ཆུའི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུའི་སྦག་བཙོག
ཆུའི་སྦག་བཙོག་ནི་གནོད་ལྡན་རྫས་འགྱུར་དངོས་རྫས་ཀྱིས་ཆུ་ཡི་བཀོལ་སྤྱོད་ཀྱི་རིན་ཐང་དམའ་རུ་བཏང་བ་དང་མེད་པར་བཟོས་པ་དེ་ལ་ཟེར་ཞིང་། ཁོར་ཡུག་སྦག་བཙོག་བཟོ་བའི་ཆུ་ལ་བྱ་བ་ཡིན། དེ་ཡང་བཙོག་ཆུའི་ཁྲོད་ཀྱི་སྐྱུར་དང་བ་ཚྭ། དབྱང་འགྱུར་སྐུལ་རྫས་སོགས་དང་། ཟངས་དང་ཁད། དངུལ་ཆུ། སེན་སོགས་འདྲེས་སྦྱོར་དངོས་རྫས། པུན་དང་ཁིལ་གཉིས་དབྱི་ཝན། དབྱི་གཉིས་ཆང་རག་སོགས་སྐྱེ་ལྡན་དུག་རྫས་བཅས་ཀྱིས་ཆུ་ནང་དུ་འཚོ་བའི་སྐྱེ་དངོས་དུག་ཕོག་ནས་འཆི་བར་འགྱུར་བ་ཡིན་ལ། འཐུང་ཆུ་སྦག་བཙོག་བཟོ་བ་དང་ཡུལ་ལྗོངས་ཁུལ་གྱི་ལྗོངས་རྣམ་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水污染
ཕྱི་ཡིག་གི་མིང་།
water pollution
1 དབྱེ་བ།

(1)ཐག་གཅོད་མ་བྱས་པར་ཕྱིར་གཏོང་བྱས་པའི་བཟོ་ལས་བཙོག་ཆུ།

(2)ཐག་གཅོད་མ་བྱས་པར་ཕྱིར་གཏོང་བྱས་པའི་འཚོ་བའི་བཙོག་ཆུ།

(3)རྫས་འགྱུར་ལུད་རྫས་དང་ཞིང་སྨན། རྩ་འགེམ་སྨན་རྫས་བཅས་མང་དུ་བཀོལ་སྤྱོད་བྱས་པ་ཡིས་བཟོས་པའི་ཞིང་རའི་བཙོག་ཆུ།

(4)གཙང་འགྲམ་དུ་སྤུངས་པའི་བཟོ་ལས་སྙིགས་རོ་དང་འཚོ་བའི་གད་སྙིགས།

(5)སྡོང་བོ་བཅད་ནས་ས་ཆུ་ཤོར་བ།

(6)གཏེར་ཁ་བཏོན་པ་ཚད་ལས་བརྒལ་བས་གཏེར་ཁུངས་ཀྱི་བཙོག་ཆུ་ཐོན་པ།

2 གནོད་སྐྱོན།

ཆུའི་སྦག་བཙོག་གིས་མིའི་རིགས་ཀྱི་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད་པ་དང་། མིའི་རིགས་ཀྱི་བདེ་ཐང་དང་དཔལ་འབྱོར། སྤྱི་ཚོགས་བཅས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བཀག་རྡོ་གཙོ་བོར་གྱུར་འདུག 

བརྟག་དཔྱད་བྱས་པ་ལྟར་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ཏུ། བརྒྱ་ཆའི་བརྒྱད་ཅུ་ཡི་ནད་རིགས་སྣ་ཚོགས་ནི་ཆུ་མི་གཙང་བ་འཐུངས་པ་ཡིས་བྱུང་བ་ཡིན་ལ། གོ་ལ་ཧྲིལ་བོར་ལོ་རེ་བཞིན་ཆུ་མི་གཙང་བ་འཐུངས་པའི་རྐྱེན་གྱིས་ཉུང་མཐའ་ཡང་མི20000000ལྷག་ཤི་བ་ཡིན། དེའི་རྐྱེན་གྱིས་ཆུའི་སྦག་བཙོག་ནི་འཛམ་གླིང་གི་གཤེད་མ་དང་པོར་གྲགས་པ་ཡིན།

3 འགོག་བཅོས།

(1)འཐུང་ཆུའི་ཆུ་སྒོ་ཡི་སྲུང་སྐྱོབ་ལ་ཤུགས་བསྣན་པ།

(2)གྲོང་ཁྱེར་བཙོག་ཆུ་དང་བཟོ་ལས་བཙོག་ཆུ་འགོག་བཅོས་ཀྱི་ནུས་ཤུགས་ཆེ་རུ་གཏང་བ།

(3)སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་གཏང་བ།

(4)བཙོག་ཆུ་ཐོན་ཁུངས་ཅན་དུ་བསྒྱུར་བ་མངོན་འགྱུར་བྱ་བ།

(5)འཐུང་ཆུ་གཙང་སེལ་བྱ་བ།

(6)ན་གཞོན་སྐོར་གྱིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་གཏང་བ།

(7)བཟོ་གྲྭ་ཡིས་གཙང་བོ་དང་མཚོ། མཚེའུ་སོགས་ཀྱི་ནང་དུ་བཟོ་ལས་བཙོག་ཆུ་ཕྱིར་གཏོང་བཀག་འགོག་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།