དཀར་འོད་ཀྱི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀར་འོད་ཀྱི་སྦག་བཙོག
དཀར་འོད་ཀྱི་སྦག་བཙོག་ནི་འོད་ཀྱི་སྦག་བཙོག་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་ཉིན་དཀར་ཉི་འོད་ཀྱི་འགྱེད་འཕྲོ་ཤིན་ཏུ་དྲག་པོ་ཡིན་པའི་སྐབས་སུ། གྲོང་ཁྱེར་ནང་དུ་བཟོ་སྐྲུན་གྱི་ཤེལ་ལས་གྲུབ་པའི་ཕྱི་གྱང་དང་འོད་ལྡན་རྩིག་པ། བརྡར་ནས་འཇམ་པོ་ཡིན་པའི་རྡོ་ཀ་མ་རུ། འབྱུག་རྫས་སྣ་ཚོགས་པ་སོགས་ཀྱི་མཛེས་སྤྲས་ཀྱི་ལྡོག་འཕྲོའི་འོད་ཐིག་གིས་བསྐྱེད་པའི་འོད་ཀྱི་སྦག་བཙོག་ལ་བྱ་བ་ཡིན། དེ་ཡང་མེ་ལོང་གི་ལྡོག་འཕྲོ་རེད་ཅེས་ཀྱང་བཤད་ཆོག་སྟེ། དངོས་གཟུགས་ཀྱི་ལྡོག་འཕྲོའི་ངོས་ནི་ཧ་ཅང་འཇམ་པ་དང་། འོད་ཐིག་ནི་མཉམ་འགྲོའི་ལྡོག་འཕྲོ་ཡིན། དཔེར་ན། མེ་ལོང་དང་ཆུ་ངོས་སོགས་ལྟ་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白亮污染
ཕྱི་ཡིག་གི་མིང་།
white light pollution
གནོད་སྐྱོན།
མིག་དང་དབང་རྩའི་མ་ལག་ལ་གནོད་པ་ཐེབས་པ།
1 གནོད་སྐྱོན།
1_1 བསམ་ཡུལ་ལས་འདས་པའི་དོན་རྐྱེན་བསླང་བ།

གྲོང་ཁྱེར་དུ་ཉི་འོད་རབ་ཏུ་འཚེར་བའི་དུས་ཚིགས་སམ། ལྷག་པར་དུ་དབྱར་དུས་སུ་བསླེབས་པ་ན། ཁང་བའི་ཕྱི་ཡི་བཟོ་སྐྲུན་གྱི་ཤེལ་ལས་གྲུབ་པའི་ཕྱི་གྱང་གིས་ཉི་མའི་འོད་ཀྱི་འགྱེད་འཕྲོ་དྲག་པོ་ཉེ་འགྲམ་གྱི་སྡོད་དམངས་ཀྱི་ཐོག་ཁང་གི་ནང་དུ་ལྡོག་འཕྲོ་བྱས་པས། ཁང་བའི་ནང་གི་དྲོད་ཚད་མཐོ་རུ་ཕྱིན་ནས།  མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད། 

ཤེལ་ལས་གྲུབ་པའི་ཕྱི་གྱང་ཁ་ཤས་ནི་ཐིག་སྒོར་ཕྱེད་གཟུགས་ཡིན་ལ། ལྡོག་འཕྲོའི་འོད་ཕྱོགས་གཅིག་ཏུ་འདུས་པ་ཡིན་པས།  མེ་སྐྱོན་ཡང་འབྱུང་སླ་བ་ཡིན། གཞན་ཉི་འོད་རབ་ཏུ་ཚ་བའི་སྐབས་སུ་རླངས་འཁོར་ཁ་ལོ་པ་དག་ལ་ལྡོག་འཕྲོའི་འོད་ཀྱིས་གློ་བུར་དུ་འཇབ་རྒོལ་བྱེད་པའི་སྣང་ཚུལ་འབྱུང་བ་ཡིན་ཞིང་། མིག་གཉིས་ལ་ཟུག་གཟེར་དྲག་པོ་བསྐྱེད་པར་མ་ཟད། རླངས་འཁོར་དོན་རྐྱེན་འབྱུང་སླ་བ་ཡིན།  

1_2 ལུས་ཕུང་བདེ་ཐང་ལ་གནོད་པ།

ཆེད་མཁས་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་རིང་བོར་འོད་དཀར་པོའི་སྦག་བཙོག་གི་ཁོར་ཡུག་ཏུ་ལས་ཀ་ལས་པ་དང་འཚོ་བ་རོལ་བའི་མི་རྣམས་ནི། དཔེར་ན། ཉི་མ་ཧ་ཅང་ཚ་བའི་སྐབས་སུ་རླངས་འཁོར་བསྐོར་བའི་ཁ་ལོ་པ་དག་དང་ལྕགས་རྟར་ཞོན་མཁན་གྱི་ལམ་འགྲོ་པ།  སྤྱི་སྤྱོད་རླངས་འཁོར་དུ་སྡོད་པའི་འགྲུལ་བ་སོགས་ལ་ལྡོག་འཕྲོའི་འོད་ཀྱིས་གློ་བུར་དུ་འཇབ་རྒོལ་བྱེད་པའི་སྣང་ཚུལ་འབྱུང་བ་ཡིན་ཞིང་། མིག་གི་དྲ་སྐྱི་དང་གྲོ་མོ་ཚང་མར་ཚད་མི་འདྲ་བའི གནོད་སྐྱོན་ཐེབས་སྲིད་པ་ཡིན་ལ།

མཐོང་ཤུགས་ཀྱང་མྱུར་བའི་སྒོ་ནས་ཇེ་དམའ་རུ་ཕྱིན་པ་ཡིན་པར་མ་ཟད། ལིང་གྲིབ་ཀྱི་ནད་ཕོག་ཚད་ནི45%ཡིན། གཞན་ད་དུང་མིའི་ལུས་ཕུང་གི་རྒྱུན་ལྡན་ཕྲ་ཕུང་ཉམས་སུ་བཅུག་ནས། ཁྲག་ཤེད་མཐོ་རུ་ཕྱིན་པ་དང་སེམས་ཁམས་མི་སྐྱིད་པའི་ཚོར་བ་འབྱུང་བ། མགོ་ཡུ་འཁོར་བ་སོགས་བྱ་བར་མ་ཟད། གཉིད་མི་ཁུགས་པ་དང་ཟས་ཀྱི་ཡི་ག་འགག་པ། སེམས་ཁམས་མི་སྐྱིད་པ། ཐང་ཆད་པ་སོགས་དབང་རྩ་ཉམས་པ་དང་འདྲ་བའི་ནད་རྟགས་འབྱུང་བ་ཡིན།

དཀར་འོད་སྦག་བཙོག་གིས་ཐད་ཀར་མ་ཡིན་པའི་སྒོ་ནས་འཕྲུལ་སྣང་བསྐྱེད་པ་ནི། དཔེར་ན། མཚན་མོར་རླངས་འཁོར་བསྐོར་ནས་འགྲོ་བའི་སྐབས་སུ། རླངས་འཁོར་གྱི་གློག་འོད་ལྡོག་འཕྲོའི་འོད་ཀྱི་བཟོ་སྐྲུན་གྱི་རྩིག་པའི་ངོས་སུ་འཕྲོས་པ་ཡིན་ན། རླངས་འཁོར་གྱི་གློག་འོད་ཐད་ཀར་ལྡོག་འཕྲོ་བྱ་བ་ཡིན་པས། མཇུག་འབྲས་ཚབས་ཆེན་བཟོ་ངེས་པ་ཡིན།

1_3 དཔལ་འབྱོར་ལ་གནོད་སྐྱོན་ཐེབས་པ།

མྱུར་སྐྱོད་ཀྱི་རླངས་འཁོར་དང་ལམ་འགྲམ་གྱི་བརྡ་ཁྱབ་བྱང་བུ་སོགས་ལས་ལྡོག་འཕྲོ་བྱས་པའི་འོད་ཐིག་གིས་ཚད་མི་འདྲ་བའི་སྒོ་ནས། མི་རྣམས་ཀྱི་མཐོང་ལམ་སྦག་བཙོག་བཟོ་བ་དང་མཉམ་དུ། མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ནས། མི་རྣམས་ཀྱི་བྱ་བའི་ཐད་ལ་གནོད་པ་ཐེབས་པ་ཡིས། མི་རྣམས་ཀྱི་དཔལ་འབྱོར་ཆ་རྐྱེན་ལ་གྱོང་གུད་འབོར་ཆེན་ཐེབས་པ་ཡིན།

2 འགོག་བཅོས།

གྲོང་ཁྱེར་དུ་སྡོང་བོ་མང་དུ་གཟུག་པ་དང་སྤང་ལྗོངས་མང་དུ་བཀབ་པ་ཡིན་ན། ཤིང་སྡོང་དང་སྤང་ལྗོངས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་ལྡོག་འཕྲོའི་འོད་ཀྱི་དྲག་ཚད་ཇེ་ཞན་དུ་གཏང་ཐུབ་པས། དཀར་འོད་ཀྱི་སྦག་བཙོག་གི་གནོད་སྐྱོན་ཇེ་ཆུང་དུ་བཏང་ནས། མི་རྣམས་ཀྱི་མཐོང་ལམ་ལ་དང་གནོད་སྐྱོན་ཐེབས་པའི་ཚད་ཉུང་དུ་འགྲོ་བ་ཡིན།

འགྲིམ་འགྲུལ་བྲེལ་འཚུབ་ཆེ་བའི་ས་ཁུལ་དུ། བཟོ་སྐྲུན་དངོས་པོའི་རིགས་ཀྱི་རྒྱུ་ཆར་ལྡོག་འཕྲོ་དང་ལྡོག་ཚ་ནི་བཀོལ་སྤྱོད་མི་བྱ་བའམ། བཀོལ་སྤྱོད་ཉུང་དུ་བྱས་ན་ལེགས་ཤིང་། མི་རྣམས་སྡོད་སར་ལྡོག་འཕྲོའི་འོད་དང་ལྡོག་ཚ་མེད་པའི་བཟོ་སྐྲུན་རྒྱུ་ཆ་བཀོལ་སྤྱོད་བྱས་ན། ད་གཟོད་སྡོད་དམངས་ཀྱི་ཁང་བའི་ནང་གི་དྲོད་ཚད་འོས་འཚམ་ཡིན་ལ། དེ་ལྟར་ཡིན་ན་གཞི་ནས་མི་རྣམས་ཀྱི་ལུས་སེམས་བདེ་ཐང་དང་ནམ་རྒྱུན་གྱི་འཚོ་བར་གནོད་སྐྱོན་བཟོ་བ་མ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།