ཟིལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟིལ་བ།
ཟིལ་བ་ནི་ས་ངོས་དང་ཐག་ཉེ་བའི་མཁའ་རླུང་ནང་གི་ཆུ་རླངས་རྡོ་དང་། རྫ་ལེབ། ཡལ་འདབ་སོགས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོར་ཧྲེངས་འགྲིལ་བྱས་ཏེ་ཆགས་པའི་ཆུ་ཟིལ་ལ་ཟེར། ས་སྲིབ་བམ་མཚན་མོའི་དུས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོས་གློད་པའི་འགྱེད་འཕྲོ་དེ་ཚུར་ལེན་འགྱེད་འཕྲོ་ལས་ཆེ་བ་ཡོད་སྟབས་རིམ་བཞིན་གྲང་མོ་ཆགས་པ་དང་། དེ་ལྟར་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོར་འབྱར་བའི་མཁའ་རླུང་ཀྱང་དུས་མཚུངས་དྲོད་ཚད་ཆག་པ་དང་ཟིལ་དྲོད་ལས་དམའ་བ་ཆག་པ་སྟེ་མཁའ་རླུང་ནང་གི་ཆུ་རླངས་འདྲེས་ཚད་ལོངས་ཚད་ལས་བརྒལ་སྐབས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོའི་ཕྱི་ངོས་ལ་ཆུ་ཟིལ་ཆགས་ཀྱི་ཡོད།
དཀར་ཆག
1 ཁྱད་ཆོས།

ཟིལ་བ་མང་ཆེ་བ་དབྱར་མཇུག་གི་གནམ་གཤིས་ཅུང་བསིལ་བའི་མཚན་མོར་ཆགས་ཀྱི་ཡོད། གང་ཡིན་ཟེར་ན་དེའི་སྐབས་སུ་མཚན་མོའི་དྲོད་ཚད་ཅུང་དམའ་བོ་ཆགས་ཟིན་ཀྱང་མཁའ་རླུང་ནང་གི་ཆུ་རླངས་འདྲེས་ཚད་ད་དུང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ས་བབ་མི་འདྲ་བའི་ཆ་རྐྱེན་འོག་དང་ས་རྒྱུ་མི་འདྲ་བའི་ས་ངོས་ཐོག་ཧྲེངས་འགྲིལ་བྱས་པའི་ཟིལ་བ་ཡང་འདྲ་གི་མེད། ཟིལ་བ་ཆགས་རྒྱུར་དགེ་མཚན་ལྡན་པའི་གནམ་གཤིས་ཀྱི་ཆ་རྐྱེན་ཡག་ཤོས་ནི་ནམ་མཁའ་དྭངས་ཤིང་རླུང་བསིལ་རྒྱག་པའི་མཚན་མོ་ཡིན། མཚན་མོ་ནམ་མཁའ་དྭངས་པས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོའི་འགྱེད་འཕྲོ་མགྱོགས་མྱུར་ངང་གྲང་མོ་ཆགས་རྒྱུར་ཕན་ཐོགས་ཡོད། རླུང་བསིལ་གྱིས་ས་ལ་འབྱར་བའི་མཁའ་རླུང་བརྗེ་ལེན་ཐུབ་པ་དང་། ས་ངོས་སམ་སྟེང་གི་བརྟན་གནས་དངོས་པོའི་ཕྱི་ངོས་ལ་རེག་པའི་མཁའ་རླུང་སོས་པ་སྤྲད་པ་མ་ཟད་ཆུ་རླངས་ཧྲེངས་འགྲིལ་ཟིན་པའི་མཁའ་རླུང་འཁྱེར་བ་དང་། ཧྲེངས་འགྲིལ་ཆགས་རྒྱུར་འདང་ངེས་ཀྱི་ཆུ་རླབས་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་བྱེད་ཀྱི་ཡོད། རླུང་པོ་མེད་དུས་ཧྲེངས་འགྲིལ་ཆགས་རྒྱུར་མཁོ་སྤྲོད་བྱ་རྒྱུའི་ཆུ་རླངས་མང་པོ་མེད། རླུང་ཤུགས་ཆེ་དྲག་སྐབས་མཁའ་རླུང་གི་ཟིང་རྒྱུག་ཤུགས་ཆེ་ཐག་ཆོད་པས་ས་ལ་འབྱར་བའི་མཁའ་རླུང་དང་གོང་རིམ་གྱི་ཅུང་དྲོ་བའི་མཁའ་རླུང་ཤུགས་ཆེན་འདྲེས་པས་ས་ལ་འབྱར་བའི་མཁའ་རླུང་གི་དྲོད་ཚད་ཆག་རྒྱུ་འགོར་པོ་ཡོང་གི་ཡོད། དེ་དག་ཚང་མ་ཟིལ་བ་ཆགས་རྒྱུར་ཕན་ཐོགས་མེད།

ཟིལ་བས་རྩི་ཤིང་འཚར་སྐྱེས་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཡོད། ལྟ་དཔྱད་ཚད་འཇལ་བྱས་ཏེ་གསལ་བཤད་ཐུབ་པར། མཚན་མོ་གཅིག་གི་ཟིལ་བའི་ཆུའི་འབོར་ཚད་དེ་སྤྱིར་ཧའོ་རྨིད0.1-0.3ཆར་ཚད་དང་མཚུངས། མང་བར་ཐ་ན་ཧའོ་རྨིད1ཡན་ཟིན་པས་ལོ་གཅིག་ནང་ཁྱོན་བསྡོམས་ཧའོ་རྨིད་བཅུ་ཙམ་ཡོད། དུས་མཚུངས་ཆུ་རླངས་ཧྲེངས་འགྲིལ་ཆགས་ཏེ་ཟིལ་བ་གྲུབ་པའི་བརྒྱུད་རིམ་ནང་གློད་པའི་ཆུ་ནུས་ཀྱིས་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ངེས་ཅན་ཐོན་གྱི་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།