ཁ་དོག་སྣ་ལྔའི་མཚེའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་དོག་སྣ་ལྔའི་མཚེའུ།
ཁ་དོག་སྣ་ལྔའི་མཚེའུ་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་གྱི་ལེ་བར་སྟོང་གིས་ཆོད་པའི་རྨིན་ཧྲན་རི་བོའི་རྒྱུད་དུ་ཡོད་ཅིང་། མཚེའུ་དེ་ལ༼སྣ་འཛོམས་མཚོ༽ཞེས་མིང་སྙན་པོ་ཞིག་ཀྱང་བདོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五彩湖
མིང་གཞན།
སྣ་འཛོམས་མཚོ།
གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་གྱི་རྨིན་ཧྲན་རི་བོའི་རྒྱུད་དུ་ཡོད།
1 ཡུལ་གྱི་བཀོད་པ་དང་གྲུབ་ཚུལ།

ཁ་དོག་སྣ་ལྔའི་མཚེའུ་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་གྱི་ལེ་བར་སྟོང་གིས་ཆོད་པའི་རྨིན་ཧྲན་རི་བོའི་རྒྱུད་དུ་ཡོད་ཅིང་།    མཚེའུ་དེ་ལ༼སྣ་འཛོམས་མཚོ༽ཞེས་མིང་སྙན་པོ་ཞིག་ཀྱང་བདོག  ཉི་མའི་འོད་ཟེར་ཁ་དོག་སྣ་ལྔའི་མཚེའུ་ཡི་ངོས་སུ་འཕྲོས་ཚེ།  ང་ཚོས་མཚེའུ་ཡི་ངོས་སུ་སྔོན་པོ་དང་ལྗང་གུ  དམར་སེར་སོགས་ཀྱི་ཁ་དོག་མཐོང་ཐུབ་ལ།   རྡེའུ་ཞིག་མཚེའུའི་ངོས་སུ་འཕངས་པ་ན་མཚེའུ་ཡི་ངོས་སུ་དེ་མ་ཐག་ཏུ་གློ་ཁ་དང་སྨུག་མདོག་གི་ཆུ་རིས་མངོན་ལ། དལ་བ་དལ་བུར་ཕྱོགས་བཞིར་མཆེད་པས་འཇའ་ཚོན་དང་འདྲ་ཞིང་ལྟ་བས་མི་ངོམ་པ་ཞིག་རེད། 

གནས་འདི་ཡི་མཚེའུ་མདོག་སྣ་ཚོགས་སུ་འགྱུར་དོན་ནི་ཅི་ཡིན་ཞེ་ན།   དེ་ནི་མཚེའུ་ཡི་ཞབས་ནི་རྡོ་ཐལ་བྲག་རྡོས་གྲུབ་ཅིང་། ཆུའི་ཞབས་སུ་ལོ་མང་བོ་འགོར་བའི་སྡོང་ལོ་དང་།    མདོག་ལྡན་གཏེར་དངོས།    ཆུ་སྐྱེས་སྔོ་རིགས་སོགས་ཀྱིས་རྡོ་ཐལ་བྲག་རྡོའི་ཁ་དོག་སྣ་ཚོགས་སུ་བསྒྱུར།   ཉི་འོད་ལྗོན་ཤིང་གི་ཡལ་འདབ་གསེབ་ནས་མཚེའུ་ཡི་ངོས་སུ་འཕྲོ་དུས།  དྭངས་གཙང་གི་མཚེའུ་ཡི་ངོས་སུ་མཛེས་སྡུག་ལྡན་པའི་ཁ་དོག་སྣ་ཚོགས་མངོན་པས། མཚེའུ་ནི་ཁ་དོག་རྣམ་པར་བཀྲ་བའི་རི་མོའི་ཤོག་དྲིལ་ཞིག་དང་ཀུན་ནས་མཚུངས། 

བོད་ལྗོངས་བྱང་ཕྱོགས་ཀྱི་མི་མེད་ལུང་སྟོང་གི་རི་ཁུལ་ཞིག་ཏུའང་ཁ་དོག་སྣ་ལྔའི་མཚེའུ་ཞིག་ཡོད།  ཉི་འོད་ཁ་དོག་སྣ་ལྔའི་མཚེའུ་ལ་འཕྲོས་ཚེ།    མཚེའུ་ནང་གི་ཆུའི་མདོག་ལ་དམར་པོ་དང་སེར་པོ།   སྔོན་པོ།    ལྗང་གུ   དཀར་པོ་བཅས་ཁ་དོག་ལྔ་དང་ལྡན་ཞིང་།    ཁ་དོག་སོ་སོའི་བང་རིམ་གསལ་ཞིང་སོ་སོར་རང་སོར་གནས་ཡོད།  གནས་ལུགས་ནི་གོང་དང་མཚུངས་ཏེ།   མདོག་ལྔ་མཚེའུ་ཡི་ཞབས་ནི་དཀར་མདོག་གི་ཅུ་གང་རིམ་པ་དང་།  ས་དམར།  ས་སེར་གྱིས་གྲུབ་པས་ན།  ཉི་འོད་འཕྲོ་དུས་མཚེའུ་ཡི་མདོག་དམར་པོ་དང་སེར་པོ།  དཀར་པོ་གསུམ་གྱིས་གྲུབ་པ་དང་།  ཆུའི་གཏིང་ཅུང་ཟབ་སར་ཉི་འོད་ཐོར་འཕྲོ་ཡིས་ཁ་དོག་ལྗང་གུ་དང་སྔོན་པོ་ཡང་གྲུབ་པ་རེད།  

སྣ་འཛོམས་མཚོ་དང་ཁ་དོག་སྣ་ལྔའི་མཚེའུ་གང་ཡིན་ཡང་དེ་དག་ནི་རང་བྱུང་ཁམས་ཆེན་པོས་བསྐྲུན་པའི་ཕུལ་བྱུང་བརྩམས་ཆོས་ཡིན་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-07-28

གསར་སྤེལ་མཁན། :མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།