གོར་མའི་ནགས་ཚལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོར་མའི་ནགས་ཚལ།
གོར་མའི་ནགས་ཚལ་ནི། ཡུན་ནན་ཞིང་ཆེན་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་དུ་མཆིས་ཤིང་། འཛམ་གླིང་སྟེང་གི་ཆེས་དཔེ་མཚོན་འོས་པའི་ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་གྱི་མཛེས་ལྗོངས་ཤིག་སྟེ། མིག་སྔའི་བར་ཚ་ཁུལ་ཕལ་བའི་མཐོ་སྒང་ས་ཁུལ་གྱི་གོར་མའི་ནགས་ཚལ་གཅིག་པུ་ཡིན་པ་མ་ཟད། ཀྲུང་གོའི་མིང་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གནས་མཆོག་ཅིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石林
གནས་ཡུལ།
ཡུན་ནན་ཞིང་ཆེན་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་།
1 ངོ་སྤྲོད།

༼ས་ངོས་ཆགས་ཚུལ་གྱི་བཀོད་པའི་རང་བྱུང་རྟེན་མཛོད་ཁང༽དུ་གྲགས་པའི་གོར་མའི་ནགས་ཚལ་ནི།    ཡུན་ནན་ཞིང་ཆེན་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་དུ་མཆིས་ཤིང་།  འཛམ་གླིང་སྟེང་གི་ཆེས་དཔེ་མཚོན་འོས་པའི་ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་གྱི་མཛེས་ལྗོངས་ཤིག་སྟེ།   མིག་སྔའི་བར་ཚ་ཁུལ་ཕལ་བའི་མཐོ་སྒང་ས་ཁུལ་གྱི་གོར་མའི་ནགས་ཚལ་གཅིག་པུ་ཡིན་པ་མ་ཟད།   ཀྲུང་གོའི་མིང་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གནས་མཆོག་ཅིག་ཀྱང་ཡིན།
       སྙན་གྲགས་ཆེ་བའི་རྩོམ་པ་པོ་ཀོ་མོ་རོ་ཡིས་ཡུལ་འདིར་གནས་སྐོར་བྱས་རྗེས་དགོད་ཁ་སློང་བྱེད་ཀྱི་སྙན་ཚིག་ཅིག་བྲིས་མྱོང་སྟེ།  ༼རྒྱང་བལྟས་རྡོ་བ་ཆེ༎ཉེ་བལྟས་ཆེན་པོ་རྡོ༎དངོས་གནས་རྡོ་བ་ཆེ༎རྡོ་བ་དངོས་གནས་ཆེ༎༽ཞེས་བརྗོད་ཡོད་པ་དང་།   ཁྱོད་ཉིད་ཀྱང་གོར་མའི་ནགས་ཚལ་ལ་གནས་སྐོར་བྱེད་དུས་ཚོར་བ་འདི་ལྟ་བུ་ཞིག་སྐྱེ་ངེས་ཡིན།   
       གོར་མའི་ནགས་ཚལ་ནི་དོན་ངོ་མ་ཡང་རྡོ་ཡི་ནགས་ཚལ་ཞིག་སྟེ།  རྡོའི་ནགས་ཆེན་དང་རྡོའི་ནགས་ཆུང་།   ལི་ཙི་སྐྱེད་ཚལ།  སོ་པའི་རི་བོ།  ཁྲི་ལོའི་ཀོ་ཤ་བཅས་ས་ཁག་ལྔ་ལས་གྲུབ།  རྐང་ཐང་དུ་བསྐྱོད་དུས་ཐོག་མར་མཐོང་ལམ་དུ་མངོན་པ་ནི་ཀ་གཟུགས་བྲག་རྡོ་དང་།  བོངས་ཆེ་བའི་བྲག་ལྡེབས།  ཀེ་རེར་ལངས་པའི་རྡོ་མྱུག    བྲག་རི་སོགས་ཡིན་ལ།  དེ་དག་རྣམ་པ་འདྲ་མིན་སྣ་ཚོགས་སུ་ཡོད་པས་གནས་སྐོར་བའི་མིག་གི་དགའ་སྟོན་དུ་གྱུར་ཡོད།  མིང་གྲགས་ཆེ་བའི་རྒྱ་བྱའི་མཆོད་སྟེགས།  བསེ་རུ་ཟླ་གཟུགས། སྟོང་ཉིད་རྟོགས་སའི་བྲག་རྡོ།  སྤྱན་རས་གཟིགས་ཀྱི་བྲག་རྡོ།  ཆར་རྗེས་ཀྱི་སྨྱུག་རྩ་ཞེས་པ་སོགས་ཀྱི་བྲག་རྡོ་རེ་རེ་ནི་གསོན་ཉམས་ཀྱིས་ཁེངས་པ་དང་།  ད་དུང༼དུས་ཚོད་བྲག་རྡོ༽ཞེས་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ།  དེར་རྡུང་ན་སྒྲ་མཐོ་དམའ་གང་རུང་གྲགས་ཡོང་།     
       རྔམ་བརྗིད་ལྡན་པའི་གོར་མའི་ནགས་ཚལ་འདི་ཉིད་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།    ཧ་ལམ་ལོ་ངོ་དུང་ཕྱུར་གཉིས་ལྷག་གི་ཡར་སྔོན་དུ།   གནས་འདི་ནི་མཚོ་ཆེན་པོ་ཞིག་སྟེ།   མཚོའི་ཞབས་སུ་རྡོ་ཐལ་བྲག་རྡོ་མཐུག་པོ་ཞིག་ཆགས་ཤིང་།  ས་ཤུན་འགུལ་བསྐྱོད་ཁྲོད་བྲག་རྡོ་ས་ངོས་སུ་བུད་པ་དང་།   རྡོ་ཐལ་བྲག་རྡོ་ཟད་སླ་བའི་རྐྱེན་གྱིས་ལོ་མང་བོའི་ཆར་རླུང་གིས་གནས་ཁག་ཅིག་དོང་དུ་ལྷུང་ཞིང་།  གནས་ཁག་ཅིག་ཀེ་རེར་ལངས་ཡོད། དེ་ལྟར་ལོ་ཐོག་ཟླ་བརྩེགས་ཀྱིས་ད་གཟོད་དེ་རིང་གི་གོར་མའི་ནགས་ཚལ་འདི་གྲུབ་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-02

གསར་སྤེལ་མཁན། :མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།