མ་དང་ཅོར་ཏན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་རྒྱུད་སྐམ་ས་ཆེན་པོའི་བཞའ་ཚན་ནམ་ཟླ།

དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ལ་བཞའ་ཚན་གྱི་སྐམ་ས་ཆེན་པོའི་ནམ་ཟླའམ་དྲོད་རྒྱུད་ནགས་ཚལ་ནམ་ཟླ་ཡང་ཟེར་ལ། དེ་ནི་དྲོད་རྒྱུད་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་པ་དང་། དྲོད་གྲང་གི་འགྱུར་ལྡོག་ཅུང་ཆེན་པོ་ཡོད། ཡང་དབྱར་གྱི་དུས་སུ་ཚ་བ་ཤིན་ཏུ་ཆེ་བ་དང་། དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བ་ཡིན་ཞིང་། ནམ་ཟླ་དེའི་རིགས་ཀྱི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་རྒྱ་ནི་ཅུང་ཆ་སྙོམས་ཡིན། རྒྱ་ཡིག་གི་མིང་། 温带大陆性湿润气候 ཕྱི་ཡིག་གི་མིང་། Temperate zone big six sex moist

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ།

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ་ནི་དྲོད་རྒྱུད་ནགས་ཚལ་ནམ་ཟླ་དང་དྲོད་རྒྱུད་བྱེ་ཐང་ནམ་ཟླའི་མཚམས་སུ་ཡོད་པའི་བར་བརྒལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། ནམ་ཟླ་དེའི་རིགས་ལ་མངོན་གསལ་ཅན་གྱི་སྐམ་ས་ཆེན་པོའི་རང་བཞིན་ལྡན་ཞིང་། དགུན་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བར་མ་ཟད། ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཅུང་ཆེན་པོ་ཡིན། ཡང་ཆེས་ཚ་བའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུའི(20℃)ཡན་ལ་སོན་པ་དང་། ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན། གཞན་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་བཞི་བརྒྱ་དང་ལྔ་བཅུའི་བར་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་མ་གྲང་རྒྱུད་ཀྱི་ལོ་མ་ཕྲ་རིགས་ནགས་ཚལ་གྱི་ནམ་ཟླ།

དྲོད་མ་གྲང་རྒྱུད་ཀྱི་ལོ་མ་ཕྲ་རིགས་ནགས་ཚལ་གྱི་ནམ་ཟླ་ལ་གླིང་སྣེའི་ཕལ་བའི་སྐམ་ས་ཆེན་པོའི་ནམ་ཟླ་ཡང་ཟེར་ཞིང་། དེ་ནི་འཕྲེད་ཐིག་བྱང་མའི་ཏུའུ་ལྔ་བཅུ་ནས་དྲུག་ཅུ་རེ་ལྔའི་བར་གྱི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོར་ཁྱབ་ཡོད་ལ། གླིང་སྣེ་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེ་སྐམ་ས་ཆེན་པོའི་རླུང་ཚོམ་གྱི་ཤུགས་རྐྱེན་འོག དགུན་གྱི་དུས་ཚིགས་ནི་ཧ་ཅང་རིང་ཞིང་གྲང་ངར་ཆེ་བ་དང་དབྱར་གྱི་དུས་ཚིགས་ནི་ཐུང་ལ་ཤིན་ཏུ་དྲོ་བ་ཡིན་པར་མ་ཟད། རློན་ཚད་ཅུང་མཐོ་བ་དང་ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཧ་ཅང་ཆེ་བ་ཡིན

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་ཆར།

ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་དམངས་ཁྲོད་དུ་གྲང་ཆར་དང་དཔྱིད་ཀྱི་བསིལ་ཆར། ཚ་སུབ་ཀྱི་ཆར་སོགས་ཆར་བའི་མིང་གི་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ལ། དེ་རིང་ཚ་བ་ཧ་ཅང་ཆེ་བས་ཆར་རྒྱུན་འབབ་ངེས་ཡིན་པའི་གནམ་གཤིས་ཀྱི་བརྟག་ཐབས་མི་ཉུང་བ་ཡོད་པ་ཡིན་ཞིང་། རྒྱུ་མཚན་དེ་ལ་གཞི་བྱས་ནས་ཆར་ཆུ་ཡོད་མེད་སྔོན་དཔག་བྱ་བ་ཡིན་མོད། འོན་ཀྱང་བཤད་སྲོལ་དེ་ནི་ཡང་དག་ཡིན་པའི་ངེས་པའང་གཏན་ནས་མེད་དེ། གནམ་གཤིས་རིག་པ་ལས། དེ་ལ་ཡང་ངེས་པ་མེད་ཅེས་བྱ་བ་དང་། དེའི་རྒྱུ་མཚན་ནི་གཙོ་བོ་གྲང་ཆར་དང་དྲོད་ཆར་གང་ཡིན་པ་དེ་ལ་རག་ལས་ཤིང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཉི་མའི་རླུང་།

དཔྱད་གཞིའི་ཡིག་རིགས་ནང་གསལ་བ་ལ་གཞིགས་ན། སྤྱི་ལོ1966ལོར། འཇིག་རྟེན་འཕུར་གྲུས་སྣང་ཚུལ་ཡ་མཚན་ཅན་ཞིག་འཚོལ་ཞིབ་ཐིག་ལེན་ཐུབ་ཡོད་པ་དང་། དེ་ནི་ཟླ་བའི་གོ་ལའི་མཐའ་འཁོར་ནས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་ཞིག་རྙེད་པ་དེ་ཡིན་ལ། འབྲེལ་ཡོད་ཆེད་ལས་མཁས་པས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་དེ་ནི་སའི་གོ་ལའི་མཇུག་ཆ་དེ་གར་དྲུད་པ་ཞིག་ཡིན་པར་བརྡར་ཤ་བཅད་ཡོད་ཅིང་། སྔར་མཐོང་མྱོང་མེད་པའི་སའི་གོ་ལའི་མཇུག་མ་རིང་བོ་དེ་ནི་ཉི་མས་གཏོར་བའི་ཤུགས་ཆེའི་གཞི་རྡུལ་གྱི་རྒྱུན་ཉི་མའི་རླུང་གིས་བཟོས་པ་ཞིག་ཡིན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཆར་བ།

ཚང་མས་ཤེས་གསལ་ལྟར། ནགས་ཚལ་ནི་ནོར་བུའི་བང་མཛོད་ཅིག་སྟེ། དེ་རུ་ཤིང་ཆ་དང་སྨན་རིགས་ཧ་ཅང་མང་བོ་ཡོད་ཅིང་། དེ་ནི་ནོར་གཞོང་ཞིག་ཡིན་ལ། ཆར་ཆུ་ཡི་འབྱུང་གཞོང་ཞིག་ཀྱང་ཡིན། ངོ་སྤྲོད། ཆར་ཆུ་ནི་གཙོ་བོ་ནགས་ཚལ་ཁུལ་དུ་མང་བ་ཡིན་ལ། དེ་ནི་ནགས་ཚལ་ཁུལ་དུ་ཆུ་རླངས་ཕོན་ཆེན་ཡོད་པའི་རྐྱེན་ཡིན་ཞིང་། རྩི་ཤིང་སྐྱེ་འཚར་སྐབས་སུ་རྩ་ལག་ནས་རྒྱུན་ཆད་མེད་པར་ས་འོག་ཆུ་འཐུང་བ་ཡིན་པ་དང་། ཕུང་བོས་རྔུལ་ལེན་བྱ་བ་བརྒྱུད་རླངས་པའི་རྣམ་པར་ནམ་མཁར་ཁྱབ་པ་ཡིན། ཡང་ཤིང་སྡོང་ཆེན་པོ་ཞིག་གིས་འཚར་སྐྱེ་ཡི་དུས་ཚིགས་ངེས་ཅན་ཞིག་གི་ནང་དུ་ཆུ་སྤྱི་རྒྱ10000ལྷག་ཙམ་འབྱིན་ཐུབ་ཅིང་། རླངས་པ་འབྱིན་པའི་སྐབས་སུ་རླངས་པ་མང་བོ་བྱུང་ཕྱིར། ནགས་ཚལ་ཁུལ་གྱི་བར་སྣང་དུ་ཆུ་རླངས་མང་བོ་ཐོན་པ་ཡིན། སྡོང་ཕུང་ལས་ཆུ་རླངས་མང་བོ་ཞིག་ཐོན་པ་དང་ལྷན་དུ་ཡལ་འདབ་ཀྱི་ཆར་ཆུ་ཆ་ཤས་བར་སྣང་ནས་

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གྲང་ཆར།

ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་དམངས་ཁྲོད་དུ་གྲང་ཆར་དང་དཔྱིད་ཀྱི་བསིལ་ཆར། ཚ་སུབ་ཀྱི་ཆར་སོགས་ཆར་བའི་མིང་གི་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ལ། དེ་རིང་ཚ་བ་ཧ་ཅང་ཆེ་བས་ཆར་རྒྱུན་འབབ་ངེས་ཡིན་པའི་གནམ་གཤིས་ཀྱི་བརྟག་ཐབས་མི་ཉུང་བ་ཡོད་པ་ཡིན་ཞིང་། རྒྱུ་མཚན་དེ་ལ་གཞི་བྱས་ནས་ཆར་ཆུ་ཡོད་མེད་སྔོན་དཔག་བྱ་བ་ཡིན་མོད། འོན་ཀྱང་བཤད་སྲོལ་དེ་ནི་ཡང་དག་ཡིན་པའི་ངེས་པའང་གཏན་ནས་མེད་དེ། གནམ་གཤིས་རིག་པ་ལས། དེ་ལ་ཡང་ངེས་པ་མེད་ཅེས་བྱ་བ་དང་། དེའི་རྒྱུ་མཚན་ནི་གཙོ་བོ་གྲང་ཆར་དང་དྲོད་ཆར་གང་ཡིན་པ་དེ་ལ་རག་ལས་ཤིང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གནམ་འཐིབས་པ།

གནའ་བོའི་མིས། ནམ་མཁའ་འཐིབས་པས་ཉབ་བེ་ཉོབ་བེ་བྱེད་ཅེས་ཤོད་པས། གནམ་གཤིས་ཀྱི་འགྱུར་ལྡོག་དང་མི་སེམས་བར་འབྲེལ་བ་དམ་ཟབ་ལྡན་པའི་གནས་ལུགས་བརྗོད་ཡོད། ང་ཚོར་རྒྱུན་ལྡན་འཚོ་བའི་ནང་མྱོང་ཚོར་འདི་འདྲ་ཏན་ཏན་ཡོང་གི་ཡོད་ལ། ཆར་བ་ཟམ་ཟིམ་བར་མཚམས་མི་ཆད་པར་འབབ་པ་དང་། ཉི་མ་སྒྲིབ་ནས་མཐོང་རྒྱུ་མེད་པའི་དུས་སྐབས་སུ་མི་རྣམས་ཐང་ཆད་པ་དང་། དཀའ་ལས་ཁག་པ། ལེ་ལོ་བག་གཡེང་བཅས་ཀྱི་ཚོར་བ་བྱུང་སྟེ་གཉའ་ཆག་ཉམས་ཤོར་བ་ལྟ་བུར་འགྱུར་གྱིན་ཡོད་ཅིང་། དགུང་སྔོན་གཡའ་དག་པའི་ཉིན་མོར་མི་རྣམས་ལ་སེམས་ཤུགས་རྒྱས་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཁངས་ཆར།

དགུན་ཁར་ས་ངོས་ཀྱི་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཀླད་གོར་གྱི་མན་དུ་སླེབས་ཤིང་། སྐབས་འགར་ཆར་ཐིགས་ཤིང་སྡོང་གི་ཡལ་ག་དང་གློག་སྐུད་སྟེང་དུ་ལྷུང་སྐབས། དངོས་པོ་དེ་དག་གི་སྟེང་ལ་འོད་ཆིལ་ཆིལ་བཀྲ་བའི་དར་སྲབ་པོ་ཞིག་ཆགས་པ་ཡིན་ལ། ས་རུ་འབབ་པ་ནི་ཆར་བ་ཡིན་ཡང་གློག་སྐུད་སྟེང་ན་ཡོད་པ་འཁྱག་པ་ཡིན། ཡང་ཆར་ཐིགས་དེ་ནི་ དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་གོར་ཐིག་གི་མན་དུ་སླེབས་པས། གོང་བུར་དྲིལ་མ་ཐུབ་པར་གྲང་ཤས་ཆེ་བའི་ཆུ་ཐིགས་སུ་གྱུར་བ་རེད། དེ་བས་གནམ་གཤིས་རིག་པ་ལྟར་ན། གྲང་ཤས་ཆེ་བའི་ཆུ་ཐིགས་འབབ་པའི་ཆར་བར་གྲང་ཤས་ཆེ་བའི་ཆར་བ་ཞེས་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

རླུང་དམར།

རང་རྒྱལ་གྱི་གནམ་གཤིས་རིག་པ་ལས། རླུང་ཤུགས་རིམ་པ་བརྒྱད་དང་ཡང་ན་བརྒྱད་ཡན་དུ་སླེབས་པ་ན་རླུང་དམར་ཞེས་གཏན་ལ་ཕབ་ཡོད་ཅིང་། རླུང་དམར་ལ་གནོད་པ་ཚབས་ཆེན་ལྡན་ལ། ཁང་པ་བརྡིབ་པ་དང་། འཛུགས་སྐྲུན་གྱི་དངོས་པོ་ཆེན་པོ་ལ་གནོད་སྐྱོན་གཏང་བ། ཤིང་གི་ཡལ་ག་ཆག་པ་སོགས་རྐྱེན་དེ་ཚོའི་དབང་གིས་མི་ལ་ཡང་གོད་ཆག་འབྱུང་སྲིད། ཡང་རླངས་འཁོར་ཨ་སློག་རྒྱག་པ་དང་ཁ་ཤོར་བ། བཏང་མ་ཐུབ་པ་བཅས་ཀྱི་གནས་ཚུལ་འབྱུང་སྲིད་པ་དང་། ལྷག་པར་དུ་རླངས་འཁོར་མྱུར་ཚད་ཇི་ཙམ་མགྱོགས་ན་དེ་ཙམ་གྱིས་ཁ་ཤོར་སླ་ཞིང་། འགྲིམ་འགྲུལ་བྱུས་ཉེས་འབྱུང་སྲིད་ལ། གྲུ་གཟིངས་ཨ་སློག་བརྒྱབ་སྟེ་ནུབ་པར་འགྱུར་བ་ཡིན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

རྔ་བ་ཁུལ་གྱི་གནམ་གཤིས།

ཁུལ་ཡོངས་ཀྱི་ལོ་གཅིག་ཆ་སྙོམས་ཀྱི་དྲོད་ཚད་ནི་ནུབ་བྱང་ནས་ཤར་ལྷོ་རུ་དྲོད་ཚད་འཕར་བའི་གནས་སུ་ཆགས་ཡོད། ཤར་ལྷོ་ཁུལ་གྱི་ཝུན་ཁྲོན་ནི་ལོ་གཅིག་གི་ནང་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ13ཡན་ཆད་ཡིན་པས། རང་ཁུལ་གྱི་ཆེས་དྲོ་བའི་ས་ཆ་ཡིན། ནུབ་བྱང་གི་མཛོད་དགེ་ནི་ལོ་གཅིག་གི་ནང་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ1.0ཡས་མས་ཡིན་པས། རང་ཁུལ་གྱི་ཆེས་གྲང་བའི་ས་ཆ་ཡིན། ཁུལ་ཡོངས་ལ་ལོ་གཅིག་གི་ནང་ཟླ་བ་དང་པོ་ནི་ཆེས་གྲང་བའི་དུས་ཡིན་ལ། ཟླ་བ་བདུན་པ་དང་བརྒྱད་པ་ནི་ཆེས་དྲོ་བའི་དུས་ཡིན། བོད་ཡིག་གི་མིང་། རྔ་བ་ཁུལ་གྱི་གནམ་གཤིས། རྒྱ་ཡིག་གི་མིང་། 阿坝州气候 ས་གནས། སི་ཁྲོན་རྔ་བ་ཁུལ།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གནམ་གཤིས་རིག་པ།

གནམ་གཤིས་རིག་པས་རླུང་ཁམས་ཆེན་མོ་དེ་ཞིབ་འཇུག་བྱེད་ཡུལ་དུ་བྱས་ཏེ། ངོ་བོ་གཏན་ཁེལ་དང་གྲངས་ཚད་གཏན་ཁེལ་གྱི་ཕྱོགས་གཉིས་ནས་རླུང་ཁམས་ཆེན་པོའི་ཁྱད་ཆོས་གསལ་བཤད་བྱེད་པའི་རིག་ཚན་ཞིག་ཡིན་ལ། རླུང་ཁམས་ཆེན་པོའི་གནམ་གཤིས་གནས་ཚུལ་དང་འགྱུར་ལྡོག་གི་ཆོས་ཉིད་དང་གནམ་གཤིས་སྔོན་བརྡར་གཅིག་སྡུད་ཀྱིས་ཞིབ་འཇུག་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 气象学 ཕྱི་ཡིག་གི་མིང་། meteorology རིགས་དབྱེ། གནམ་གཤིས་རིག་པ།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གྲང་རླབས་ཀྱི་ཉེན་ཟོན་བརྡ་རྟགས་སེར་པོ།

གྲང་རླབས་ཀྱི་ཉེན་ཟོན་བརྡ་རྟགས་སེར་པོ་ནི་གྲང་རླབས་ཉེན་ཟོན་བརྡ་རྟགས་ཁྲོད་ཀྱི་རིམ་པ་གཉིས་པ་ཡིན། དུས་ཚོད་ཉེར་བཞིའི་ནང་ཆེས་དམའ་བའི་དྲོད་ཚད10℃ཡན་མར་ཆག་པ་དང་། ཆེས་དམའ་བའི་དྲོད་ཚད་4℃ལས་ཆུང་བ། སྐམ་སའི་ཆ་སྙོམས་རླུང་ཤུགས་རིམ་པ6ཡན་ལ་བསླེབ་སྲིད། ཡང་ན་དྲོད་ཚད10℃ཡན་ཆག་པ་དང་། ཆེས་དམའ་བའི་དྲོད་ཚད4℃ལས་དམའ་བ་དང་། ཆ་སྙོམས་ཀྱི་རླུང་ཤུགས་རིམ་པ6ཡན་ལ་སླེབས་ཡོད་པར་མ་ཟད་རྒྱུན་མཐུད་བྱེད་སྲིད་པ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

མཚོ་ཡོམ་སྤྲིན།

མཚོ་ཡོམ་སྤྲིན་ནི་གདོང་སྣེ་ལས་གྲུབ་པའི་འགྲིལ་མདའི་སྤྲིན་ཡིན་ལ། དེ་ནི་རྒྱུན་ལྡན་གྱི་རང་བྱུང་སྣང་ཚུལ་དུ་གཏོགས་པ་དང་། གོ་བདེར་བཤད་ན་དེ་ནི་ཡར་འཕགས་པའི་སྤྲིན་གྱི་བང་རིམ་ལ་རླུང་ཁམས་ཆེན་མོའི་ལྡོག་དྲོད་རིམ་པའི་བཀག་འགོག་ཐེབས་ཏེ། བཙན་ཤུགས་ཀྱིས་བར་སྣང་དུ་དཔྱངས་ནས་སྟེས་དབང་དུ་གྲུབ་པའི་ཡ་མཚར་བའི་རང་བྱུང་སྣང་ཚུལ་ཞིག་ཡིན། རྒྱ་ཡིག་གི་མིང་། 海啸云 ཕྱི་ཡིག་གི་མིང་། Hai Xiaoyun རིགས་དབྱེ། གནམ་གཤིས། གོ་དོན། མཚོ་ཡོམ་སྤྲིན་ནི་གདོང་སྣེ་ལས་གྲུབ་པའི་འགྲིལ་མདའི་སྤྲིན་ཡིན་ལ། དེ་ནི་རྒྱུན་ལྡན་གྱི་རང་བྱུང་སྣང་ཚུལ་དུ་གཏོགས་པ་དང་། གོ་བདེར་བཤད་ན་དེ་ནི་ཡར་འཕགས་པའི་སྤྲིན་གྱི་བང་རིམ་ལ་རླུང་ཁམས་ཆེན་མོའི་ལྡོག་དྲོད་རིམ་པའི་བཀག་འགོག་ཐེབས་ཏེ། བཙན་ཤུགས་ཀྱིས་བར་སྣང་དུ་དཔྱངས་ནས་སྟེས་དབང་དུ་གྲུབ་པའི་ཡ་མཚར་བའི་རང་བྱུང་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

བར་སྣང་གནམ་གཤིས་རིག་པ།

དེ་ནི་རང་དབང་གི་རླུང་ཁམས་ཆེན་མོའི་ནམ་ཟླ་གྲུབ་ཚུལ་དང་། ཁྱབ་སྟངས། ཁྱད་ཆོས། འགྱུར་ལྡོག་གི་རིག་ཚན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 高空气候学 ཕྱི་ཡིག་གི་མིང་། aeroclimatology འབྲེལ་ཡོད་བརྡ་ཆད། གནམ་གཤིས་རིག་པ། གནམ་གཤིས། རིག་ཚན་ཡན་ལག གནམ་གཤིས་རིག་པ། ཞིབ་བརྗོད། བར་སྣང་གི་གནམ་གཤིས་རིག་པ་དེ་གནམ་གཤིས་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བར་སྣང་གི་ནམ་ཟླའི་ཁྱད་ཆོས་དང་ཆོས་ཉིད་ལ་དབྱེ་ཞིབ་བྱས་ན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཁོར་ཡུག་གནམ་གཤིས་རིག་པ།

དེ་ནི་གནམ་གཤིས་རིག་པ་དང་ཁོར་ཡུག་རིག་པའི་མཐའ་མཚམས་རིག་ཚན་ཞིག་ཡིན་ལ། གནམ་གཤིས་དང་ཁོར་ཡུག གནམ་གཤིས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བར་ཕན་ཚུན་ནུས་པ་ཐོན་རེས་བྱེད་པའི་བརྒྱུད་རིམ་དང་། ལམ་སྲོལ། ཚད་གཞི་བཅས་ལ་ཞིབ་དཔྱད་བྱེད་པ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 环境气候学 ཕྱི་ཡིག་གི་མིང་། environment climatology གསལ་བཤད། གནམ་གཤིས་རིག་པ་དང་ཁོར་ཡུག་རིག་པའི་མཐའ་མཚམས་རིག་ཚན། ཞིབ་འཇུག་ཁ་ཕྱོགས། གནམ་གཤིས་དང་རང་བྱུང་ཁོར་ཡུག

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གནམ་གཤིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན།

གནམ་གཤིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་གནམ་གཤིས་ཐོན་ཁུངས་གྲུབ་པའི་གཞི་རྩའི་ཁྱད་ཆོས་དང་གནས་ཚུལ་གྱི་ཞུགས་ཚད་ཡིན་ཞིང་། དེ་ནི་རང་བྱུང་ཁམས་ཀྱི་འོད་དང་། ཚ་བ། ཆུ། རླུང་། རླུང་ཁམས་ཆེན་མོའི་གྲུབ་ཆ་སོགས་ལ་ཟེར། གནམ་གཤིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་གིས་གནམ་གཤིས་ཐོན་ཁུངས་ཀྱི་ཚོགས་སྤྱི་གྲུབ་པ་དང་། དེས་ས་ཁུལ་ཞིག་གི་གནམ་གཤིས་ཐོན་ཁུངས་ཐོན་སྐྱེད་ཀྱི་མི་མངོན་པའི་ནུས་ཤུགས་ཐག་གཅོད་བྱས་ཡོད། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

ཉེར་སྤྱོད་གནམ་གཤིས་རིག་པ།

དེ་ནི་གནམ་གཤིས་རིག་པའི་རྩ་བའི་རིགས་པ་བེད་སྤྱད་ནས་མིའི་རིགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཉེར་སྤྱོད་རིག་ཚན་ཞིག་ཡིན་ལ། ལས་འགན་གཙོ་བོ་ནི་ཆེད་ལས་སྡེ་ཁག་སོ་སོས་གནམ་གཤིས་ཐད་བཏོན་པའི་དམིགས་བསལ་གྱི་བླང་བྱ་ལྟར་བཟོ་སྐྲུན་ཇུས་འགོད་དང་ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་དུ་དེས་ཆེས་ལུགས་མཐུན་གྱི་སྒོ་ནས་གནམ་གཤིས་ཐོན་ཁུངས་བེད་སྤྱོད་བྱས་ཏེ། ཕན་ནུས་ཆེས་ཆེ་བའི་སྒོ་ནས་གནམ་གཤིས་ཀྱི་གནོད་འཚེ་འགོག་ཏུ་འཇུག་པ་དེ་ཡིན། རྒྱ་ཡིག་གི་མིང་། 应用气候学 ཕྱི་ཡིག་གི་མིང་། Climate Application ལས་འགན་གཙོ་བོ། དཔེར་ན་ཞིང་ལས་སྡེ་ཁག་གིས་འོད་དང་། ཚ་བ། ཆུ་བཅས་ལ་སེམས་ཁུར་བྱེད་པ་དང་། ཨར་ལས་སྡེ་ཚན་གྱིས་རླུང་གནོན་དང་། གངས་གནོན།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

གནམ་གཤིས་འཕོ་འགྱུར།

དེ་ནི་རྒྱུན་ལྡན་གྱི་གནམ་གཤིས་བརྒྱུད་རིམ་ཞིག་ནས་རྒྱུན་ལྡན་གྱི་གནམ་གཤིས་བརྒྱུད་རིམ་གཞན་ཞིག་ཏུ་འགྱུར་བར་ཟེར་ཞིང་། འགྱུར་ལྡོག་མ་བྱུང་གོང་ལ་གནམ་གཤིས་ཀྱི་གྲུབ་ཚུལ་བརྟན་པོ་ཡོད་པ་དང་། འགྱུར་ལྡོག་བྱུང་རྗེས་འགྱུར་ལྡོག་མ་བྱུང་གོང་དང་མི་འདྲ་ཡང་སྔར་བཞིན་གནམ་གཤིས་ཀྱི་གྲུབ་ཚུལ་བརྟན་པོ་ཡོད་པས་སྔར་ཡོད་ཀྱི་གནམ་གཤིས་བརྟན་པོའི་གྲུབ་ཚུལ་ཁྲོད་བསྐྱར་གསོ་བྱེད་མི་ཐུབ། དེའི་ནང་གི་བརྒྱུད་རིམ་ནི་གློ་བུར་དུ་འགྱུར་ཆོག་མོད། འོན་ཀྱང་དེ་བས་ཀྱང་རྒྱུན་དུ་མཐོང་བ་ནི་དུས་ཡུན་ཅུང་རིང་བོའི་འགྱུར་ལྡོག་བརྒྱུད་དགོས་པ་དེ་རེད། རྒྱ་ཡིག་གི་མིང་། 气候变迁 ཕྱི་ཡིག་གི་མིང་། Climate Change ཁྱད་ཆོས། གནམ་གཤིས་འགྱུར་ལྡོག སྔོན་འགྲོ། གནམ་གཤིས་ཀྱི་གྲུབ་ཚུལ་བརྟན་པོ་ཡོད།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དཔྱིད་ཆར།

དགུན་དཔྱིད་ཀྱི་མཚམས་སུ་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ། བྱང་རྒྱུད་ཀྱི་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བའི་མཁའ་རླུང་གི་ཤུགས་རྐྱེན་འོག ལྷོ་ཕྱོགས་ཀྱི་དྲོད་འཇམ་རླངས་རྒྱུན་བྱང་དུ་སླེབས་ཐབས་བྲལ་བ་དང་། དེར་བརྟེན་གནམ་གཤིས་སྐམ་ཤས་ཆེ་ལ་ཆར་ཚད་ཧ་ཅང་ཉུང་བ་ཡིན། ངོ་སྤྲོད། དགུན་དཔྱིད་ཀྱི་མཚམས་སུ་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ། བྱང་རྒྱུད་ཀྱི་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བའི་མཁའ་རླུང་གི་ཤུགས་རྐྱེན་འོག  ལྷོ་ཕྱོགས་ཀྱི་དྲོད་འཇམ་རླངས་རྒྱུན་བྱང་དུ་སླེབས་ཐབས་བྲལ་བ་དང་།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

མཐོ་སྒང་གི་ནམ་ཟླ།

མཐོ་སྒང་གི་ནམ་ཟླ་ནི་མཐོ་སྒང་གི་ཆ་རྐྱེན་འོག་གྲུབ་པའི་ནམ་ཟླ་རིགས་ཤིག་ཡིན་ལ། གོ་ལ་ཧྲིལ་བོའི་འཕྲེད་ཐིག་བར་མ་དང་འཕྲེད་ཐིག་དམའ་མོའི་ས་ཁུལ་གྱི་མིང་དུ་གྲགས་པའི་མཐོ་སྒང་ལ་མདོ་དབུས་མཐོ་སྒང་དང་། ཡུན་ཀུའེ་མཐོ་སྒང་། ནང་སོག་མཐོ་སྒང་། ས་སེར་མཐོ་སྒང་། ཨ་མེ་རི་ཁའི་ནུབ་རྒྱུད་ཀྱི་མཐོ་སྒང་། མེ་གླིང་ལྷོ་མའི་པོ་ལི་ཝེ་ཡ་མཐོ་སྒང་། ཨ་ཧྥེ་རི་ཁ་ལྷོ་མའི་མཐོ་སྒང་སོགས་ཡོད་ཅིང་། དེ་དག་གི་ས་བབ་གནས་སྟངས་དང་རྒྱ་མཚོ་དང་སྐམ་སའི་ཁོར་ཡུག

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ།

དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་ནི་དྲོད་རྒྱུད་སྐམ་སའི་དབུས་ཁུལ་གྱི་བྱེ་ཐང་ས་ཁུལ་གྱི་ནམ་ཟླ་ལ་ཟེར་བ་ཡིན་ཞིང་། དེ་རུ་ཐན་པ་ཧ་ཅང་ཆེ་བ་དང་ཆར་ཆུའི་འབབ་ཚད་ཤིན་ཏུ་ཉུང་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཡིན་པ་དང་། ས་ཆར་ལ་ལར་ལོ་མང་བོའི་རིང་ལ་ཆར་ཐིག་གཅིག་ཀྱང་མི་འབབ་པའང་ཡོད། ཡང་དབྱར་དུས་སུ་ཚ་བ་ཧ་ཅང་ཆེ་བར་མ་ཟད། ཉིན་དཀར་གྱི་ཆེས་མཐོ་བའི་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ལྔ་བཅུའམ་ལྔ་བཅུའི(50℃)ཡན་ལ་སོན་པའང་ཡོད། གཞན་དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བར་མ་ཟད།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་བཞའ་ཚན་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ནི་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེའི་ས་ཁུལ་གྱི་སྐམ་ས་ཆེན་པོའི་རླུང་ཚོམ་གཉིས་རེས་མོས་སུ་ཚོད་འཛིན་དང་ཕན་ཚུན་རེས་མོས་འགྲན་རྩོད་བྱེད་པའི་ས་རྒྱུད་ལ་གོ །དེའི་ཟླ་དང་པོའི་ཆ་སྙོམས་ཀྱི་དྲོད་གྲང་ཡོངས་ཁྱབ་ཏུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཆད་དང་། ཟླ་བདུན་པའི་ཆ་སྙོམས་ཀྱི་དྲོད་གྲང་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔའི(25℃)གཡས་གཡོན་ཡིན། ས་ཁུལ་གཞན་པའི་ཆར་ཆུ་འབབ་ཚད་དང་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་ཅན་གྱི་ཆར་ཆུ་འབབ་ཚད་གཉིས་བསྡུར་ན་ཅུང་སྙོམས་པ་ཡིན་ལ། དེར་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ཟེར།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།

རི་རྒྱུད་ཀྱི་ནམ་ཟླ།

རི་རྒྱུད་གྱི་ནམ་ཟླ་ནི་འཕྲེད་ཐིག་དབུས་མ་ས་ཁུལ་གྱི་མཐོ་སྒང་ས་ཁུལ་དུ་ཡོད་པ་ནི། དཔེར་ན། མདོ་དབུས་མཐོ་སྒང་དང་ཨན་ཏི་སི་རི་རྒྱུད་སོགས་ཀྱི་ས་ཁུལ་ལྟ་བུ་ཡིན་ལ། དེ་རུ་མཚོ་འཕགས་ཅུང་མཐོ་བ་དང་ལོ་ཧྲིལ་བོར་དྲོད་ཚད་ཅུང་དམའ་བ་དེ་ཡིས། མཐོ་སྒང་རི་རྒྱུད་གྱི་ནམ་ཟླ་གྲུབ་པ་ཡིན་ཞིང་། ས་ངོས་ཀྱི་འབུར་གཤོང་ཤིན་ཏུ་ཆེ་བ་དང་རི་རྩེ་དང་གྲོག་རོང་ཕན་ཚུན་འབྲེལ་བའི་རི་རྒྱུད་དུ་བྱེ་བྲག་ས་ཁུལ་གྱི་ནམ་ཟླ་བྱུང་བ་ཡིན། ཡང་རི་རྒྱུད་གྱི་ནམ་ཟླའི་དྲོད་གྲང་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ནི། དཔེར་ན་ཚ་རྒྱུད་མཐོ་སྒང་ལྟ་བུ་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རང་བྱུང་སྣང་ཚུལ།