གླང་ཆེན་འགྱིང་རིའི་འོད་ཀྱི་ཐིག་ལེ།

ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རི་ཡི་ཡུལ་ལྗོངས་ཀྱི་བཀོད་པ་མཛེས་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ། ༼སངས་རྒྱས་ཀྱི་འོད་ཟེར༽གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད།

རིགས་དབྱེ།  

ཁ་དོག་སྣ་ལྔའི་མཚེའུ།

ཁ་དོག་སྣ་ལྔའི་མཚེའུ་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་གྱི་ལེ་བར་སྟོང་གིས་ཆོད་པའི་རྨིན་ཧྲན་རི་བོའི་རྒྱུད་དུ་ཡོད་ཅིང་། མཚེའུ་དེ་ལ༼སྣ་འཛོམས་མཚོ༽ཞེས་མིང་སྙན་པོ་ཞིག་ཀྱང་བདོག

རིགས་དབྱེ།  

ཀེ་ལིན་གྱི་རི་ཆུ།

གནའ་ནས་ད་ལྟའི་བར་དུ་ཀེ་ལིན་གྱི་རི་ཆུ་ལ༼ཀེ་ལིན་ས་ཆའིརི་ཆུ་ལ༎གནམ་འོག་འདི་ན་འགྲན་ཟླ་བྲལ༎༽ཞེས་པའི་མཚན་སྙན་ཡང་ལྡན་པ་རེད། ཀེ་ལིན་གྱི་རི་ཆུ་ནི་ཀྲུང་གོ་ལས་གཞན་འཛམ་གླིང་དུ་ཡང་སྙན་གྲགས་ཆེ་བའི་མཛེས་ལྗོངས་ཡིན།

རིགས་དབྱེ།  

ཧོང་ཧྲན་རི་བོའི་སྤྲིན་གྱི་རྒྱ་མཚོ།

འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་གི་གྲས་སུ་ཐེ་བའི་ཧོང་ཧྲན་རི་བོ་ལ་ངོ་མཚར་རྨད་བྱུང་གི་ཁྱད་ཆོས་ལྔ་དང་ལྡན་པ་སྟེ། དེ་དག་ནི་ངོ་མཚར་བའི་ཐང་ཤིང་དང་། ཁྱད་མཚར་བའི་བྲག་རི། སྤྲིན་གྱི་རྒྱ་མཚོ། ཆུ་ཚན། དགུན་གྱི་ཁ་བ་བཅས་ཡིན།

རིགས་དབྱེ།  

འབྲི་ཆུའི་འགག་གསུམ།

འབྲི་ཆུའི་འགག་གསུམ་ནི་ཀྲུང་གོའི་མིང་གྲགས་ཆེ་བའི་མཛེས་ལྗོངས་བཅུའི་ནང་གི་གཅིག་དང་། ཀྲུང་གོའི་རང་བྱུང་གི་ངོ་མཚར་ཡུལ་ལྗོངས་ཆེན་པོ་བཞི་ཡི་ནང་གི་གཅིག་ཀྱང་ཡིན་ཏེ། དེ་ནི་ཆིས་ཐང་འགག་དང་བི་འགག ཞི་ལིན་འགག་གསུམ་གྱིས་གྲུབ་ཅིང་། ནུབ་ཏུ་གྲོང་ཁྱེར་ཁྲུང་ཆིན་གྱི་པེ་ཏེ་མཁར་ནས། ཤར་དུ་ཧོ་པེ་ཞིང་ཆེན་གྱི་ནན་ཅིན་ཀོན་བར་དུ་བརྐྱངས་བས་གཞན་གྱི་དོ་ཟླ་བྲལ་བའི་འགག་འཕྲང་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

གོར་མའི་ནགས་ཚལ།

གོར་མའི་ནགས་ཚལ་ནི། ཡུན་ནན་ཞིང་ཆེན་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་དུ་མཆིས་ཤིང་། འཛམ་གླིང་སྟེང་གི་ཆེས་དཔེ་མཚོན་འོས་པའི་ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་གྱི་མཛེས་ལྗོངས་ཤིག་སྟེ། མིག་སྔའི་བར་ཚ་ཁུལ་ཕལ་བའི་མཐོ་སྒང་ས་ཁུལ་གྱི་གོར་མའི་ནགས་ཚལ་གཅིག་པུ་ཡིན་པ་མ་ཟད། ཀྲུང་གོའི་མིང་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གནས་མཆོག་ཅིག་ཀྱང་ཡིན།

རིགས་དབྱེ།  

ཇོ་མོ་གླང་མ།

གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཤིང་། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད་8844.43ཡོད་པ་དང་། འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་བོ་ཡིན།

རིགས་དབྱེ།  

ཞི་ཧྲོང་པན་ན།

ཞི་ཧྲོང་པན་ན་ནི་ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་། ༼ཞི་ཧྲོང་པན་ན༽ཞེས་པ་ནི༼ཞིང་ས་སྟོང་བཅུ་གཉིས༽ཞེས་པའི་དོན་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ1202.13ཡོད།

རིགས་དབྱེ།  

རྨ་ཆུའི་ཝི་ཁུག་རྦབ་ཆུ།

ཧྲན་ཞི་ཞིང་ཆེན་གྱི་ཅི་རྫོང་གི་ནུབ་ལྷོའི་སྟོང་རྨིས25ཆོད་པའི་སར། ཀྲུང་གོའི་རྦབ་ཆུ་ཆེན་པོ་གཉིས་པར་གྲགས་པའི་རྨ་ཆུའི་ཝི་ཁུག་རྦབ་ཆུ་ཡོད། bbb

རིགས་དབྱེ།  

དུང་དཀར་ལུང་བ།

ཀྲུང་གོའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྕགས་ཟམ་ཁ་རྫོང་གི་ཁོངས་སུ། གནས་སྐོར་བ་དག་ལ་ཆ་རྒྱུས་དེ་འདྲ་མེད་པའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཞིག་ཡོད། དེ་ནི་ཁམས་ཕྱོགས་སུ་ལྗོངས་རྒྱུ་བྱེད་སའི་གནས་མཆོག་དང་། འཛམ་གླིང་གི་ས་བབ་དམའ་བའི་འཁྱགས་ཀླུང་གཅིག་པུ་ཡིན་ཏེ། ངོ་མཚར་བའི་གནས་འདི་ལ༼དུང་དཀར་ལུང་བ༽ཞེས་འབོད།

རིགས་དབྱེ།  

བི་ལིན་ཡོན།

ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ༼རི་ཆུའི་སྒྱུ་རྩལ་གྱི་བར་ཁྱམས་རིང་བོར༽གྲགས་པའི་གནས་ཤིག་ཡོད་དེ། དེ་ནི་མིང་གྲགས་ཆེ་བའི་བི་ལིན་ཡོན་མཛེས་ལྗོངས་ཁུལ་ཡིན།

རིགས་དབྱེ།  

ཧོང་གོ་ཧྲོ་རྦབ་ཆུ།

ཧོང་གོ་ཧྲོ་རྦབ་ཆུ་ནི་ཀོས་ཀྲིག་ཞིང་ཆེན་གྱི་གྲོང་ཁྱེར་ཨེན་ཧྲོང་གི་ཁོངས་སུ་ཡོད་པ་དང་། རྦབ་ཆུའི་མཐོ་ཚད་ལ་རྨིད74 དང་། ཞེང་ལ་རྨིས81ཡོད། རྦབ་ཆུ་གཙོ་བོ་ཡི་ཉེ་འཁོར་དུ་རྦབ་ཆུ་ཆེ་ཆུང18ཡོད།

རིགས་དབྱེ།  

བི་ལིན་ཡོན།

བི་ལིན་ཡོན་མཛེས་ལྗོངས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སོ་ཞིས་ཡུས་རང་བྱུང་སྲུང་སྐྱོབ་ཁུལ། ཐན་ཙི་ཧྲིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ500དང་། རི་ཚོགས་གཡང་གཟར་ཆེ་བ་དང་། ཆུ་རྒྱུན་དྭངས་ཤིང་རིང་བ། ལུང་གྲོག་ཀྱག་ཀྱོག་ཆེ་ལ་ཁུ་སིམ་པ། ཕུག་པ་མཛེས་པ་སོགས་མུ་གཅིག་ཏུ་འབྲེལ་ནས་ཡོད།

རིགས་དབྱེ།  

གླང་རྒོད་བྲག་ཕུག

གླང་རྒོད་བྲག་ཕུག་ནི་འཛམ་གླིང་ན་ཕུག་ཚད་ཆེས་རིང་བའི་བྲག་ཕུག་སྟེ། ལོ་ངོ200(སྤྱི་ལོ2006ལོའི་བར)རིང་ལ་ཉེན་བརྟག་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་འཚོལ་ཞིབ་ལས་གཏོས་ཆེ་ཞིང་བྲག་ཕུག་གཞན་གྱི་དོ་ཟླ་མ་ཡིན་པའི་བྲག་ཕུག་གི་རྒྱལ་པོ་ལྟ་བུ་འདིའི་ཆ་ཤས་ཤིག་གི་རིང་ཚད་ལ་སྟོང་སྨི240ལྷག་ཡོད་པ་ཤེས་རྟོགས་བྱུང་ཡང་། དོན་གྱི་རིང་ཚད་དངོས་དེ་ག་འདྲ་ཡིན་པ་སུ་ཡིས་ཀྱང་མ་ཤེས་སྟབས། ད་ཕན་བར་ལན་ཡང་དག་ཅིག་བཀོད་མེད།

རིགས་དབྱེ།  

ཧྥེ་གླིང་ཤར་མའི་བྲག་རོང་ཆེན་མོ།

གནམ་གྲུ་ཧྥེ་གླིང་ཤར་མའི་སྐམ་སའི་ཐིག་དམར་སྟེང་འཕུར་བསྐྱོད་བྱེད་དུས། གནམ་གྲུའི་སྒེའུ་ཁུང་ལས་མར་བལྟས་ན་ས་ངོས་སུ་ཧ་ཅང་ཆེ་བའི་གྲི་ཤུལ་ལྟ་བུའི་ས་དབྱིབས་ཤིག་མཐོང་ལམ་དུ་མངོན་ཡོང་། དེ་ནི་ཡོངས་གྲགས་སུ་སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་རྨ་ཤུལ་ཏེ། ཧྥེ་གླིང་ཤར་མའི་བྲག་རོང་ཆེན་མོ་རེད།

རིགས་དབྱེ།  

ཆུ་མིག་དྲང་གཞག

ཨ་མེ་རི་ཁའི་ཧོང་ཧྲི་སྤྱི་གླིང་གི་ཆུ་མིག་དྲང་གཞག་ནི་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། ཆུ་མིག་དེར་དུས་ཚོད་ཀྱི་འདུ་ཤེས་ཡོད་པས་ཉིན་རྒྱུན་དུས་བཅད་ལྟར་ཆུ་འཕྱུར་ཞིང་། འཕྱུར་ཐེངས་རེར་དུས་ཡུན་སྐར་མ་བཅུ་ལྷག་ཡིན། ཧ་ཅང་ཆེ་བའི་ཆུའི་ཟེགས་མ་དྲང་ཐད་དུ་མཁའ་རུ་འཕྱུར་དུས་ཚ་བའི་རླངས་པ་འཐིབས་ཤིང་། ཆུ་ཚན་གྱི་ཟེགས་མ་ཕྱོགས་བཞིར་འཐོར་བས་མི་ལ་ཧ་ལས་སུ་འཇུག

རིགས་དབྱེ།  

ས་ཧ་ར་བྱེ་ཐང་ཆེན་པོ།

ཧྥེ་གླིང་བྱང་ཕྱོགས་སུ་ས་རྒྱ་ཤིན་ཏུ་ཆེ་བའི་མྱ་ངན་ཐང་ཞིག་ཡོད། དེ་ཡི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི900ལྷག་ཡོད་པ་དང་། ཨ་མེ་རི་ཁའི་སའི་རྒྱ་ཁྱོན་དང་འདྲ་ལ། དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྱེ་ཐང་སྟེ། ས་ཧ་ར་བྱེ་ཐང་ཆེན་པོ་ཡིན།

རིགས་དབྱེ།  

ཁུ་ལོ་ལ་ཏུའོ་གྲོག་རོང་ཆེན་མོ།

ཁུ་ལོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་མངའ་སྡེ་ཡཱ་ལེ་སང་ནའི་ནུབ་བྱང་གི་ཁད་པཱ་པི་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨི446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་མོའི་གྲས་ཀྱི་གཅིག་ཡིན།

རིགས་དབྱེ།  

ཡ་མ་སུན་ཆུ་བོ།

ང་ཚོས་རྒྱུན་དུ་བརྙན་འཕྲིན་དང་གློག་བརྙན་ལས་ཡ་མ་སུན་ས་ཁུལ་གྱི་མཛེས་སྡུག་གི་ཡུལ་ལྗོངས་མཐོང་ཐུབ། རྒྱང་ཐག་རིང་བའི་ཧྥེ་གླིང་ལྷོ་མའི་ཡ་མ་སུན་གྱི་མཐའ་ཡས་པའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱིས་དངོས་གནས་མིའི་ཡིད་སེམས་འགུགས་པ་རེད།

རིགས་དབྱེ།  

ཧྥུ་རྗི་རི་བོ།

ལྗར་པན་ཞེས་གླེང་མ་ཐག་མི་ཡོད་དོ་ཅོག་གི་བློ་ངོ་རུ་འཆར་ཡོང་བ་ནི་ཧྥུ་རྗི་རི་བོ་དང་སྲེའུ་ཤིང་གི་མེ་ཏོག་ཡིན། དངོས་གནས་དེ་འདྲ་ཡིན་ཏེ་ལྗར་པན་གྱི་ཆེས་མཐོ་བའི་རི་བོ་སྟེ། ཧྥུ་རྗི་རི་བོ་ནི་ལྗར་པན་མི་རིགས་ཀྱི་མཚོན་བྱེད་དུ་གྱུར་ཡོད་པས་རེད།

རིགས་དབྱེ།  

ཉེ་ལུའོ་ཆུ་བོ།

གནའ་ནས་ད་ལྟའི་བར་དུ་ཉེ་ལུའོ་ཆུ་བོ་ལ་ཕུལ་བའི་སྙན་ཚིག་དང་སྒྲུང་གཏམ་སོགས་ནི་བགྲང་ལས་འདས། ཆུ་བོའི་མགོ་ཁུངས་ཐིག་དམར་ལྷོ་ཕྱོགས་ཀྱི་ཧྥེ་གླིང་ཤར་མའི་མཐོ་སྒང་ཡིན་ལ། ཆུ་བོའི་གཞུང་རྒྱུད་ཧྥེ་གླིང་བྱང་ཤར་ལ་གཏོགས་པའི་ཉེ་ལུའོ་ཆུ་བོ་ནི་ཧྥེ་གླིང་གི་རྒྱལ་ཁབ་མང་བོའི་མ་ཡུམ་ཆུ་བོ་ཡིན་ཞེས་བརྗོད་ཀྱང་ཆོག

རིགས་དབྱེ།  

སི་ཧའེ་མཚོ།

མི་ཁ་ཤས་ཀྱིས་སི་ཧའེ་མཚོ་དེ་སའི་གོ་ལ་ཡི་སྙིང་ཁར་ལྟེམས་མར་འཁྱིལ་བའི་སྡུག་ཆུ་ཞིག་དང་བསྡུར་བ་སྟེ། སི་ཧའེ་མཚོ་ཁར་སླེབས་མྱོང་བའི་མིས་སི་ཧའེ་མཚོ་ཆུ་ཡི་བྲོ་བ་དེ་རོ་ཁ་ཞིང་བསྐ་བ་ཡིན་པ་ཤེས་ཐུབ། སི་ཧའེ་མཚོ་ནི་དབྱི་སི་རལ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱི་དཀྱིལ་དབུས་སུ་གནས་ཤིང་། མི་རྣམས་ཀྱིས་མཚོ་ཞེས་བརྗོད་ཀྱང་དོན་དངོས་སུ་སྐམ་སའི་ནང་ཁུལ་གྱི་ཚྭ་ལྡན་མཚེའུ་ཞིག་སྟེ། སྐམ་སའི་སྟེང་གི་ཆེས་དམའ་བའི་མཚེའུ་དང་འཛམ་གླིང་སྟེང་གི་ཚྭ་ཆེས་མང་བའི་མཚེའུ་ཡིན།

རིགས་དབྱེ།  

ཨེན་ཧི་ཨེར་རྦབ་ཆུ།

མེ་གླིང་ལྷོ་མའི་ཝེ་ནེ་ཙུའེ་ལ་ཡི་ཆིའུ་ལུན་ཆུ་བོ་ལས་གྲུབ་པའི་ཨེན་ཧི་ཨེར་རྦབ་ཆུའི་གཟར་ཚད་ནི་སྨི979.6ཡོད་པས། འཛམ་གླིང་སྟེང་གི་གཟར་ཚད་ཆེས་མཐོ་བའི་རྦབ་ཆུ་ཡིན། རྦབ་ཆུ་འདི་རིམ་པ་གཉིས་སུ་ཡོད་དེ། རིམ་པ་དང་པོ་དེ་སྨི807གྱི་མཚམས་སུ་འཕྲད་དུ་བསྲིངས་ཡོད་པའི་བྲག་ཐེམ་སྟེང་དུ་མར་འབབ་པ་དང་། དེའི་རྗེས་སུ་སྨི172.6ནས་མར་རི་འདབས་སུ་ཞེང་ཚད་ལ་སྨི152ཡོད་པའི་རྫིང་བུ་ཆེན་པོར་འབབ་ཀྱིན་ཡོད།

རིགས་དབྱེ།  

སྨུག་འཛིན་རི་བོ།

ཨ་མེ་རུ་ཁའི་མངའ་སྡེ་བྱང་ཁ་ལོ་ལད་ནའི་ནུབ་ཕྱོགས་དང་མངའ་སྡེ་ཐེན་ན་ཞི་ཡི་ཤར་ཕྱོགས་ཀྱི་བར་མཚམས་སུ་སྨུག་འཛིན་རི་ཞིག་མཆིས། སྤྱིར་བཏང་དུ་སྨུག་པས་སྒྲིབ་པའི་རི་བོ་མང་ན་ཡང་། ལོ་ཧྲིལ་བོར་སྨུག་པ་སེང་རས་སྔོན་པོ་ལྟ་བུས་གཡོགས་པའི་རི་བོ་འདི་ལས་གཞན་མེད་པས། དབྱིན་ཏེ་ཨན་མིས་དུ་སྔོན་རི་ཞེས་ཀྱང་བརྗོད། དེ་ལས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ནི་རི་བོ་འདིར་དུས་ཚོད་མི་འདྲ་བ་ལས་དུ་སྨུག་འཐིབས་པའི་སྣང་ཚུལ་ཡང་མི་འདྲ།

རིགས་དབྱེ།  

གླིང་སྣེའི་འོད་ཟེར།

སའི་གོ་ལའི་ལྷོ་བྱང་གི་ཉེ་འདབས་ཀྱི་ས་ཁུལ་དུ་མཚན་མོར་བར་སྣང་དུ་རྒྱུན་དུ་ཡ་མཚན་པའི་སྣང་ཚུལ་འབྱུང་སྟེ། མཚར་སྡུག་ཡིད་དུ་འོང་བའི་འོད་མདངས་དམར་པོ་དང་སྔོན་པོ། ལྗང་གུ སྨུག་པོ་སོགས་རེ་རེ་བྱས་ནས་འོད་དུ་འཕྲོ་བས། རེ་གསལ་རེ་མོག་གི་གླིང་སྣེའི་ས་ཁུལ་ཡང་དཀར་ཆ་ཡོད་པར་གྱུར་ཞིང་། ལྷ་སྒྲུང་ལྟ་བུའི་ངང་ཚུལ་བསྐྲུན། བརྗིད་ཆགས་ཤིང་ཡིད་དབང་འཕྲོག་པའི་སྣང་ཚུལ་དེ་ལ་གླིང་སྣེའི་འོད་ཟེར་ཞེས་བརྗོད།

རིགས་དབྱེ།  

བྱིར་བྲག་ཆེན་པོ།

བྱིར་བྲག་ཆེན་པོ་དེ་ནི་ཨོ་སི་ཁྲུ་ལི་ཡ་ཡི་མངའ་སྡེ་ཁུན་ཧྲི་ལན་གྱི་ཤར་ཕྱོགས། པཱ་པི་ཡའི་མཚོ་ཁུག་དང་ལྷོ་ཉི་ལྡོག་ཐིག་གི་དཀྱིལ་དབུས་ཀྱི་ཚ་ཁུལ་གྱི་མཚོ་རྒྱུད་དུ་གཡུ་འབྲུག་ས་ལ་བབས་པ་ལྟར་ཆགས་ཤིང་། སྤྱིའི་རིང་ཚད་ལ་སྟོང་སྨི2011ཡོད་པས། ཨོ་སི་ཁྲུ་ལི་ཡ་ཡི་སྐམ་སའི་སྟེང་བགྲོད་པའི་ཐེམ་སྐས་དང་། བཙན་རྫོང་གི་གོའང་ཆོད་འདུག

རིགས་དབྱེ།  

ཡེ་ཀྭ་སོ་རྦབ་ཆུ།

པར་ཙིལ་རྒྱལ་ཁབ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ཆུ་བོའི་མིང་ལ་ཡེ་ཀྭ་སོ་ཆུ་བོ་ཞེས་འབོད་ཅིང་། དེའི་བྱང་ནས་ལྷོ་རུ་བཞུར་ཀྱིན་ཡོད་པས་རྒྱལ་ཁབ་གཉིས་སོ་སོར་དབྱེ་ཞིང་། གློ་བུར་དུ་ཁ་ཕྱོགས་བསྒྱུར་ནས་ཤར་ཕྱོགས་སུ་བཞུར་བཞིན་ཡོད། ཁ་ཕྱོགས་བསྒྱུར་སའི་དཀྱོགས་མཚམས་ཏེ། པར་ཙིལ་མཐོ་སྒང་གི་གཡང་གཟར་ཆེ་བའི་རྡོ་ལྗང་གི་ངོས་སུ་པཱ་ལ་ནའི་གྲོག་རོང་དུ་འབབ་ཀྱིན་ཡོད་ལ། ཐུར་འབབ་ཆུ་རྒྱུན་ཆེ་ཆུང275ལྷག་ལས་གྲུབ་པ་དེ་ནི་འཛམ་གླིང་སྟེང་གི་ཞེང་ཚད་ཆེས་ཆེ་བའི་རྦབ་ཆུ་སྟེ། རྟ་རྨིག་གི་དབྱིབས་སུ་ཡོད་པའི་རྦབ་ཆུ་ཆེན་པོ་ཡེ་ཀྭ་སོ་ཡིན།

རིགས་དབྱེ།  

རི་བོ་ཆི་ལི་མཱ་ཀྲ་ལོ།

སའི་གོ་ལའི་སྟེང་དུ་རྒྱ་མཚོ་ངོས་ལས་ཤིན་ཏུ་མཐོ་བའི་རི་བོ་མང་ཡང་། འོན་ཏེ་ཐིག་དམར་སྟེང་དུ་གངས་རི་གཅིག་མ་གཏོགས་མེད་དེ། དེ་ནི་རི་བོ་ཆི་ལི་མཱ་ཀྲ་ལོ་ཡིན། རི་བོ་ཆི་ལི་མཱ་ཀྲ་ལོ་ཡི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5895ཡོད་པ་དང་། ཧྥེ་གླིང་སྐམ་སའི་སྟེང་གི་ཆེས་མཐོ་བའི་རི་བོ་ཡིན་ཞིང་། ཧྥེ་གླིང་གི་ཡང་རྩེ་ཞེས་འབོད་མོད། ཡིན་ནའང་ས་ཁམས་རིག་པ་བ་མང་བོ་ཞིག་གིས་ཧྥེ་གླིང་གི་རྒྱལ་པོ་ཞེས་བརྗོད་པར་སྤྲོ།

རིགས་དབྱེ།  

པེ་ཅར་མཚེའུ།

ཨུ་རུ་སུ་ཡི་མངའ་ཁོངས་སུ་གཏོགས་པའི་པེ་ཅར་མཚེའུ་ནི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་སྐམ་སའི་སྟེང་གི་ཆེས་ཆེ་བའི་ཚྭ་མེད་མཚེའུ་དང་། འཛམ་གླིང་སྟེང་གི་གཏིང་ཆེས་ཟབ་ཅིང་ཆུ་གསོག་ཚད་མང་བའི་ཚྭ་མེད་མཚེའུ་ཡང་ཡིན། པེ་ཅར་མཚེའུ་ནི་དོག་ཅིང་རིང་བ་དང་། ཀྱག་ཀྱོག་ཏུ་འཁྱིལ་བས་ཚེས་རིས་ཤིག་དང་འདྲ་བས་ཟླ་བའི་མཚེའུ་ཞེས་ཀྱང་ཟེར།

རིགས་དབྱེ།  

ཏུའོ་ནའོ་ཆུ་བོ།

དེ་ནི་འཛམ་གླིང་སྟེང་བརྒྱུད་པའི་རྒྱལ་ཁབ་ཆེས་མང་བོའི་ཆུ་བོ་ཡིན། ཆུ་བོ་འདིའི་མགོ་ཁུངས་ནི་འཇར་མན་གྱི་ནུབ་ལྷོའི་ཕྱོགས་སུ་ཡོད་པ་དང་། ནུབ་ནས་ཤར་ཕྱོགས་སུ་འབབ་པའི་འབབ་ཡུལ་དུ་ཨོ་སི་ཁྲུ་རི་ཡ་དང་ཅེ་ཁེ། སི་ལོ་ཝ་ཁེ། ཝུ་ཁི་ལེན་སོགས་རྒྱལ་ཁབ་དགུ་བརྒྱུད་ནས་མཐར་མཚོ་ནག་ཏུ་འབབ་བཞིན་ཡོད་པས། ལྷབ་ལྷབ་ཏུ་གཡོ་བའི་དར་གོས་སྔོན་པོ་ཞིག་ཡོ་རོབ་སྐམ་ས་ཆེན་པོའི་སྟེང་བབས་པ་དང་ཀུན་ནས་མཚུངས། དེ་བས་མི་རྣམས་ཀྱིས་རྒྱུན་དུ་མཐིང་མདོག་གི་ཏུའོ་ནའོ་ཆུ་བོ་ཞེས་བསྔགས་བརྗོད་བྱེད།

རིགས་དབྱེ།