ཐོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་སྣང་ཚུལ།)

ཐོག
དབྱར་གྱི་དུས་སུ་ཚ་བ་ཧ་ཅང་ཆེ་བ་དང་སྤྲིན་ནག་ལང་ལོང་འཁྲིགས་པ་ཡིན་ལ། གློག་དམར་འཁྱུག་ནས་འབྲུག་སྒྲ་ལྡིར་ལྡིར་བྱ་བ་ཡིན། དེ་ལ་གནའ་དུས་ཀྱི་མི་རྣམས་ཀྱིས་ཐོག་གིས་བརྒྱབ་ཅེས་ཟེར་བ་ཡིན།
1 གྲུབ་ཚུལ།

གློག་འཁྱུག་པ་དང་ཐོག་རྒྱག་པ་ནི་སྤྱིར་བཏང་བརླན་ཞིང་ཚ་བ་དང་ཕན་ཚུན་ལྟོས་རྒྱུག་བྱེད་པའི་སྤྲིན་ཚོམ་གྱི་ཁྲོད་ནས་བྱུང་བ་ཡིན་ཞིང་། སྤྲིན་གྱི་ནང་གི་ཆུ་ཐིགས་ཆུང་ཆུང་དེ་ཚོ་ཕན་ཚུན་འཕྲད་པ་དང་། གོང་བུར་དྲིལ་ནས་ཆུ་ཐིགས་ཆེན་པོར་གྱུར་ནས། སྤྲིན་གྱི་ནང་གི་མཐོ་སར་རྒྱུ་བའི་རླུང་རྒྱུན་གྱིས་མར་འབབ་བཞིན་པའི་ཆུ་ཐིགས་གཏོར་བཞིན་ཡོད། དེ་ཡང་མཐོ་སར་རྒྱུ་བའི་རླུང་རྒྱུན་གྱི་ཆུ་ཐིགས་རྣམས་ཆེ་ཆུང་མི་འདྲ་བའི་ཆུ་ཐིགས་སུ་གྱུར་བ་ཡིས། ཆུ་ཐིགས་ཆེན་པོའི་རིགས་ནི་ཅུང་ལྕི་བས་ཕོ་གློག་གནས་ཤིང་། མཐོ་སར་རྒྱུ་བའི་རླུང་རྒྱུན་གྱིས་ཡར་བཀྱགས་ནས་སྤྲིན་གྱི་མཐིལ་ཞབས་སུ་འདེད་པ་ཡིན། ཡང་ཆུ་ཐིགས་ཆུང་ངུའི་རིགས་ནི་ཅུང་ཡང་བ་དང་མོ་གློག་གནས་ཤིང་། སྤྲིན་ཚོམ་གྱི་སྟེང་ཕྱོགས་སུ་འདེད་པ་ཡིན། གཞན་སྤྲིན་རྩེར་གནས་པའི་འཁྱག་སིལ་ལ་ཕོ་གློག་གནས་ཡོད་ཅིང་། སྤྲིན་གྱི་ནང་གི་རླུང་རྒྱུན་བར་མ་ཆད་པར་མཐོ་སར་རྒྱུ་བ་དང་། གློག་འབྱེད་ཤུགས་ཀྱང་ཇེ་ཆེར་སོང་ནས་ཕོ་གློ་དང་མོ་གློག་གསོག་སྐྱིལ་བྱས་ཏེ། ཚད་ངེས་ཅན་ཞིག་ལ་སླེབས་དུས་ཕོ་གློག་དང་མོ་གློག་བར་འཐེན་ཤུགས་ཆེན་པོ་ཆགས་ནས་ཕན་ཚུན་མཉམ་སྦྱོར་བྱ་བ་ཡིན་ལ། གློག་ཕོ་མོ་ཕན་ཚུན་འཕྲད་དུས་གློག་ཤུགས་ཆེན་པོ་ཡོད་པ་དང་། མིག་ལ་གཟན་པའི་མེ་སྟག་མཆེད་པ་དེ་ནི་གློག་འཁྱུག་པའི་རང་བྱུང་གི་སྣང་ཚུལ་དེ་ཡིན་ཞིང་། གློག་འཁྱུག་སྐབས་ཚ་དྲོད་ཧ་ཅང་མཐོ་བས་མཁའ་རླུང་རྒྱས་ནས་ལྡིར་སྒྲ་སྒྲོག་པ་དེ་ནི་འབྲུག་སྐད་ཡིན།


བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། རང་བྱུང་སྣང་ཚུལ། ཐོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།