འབྲི་ཆུའི་འགག་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲི་ཆུའི་འགག་གསུམ།
འབྲི་ཆུའི་འགག་གསུམ་ནི་ཀྲུང་གོའི་མིང་གྲགས་ཆེ་བའི་མཛེས་ལྗོངས་བཅུའི་ནང་གི་གཅིག་དང་། ཀྲུང་གོའི་རང་བྱུང་གི་ངོ་མཚར་ཡུལ་ལྗོངས་ཆེན་པོ་བཞི་ཡི་ནང་གི་གཅིག་ཀྱང་ཡིན་ཏེ། དེ་ནི་ཆིས་ཐང་འགག་དང་བི་འགག ཞི་ལིན་འགག་གསུམ་གྱིས་གྲུབ་ཅིང་། ནུབ་ཏུ་གྲོང་ཁྱེར་ཁྲུང་ཆིན་གྱི་པེ་ཏེ་མཁར་ནས། ཤར་དུ་ཧོ་པེ་ཞིང་ཆེན་གྱི་ནན་ཅིན་ཀོན་བར་དུ་བརྐྱངས་བས་གཞན་གྱི་དོ་ཟླ་བྲལ་བའི་འགག་འཕྲང་ཆེན་པོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长江三峡
གནས་ཡུལ།
ནུབ་ཏུ་གྲོང་ཁྱེར་ཁྲུང་ཆིན་གྱི་པེ་ཏེ་མཁར་ནས་ཤར་དུ་ཧོ་པེ་ཞིང་ཆེན་གྱི་ནན་ཅིན་ཀོན་བར།

1 ངོ་སྤྲོད།

འབྲི་ཆུའི་འགག་གསུམ་ནི་ཀྲུང་གོའི་མིང་གྲགས་ཆེ་བའི་མཛེས་ལྗོངས་བཅུའི་ནང་གི་གཅིག་དང་།    ཀྲུང་གོའི་རང་བྱུང་གི་ངོ་མཚར་ཡུལ་ལྗོངས་ཆེན་པོ་བཞི་ཡི་ནང་གི་གཅིག་ཀྱང་ཡིན་ཏེ། དེ་ནི་ཆིས་ཐང་འགག་དང་བི་འགག  ཞི་ལིན་འགག་གསུམ་གྱིས་གྲུབ་ཅིང་།   ནུབ་ཏུ་གྲོང་ཁྱེར་ཁྲུང་ཆིན་གྱི་པེ་ཏེ་མཁར་ནས།  ཤར་དུ་ཧོ་པེ་ཞིང་ཆེན་གྱི་ནན་ཅིན་ཀོན་བར་དུ་བརྐྱངས་བས་གཞན་གྱི་དོ་ཟླ་བྲལ་བའི་འགག་འཕྲང་ཆེན་པོ་ཞིག་ཡིན། 

འབྲི་ཆུའི་འགག་གསུམ་གྱི་སྤྱིའི་རིང་ཚད་ལ་སྟོང་རྨིད192དང་། ཆུ་བོ་དྲག་ཏུ་འབབ་ཅིང་། འགྲམ་གཉིས་ཀྱི་རི་ངོས་གཡང་གཟར་ཆེ་བ་དེ་ནི་མཛེས་ཤིང་བརྗིད་ཆགས་པའི་རི་ཆུ་ཡི་རི་མོའི་ཤོག་དྲིལ་ཞིག་དང་མཚུངས།  ཆིས་ཐང་འགག་ནི་འགག་གསུམ་ལས་ཆེས་ཐུང་བའི་འགག་འཕྲང་ཡིན་མོད།   བརྗིད་རྔམ་ཆེ་བས་མིང་གྲགས་ཆེ།   འགག་འཕྲང་འདིའི་ནུབ་སྣེ་ཡི་ཁོས་མེན་ནི་དེ་བས་ཀྱང་བརྗིད་ཉམས་ལྡན།  འགྲམ་གཉིས་ཀྱི་གཡང་གཟར་ཆེ་བའི་རི་ངོས་ནི་སྒོ་གཏན་མེད་པའི་རྡོའི་སྒོ་གླེགས་ཟུང་དང་འདྲ་བས། གནམ་འོག་གི་འགག་སྒོ་བཙན་པོ་ཞེས་ཀྱང་བརྗོད།  བི་འགག་ལ༼འགག་ཆེན༽ཞེས་ཀྱང་འབོད།  དེ་ནི་ཀྱག་ཀྱོག་ཏུ་ཡོད་པའི་བར་ཁྱམས་ཚོན་རིས་ཅན་ཞིག་དང་མཚུངས་ཤིང་།   འགྲམ་གཉིས་ཀྱི་རི་ཚོགས་གཡང་གཟར་ཆེ་ཞིང་མུ་འབྲེལ་ནས་ཡོད་པ་དང་། གྲུ་ལ་བསྡད་དེ་འགག་འཕྲང་བརྒྱུད་དུས་སྐབས་འགར་རི་ཚོགས་ཀྱིས་ལམ་བུ་འགོག་ཅིང་།   སྐབས་འགར་རི་ཚོགས་ལམ་བུར་བསྐོར་ཏེ་གནས་པས་ཧ་ཅང་ངོ་མཚར་བ་ཞིག་རེད།  བི་འགག་གི་འགྲམ་གཉིས་སུ་རི་ཚོགས་ཤིན་ཏུ་མང་བས།༼ཁྱད་མཚར་རི་བོ་བཅུ་གཉིས༽ཞེས་འབོད་སྐད།  དེ་དག་ལས་ལྷ་མོ་རི་ནི་མིང་གྲགས་ཆེ།  འགག་གསུམ་ལས་ཆེས་རིང་བའི་འགག་ནི་ཞི་ལིན་འགག་སྟེ།        དེ་ལ༼གཉན་པོ༽དང༼ལྷུན་ཆགས༽ཀྱི་ཁྱད་ཆོས་མངའ་བས་གྲགས་པ་ཆེ།  འགག་གསུམ་དུ་ད་དུང་མིང་གྲགས་ཆེ་ཞིང་ཉེན་ཁ་ཆེ་བའི་གྲམ་པ་ཆེན་པོ་གསུམ་ཡོད་དེ། དེ་དག་ནི་གྲམ་པ་ཤེ་དང་ཆིན།   ཁུང་ལེན་བཅས་ཡིན།

འབྲི་ཆུའི་འགག་གསུམ་གྱི་ཆུ་བེད་ལྟེ་གནས་བཟོ་བཀོད་འཛུགས་སྐྲུན་བྱས་པ་དང་བསྟུན་ནས།  འབྲི་ཆུའི་འགག་གསུམ་གྱི་ཆུ་རྒྱུན་དྲག་པོ་དང་ཀྲང་ཧྥེ་ལྷ་ཁང་སོགས་གནའ་ཤུལ་དག་རིམ་གྱིས་སྟོང་ཞིང་སྟོངས་པར་འགྱུར་བཞིན་ཡོད་མོད། འོན་ཏེ་གསར་བར་མངོན་པའི་འགག་གསུམ་གྱི་ཡུལ་ལྗོངས་ཀྱིས་ཀྱང་ཁྱད་ཆོས་གཞན་ཞིག་བསྣམས་ཡོད།  2012ལོར་འགག་གསུམ་རགས་ཆེན་འཛུགས་སྐྲུན་ཐེངས་གསུམ་པ་མཇུག་རྫོགས་རྗེས།༼མཐོན་པོའི་འགག་ལས་མཚེའུ་སྙོམས་པོ་འབྱུང་བའི༽ཕུགས་བསམ་དེ་མངོན་འགྱུར་བྱས་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-13

གསར་སྤེལ་མཁན། :མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།