མཚམས་སྤྲིན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མཚམས་སྤྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་སྣང་ཚུལ། )

མཚམས་སྤྲིན།
ཞོགས་པའི་མཚམས་སྤྲིན་ཟེར་བ་ནི་ཞོགས་པར་གནམ་ས་འབྲེལ་མཚམས་ནས་ཉི་མ་མ་ཤར་བ་དང་། མུན་ནག་ཡལ་ནས་ནམ་ལངས་ཟིན་པའི་སྐབས་ཀྱི་འོད་མདོག་ལ་ཟེར་ཞིང་། དེ་ཡང་ང་ཚོས་རྒྱུན་དུ་བཤད་པའི་སྐྱ་རེངས་ཞེས་པ་དེ་ཡིན།
1 ངོ་སྤྲོད།

ཞོགས་པའི་མཚམས་སྤྲིན་ཟེར་བ་ནི་ཞོགས་པར་གནམ་ས་འབྲེལ་མཚམས་ནས་ཉི་མ་མ་ཤར་བ་དང་། མུན་ནག་ཡལ་ནས་ནམ་ལངས་ཟིན་པའི་སྐབས་ཀྱི་འོད་མདོག་ལ་ཟེར་ཞིང་། དེ་ཡང་ང་ཚོས་རྒྱུན་དུ་བཤད་པའི་སྐྱ་རེངས་ཞེས་པ་དེ་ཡིན། ཞོགས་པའི་མཚམས་སྤྲིན་གྱི་ལྟོས་བཅས་ནི་དགོང་དྲོའི་མཚམས་སྤྲིན་ཡིན་ལ། དེ་ནི་མིང་ལ་བལྟས་ན་དོན་ཤེས་པ་ཞིག་ཡིན། དེ་ནི་དགོང་དྲོའི་དུས་སུ་ཐོན་གྱི་ཡོད་པས་སྐབས་དེར་ཉི་མ་ནུབ་ཏུ་བཞུད་ཟིན་མ་ཐག་ཡིན་པ་དང་། ནམ་མཁར་སྔར་བཞིན་ཉི་མའི་འོད་ལྷག་མ་ཡོད་པས་ང་ཚོས་དེ་ལ་དགོང་དྲོའི་མཚམས་སྤྲིན་ཞེས་བརྗོད། དེ་ཡང་རྒྱུན་དུ་ང་ཚོས་བཤད་པའི་སྨུག་མདངས་ཡིན། ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན་ནི་སྐྱ་རེངས་དང་ས་སྲོས་སྐབས་ཀྱི་ཡིད་དབང་འཕྲོག་པའི་འོད་ཀྱི་སྣང་ཚུལ་ཞིག་ཡིན། གལ་ཏེ་ནམ་མཁར་སྤྲིན་ཡོད་ཚེ་མཛེས་སྡུག་ལྡན་པའི་ཚོས་མདོག་དགོས་པ་དང་། ང་ཚོས་དེ་ལ་འཇའ་སྤྲིན་ཞེས་བརྗོད། སྐྱ་རེངས་དང་ས་སྲོས་ཀྱི་དུས་ལ་ནམ་མཁར་ཐོན་པའི་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་ལྗོངས་དེ་ནི་སྙན་ངག་མཁན་གྱི་སྙན་ཚིག་འབྲི་སའི་ཁྱམས་རིང་ཞིག་དང་རི་མོ་མཁན་གྱི་རི་མོ་འབྲི་སའི་རི་ཀླུང་ཞིག་ཡིན།

2 ཁྱད་ཆོས།

གནམ་གཤིས་རིག་པའི་ཐད་ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན་གྱི་ཁ་དོག་དང་གནས་ཡུལ་ནི་གནམ་ས་འབྲེལ་མཚམས་འོག་གི་ཉི་མའི་ཟུར་ཚད་དང་། མཁའ་རླུང་ནང་གི་ཆུ་རླངས། རྡུལ་ཕྲན་གྱི་འདྲེས་ཚད། གཞི་རྡུལ་ཆེ་ཆུང་། སྤྲིན་གྱི་འབོར་ཚད་དང་སྤྲིན་དབྱིབས་སོགས་ཀྱི་གནས་ཚུལ་འགྱུར་ལྡོག་འགྲོ་བར་གཞིགས་ནས་འགྱུར་ལྡོག་འགྲོ་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཞོགས་པ་དང་དགོང་དྲོའི་མཚམས་སྤྲིན་གྱིས་མཚོན་པའི་གནམ་གཤིས་གནས་ཚུལ་ཡང་མི་འདྲ། གནམ་རིག་ལྟ་དཔྱད་ཚད་འཇལ་བྱ་རྒྱུའི་ཐད་དེ་ནི་གལ་ཆེའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། ཞོགས་པའི་མཚམས་སྤྲིན་ཐོན་སྐབས་ནུབ་ཕྱོགས་དང་ས་ཆ་དེ་གའི་མཁའ་དབྱིངས་ཀྱི་ཆགས་རིམ་དམའ་མོའི་རླུང་ཁམས་ཆེན་པོའི་ཆུ་རླངས་དང་། ཐལ་རྡུལ་འཕར་སྣོན་ཡོང་གི་ཡོད། གལ་ཏེ་ནམ་མཁར་སྤྲིན་འཁྲིགས་ན་གནམ་གཤིས་ངན་པ་བསྟན་རྒྱུའི་རྟགས་མཚན་ཡིན། དགོང་དྲོའི་མཚམས་སྤྲིན་ཐོན་སྐབས་ནུབ་ཕྱོགས་སྤྲིན་གྱི་ཆགས་རིམ་ཡལ་བ་དང་། མ་གཞི་ས་ཆ་དེ་དག་དང་ཤར་ཕྱོགས་ཀྱི་བང་རིམ་དམའ་མོའི་རླུང་ཁམས་ཆེན་པོའི་ནང་གི་ཆུ་རླངས་དང་། ཐལ་རྡུལ་མང་པོ་ཡོད་མོད། འོན་ཀྱང་མ་འོངས་ཀྱི་འཕེལ་ཕྱོགས་དེ་མུ་མཐུད་ཤར་ཕྱོགས་སུ་སྤོ་བས་ས་ཆ་དེ་གར་ཤུགས་རྐྱེན་ཐེབས་མི་སྲིད་པས་གནམ་གཤིས་དྭངས་རྒྱུའི་འཕེལ་ཕྱོགས་ཡིན། དེ་མིན་ཞོགས་པ་དང་དགོང་དྲོའི་མཚམས་སྤྲིན་ཐོན་རྗེས་གནམ་དྭངས་རྒྱུ་ཡིན་པ་དང་ཆར་བ་འབབ་རྒྱུ་ཡིན་མིན་གནད་ལ་འཁེལ་བའི་སྒོ་ནས་སྔོན་དཔག་བྱེད་དགོས་ན་ད་དུང་གལ་ཆེ་ཤོས་ཞིག་ལ་མཚམས་སྤྲིན་གྱི་ཁ་དོག་ལ་བལྟ་དགོས། ཁ་དོག་སྐམ་ཤས་ཅན་གྱི་དམར་པོ་ཡིན་ན་ནམ་མཁའ་དྭངས་རྒྱུ་དང་། ཁ་དོག་ཁམ་མདོག་ཅན་གྱི་དམར་པོ་དང་དམར་ནག་ཡིན་ན་ཆར་བ་འབབ་རྒྱུའི་རྟགས་མཚན་ཡིན། དགོང་དྲོའི་མཚམས་སྤྲིན་སྐམ་ཤས་ཅན་གྱི་དམར་པོ་ཡིན་ན་ཡུན་རིང་ཐན་པ་འབྱུང་རྒྱུའི་སྔ་ལྟས་ཡིན།

མཚམས་སྤྲིན་གྱིས་ཁེངས་པའི་སྐབས་སུ་གནམ་དྭངས་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ནམ་མཁར་སྤྲིན་མེད་པའམ་སྤྲིན་པ་ཉུང་ཉུང་འཁོར་སྐབས་རླུང་ཁམས་ཆེན་པོའི་འདུས་རྡུལ་ཉི་འོད་ཀྱིས་ཐོར་འཕྲོ་བྱེད་པས་སྒྲིབ་བྲལ་གསལ་ཤུགས་ཆེ་ཤོས་ཡིན་པའི་འོད་དམར་པོས་ནམ་མཁའ་ཁྱབ་པས་དེར་བརྟེན་གནམ་གཤིས་ཡག་པོ་འབྱུང་རྒྱུ་ཡིན། དེ་ལས་ལྡོག་ན་ནམ་མཁར་སྤྲིན་པ་ཡོད་པ་མཚོན་པ་དང་། སྤྲིན་པའི་ཆགས་རིམ་གྱིས་མཚམས་སྤྲིན་འོད་མདངས་ཆ་ཤས་ཙམ་ལས་ལྡོག་འཕྲོ་བྱེད་མི་ཐུབ་པས་དེར་བརྟེན་ཆར་བ་འབབ་རྒྱུའི་ཉེན་ཁ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།