སེར་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སེར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་ཁམས། )

སེར་བ།
སེར་ལྡན་སྤྲིན་གྱི་ནང་དུ་འཁྱག་སིལ་དང་ཆུ་ཐིགས་མང་བོ་ཡོད་ཅིང་། དེ་འགུལ་སྐྱོད་ཀྱི་བརྒྱུད་རིམ་ནང་དུ་འཁྱག་པར་གྱུར་ནས་གངས་རིལ་ཆགས་པ་དེ་ནི་སེར་བའི་སྦྲུམ་རྟེན་ཡིན་ལ། སེར་བའི་སྦྲུམ་རྟེན་སྤྲིན་གྱི་ནང་གི་མཐོ་རྒྱུག་རླུང་རྒྱུན་དང་མར་འབབ་རླུང་རྒྱུན་ལ་མཉམ་པར་གོང་འོག་འགུལ་སྐྱོད་བྱ་བ་ཡིན།
1 ངོ་སྤྲོད།

སེར་ལྡན་སྤྲིན་གྱི་ནང་དུ་འཁྱག་སིལ་དང་ཆུ་ཐིགས་མང་བོ་ཡོད་ཅིང་། དེ་འགུལ་སྐྱོད་ཀྱི་བརྒྱུད་རིམ་ནང་དུ་འཁྱག་པར་གྱུར་ནས་གངས་རིལ་ཆགས་པ་དེ་ནི་སེར་བའི་སྦྲུམ་རྟེན་ཡིན་ལ། སེར་བའི་སྦྲུམ་རྟེན་སྤྲིན་གྱི་ནང་གི་མཐོ་རྒྱུག་རླུང་རྒྱུན་དང་མར་འབབ་རླུང་རྒྱུན་ལ་མཉམ་པར་གོང་འོག་འགུལ་སྐྱོད་བྱ་བ་ཡིན། དེ་ཡང་དྲོད་ཚད་ཅུང་མཐོ་བའི་ས་ཁོངས་སུ་སླེབས་དུས། སྤྲིན་གྱི་ནང་གི་ཆུ་ཐིགས་དེ་རྣམས་ཀྱི་སེར་བའི་སྦྲུམ་རྟེན་གྱི་མཐའ་འཁོར་དུ་ཆུ་སྐྱིལ་ཆགས་པ་དང་། མཐོ་རྒྱུག་རླུང་རྒྱུན་དང་འཕྲད་དུས་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར་ལས་དམའ་བའི་ས་ཁུལ་དུ་ཁྱེར་བ་ཡིན་ལ། ཆུ་སྐྱིལ་ཆགས་པར་གྱུར་ནས་ཕྱི་གསལ་ནང་གསལ་གྱི་འཁྱག་ཤུན་ཞིག་ཏུ་འགྱུར་བ་ཡིན། གལ་ཏེ་མཐོ་སར་ཁྱེར་བའི་ཁ་བའི་འདབ་མ་དང་འཁྱག་སིལ་མང་བོ་ཕན་ཚུན་འབྱར་སྲིད་པ་ཡིན་ན། སྤྲིན་གྱི་ནང་དུ་དྲོད་ཚད་ཧ་ཅང་དམའ་བ་ཡོད་སྟབས། ཁ་བའི་འདབ་མ་དང་འཁྱག་སིལ་རྣམས་ལམ་སེང་འཁྱག་པར་འགྱུར་བ་དང་། དེའི་ནང་དུ་མཁའ་རླུང་མང་བོ་ཚུད་ཡོད་པ་ལས་དྭངས་གསལ་མིན་པའི་འཁྱག་ཤུན་ཆགས་པ་ཡིན། གཞན་སེར་བའི་སྦྲུམ་རྟེན་དེས་ཡང་ནས་ཡང་དུ་གོང་འོག་འགུལ་སྐྱོད་བྱས་པར་བརྟེན། རིམ་པ་གཅིག་གིས་རིམ་པ་གཞན་ཞིག་བཏུམས་པའི་དྭངས་མ་དང་ཕྱི་གསལ་ནང་གསལ་མིན་པའི་འཁྱག་ཤུན་ཆགས་ཤིང་། བོངས་ཚད་རིམ་བཞིན་ཆེ་རུ་ཕྱིན་ནས། སྤྲིན་གྱི་ནང་གི་མཐོ་རྒྱུག་རླུང་རྒྱུན་གྱིས་མ་ཐེག་པའི་སྐབས་སུ་གནམ་ནས་ཟགས་ཏེ་ས་རུ་ལྷུང་བ་དེ་ལ་སེར་བ་ཟེར།

2 ཁྱད་ཆོས།

སེར་ལྡན་སྤྲིན་གྱི་མཐིལ་ནི་ནག་པོར་འགྱུར་ཞིང་། སྤྲིན་གྱི་རྩེ་མོ་ནི་དཀར་པོ་ཡིན། ཡང་སྤྲིན་གྱི་གསེབ་ནས་དམར་མདངས་རྒྱས་པ་དང་། སྤྲིན་གྱི་མཐའ་ནས་ས་མདོག་བཅས་མངོན་པ་ཡིན་ལ། སྤྲིན་ཚོམ་ལང་ལོང་འཕྱུར་བ་དང་མྱུར་ཚད་མགྱོགས་པོས་གནམ་གྱི་མཐའ་ནས་བཀབ་འོང་བ་རེད། གཞན་སེར་ལྡན་སྤྲིན་གྱི་ཁྲོད་ཀྱི་གློག་འཁྱུག་པ་དང་ཐོག་རྒྱག་པ་དེ་ནི་ཧ་ལམ་དམིགས་བསལ་ཅན་ཞིག་ཡིན་ལ། སྤྲིན་གྱི་ནང་གི་གངས་རིལ་དང་སེར་བ་གཉིས་ལང་ལོང་འཕྱུར་བའི་བརྒྱུད་རིམ་ནང་། མཁའ་རླུང་དང་དབུར་རྡར་བྱས་པའི་རྐྱེན་གྱིས་གློག་འཁྱུག་པ་དང་ཐོག་རྒྱག་པའི་སྒྲ་དེ་རང་འཐག་བསྐོར་བའི་སྒྲ་དང་འདྲ་བ་ཡིན་ཞིང་། སྒྲ་ཡང་ཧ་ཅང་རིང་བོ་ཡིན།

སེར་ལྡན་སྤྲིན་གྱི་ནང་གནས་མི་འདྲ་བའི་བར་ལ་གློག་འཁྱུག་པ་ཡིན་པས། འཕྲེད་རྒྱུག་གི་གློག་འཁྱུག་པའི་གནས་ཚུལ་ཧ་ཅང་མང་བ་ཡིན་ལ། དེར་བརྟེན་ལང་ལོང་དུ་འཕྱུར་བའི་སྤྲིན་དང་དལ་བུར་ལྡིར་བའི་འབྲུག་སྒྲ་སོགས་གོ་དུས་སེར་ལྡན་སྤྲིན་ཡིན་པ་ཤེས་ཐུབ་པ་དང་། དེ་ནི་སེར་ལྡན་སྤྲིན་ངོས་འཛིན་གྱི་ཐབས་ཤེས་ཆེས་ཡག་ཤོས་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-28

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།