མཐོང་ལམ་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོང་ལམ་སྦག་བཙོག
དེང་རབས་ཅན་གྱི་གྲོང་ཁྱེར་ནང་དུ་མཐོང་ལམ་གྱི་ཁོར་ཡུག་རིགས་གཉིས་ཀྱིས་རྒྱུན་པར་མི་རྣམས་ལ་སུན་སྣང་བཟོ་བ་ཡིན་ཏེ། དེ་ནི་ནང་དོན་མེད་པའི་མཐོང་རྒྱ་དང་རྒྱུ་རྐྱང་མཐོང་རྒྱ་གཉིས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
视觉污染
དབྱེ་བ།
ནང་དོན་མེད་པའི་མཐོང་རྒྱ་དང་རྒྱུ་རྐྱང་མཐོང་རྒྱ།
ཁྱབ་ཁོངས།
གྲོང་ཁྱེར།
དུས་ཚོད།
དེང་རབས།
1 ངོ་སྤྲོད།

མི་རྣམས་ཀྱི་མིག་ནི་རང་འགུལ་གྱི་འཚོལ་བཤེར་འཕྲུལ་ཆས་ཆ་གཅིག་དང་འདྲ་བར། ནམ་རྒྱུན་ཅི་ཞིག་འཚོལ་བ་དང་ཨ་ན་མ་ན་ཡིན་པ་དང་། ཧ་ལམ་སྐར་ཆ་གཉིས་ནས་གསུམ་གྱི་ནང་དུ་འགུལ་སྐྱོད་ཐེངས་ཤིག་བྱ་བ་ཡིན་ལ། འགུལ་སྐྱོད་བྱེད་ཐེངས་རེར་དངོས་པོ་མི་ཉུང་བ་མིག་ནང་དུ་བསྡུ་བ་ཡིན་མོད། འོན་ཀྱང་ནང་དོན་མེད་པའི་མཐོང་རྒྱའི་ཁོར་ཡུག་ཁྲོད། མི་རྣམས་ཀྱི་མིག་གིས་བྱེ་བྲག་གི་དངོས་པོ་གང་ཞིག་བཟུང་བའི་སྣང་ཚུལ་མེད་པས། ཅི་ཞིག་མཐོང་འདོད་ཀྱི་འདུན་པ་དྲག་པོ་སྐྱེ་བ་ཡིན། དེའི་རྐྱེན་གྱིས་གྲོང་ཁྱེར་ཆེན་པོར་འཚོ་བ་རོལ་བའི་མི་ལ་རྒྱུན་པར་ཚོར་བ་དེའི་རིགས་འབྱུང་བ་ཡིན་ཞིང་། མིག་གིས་དངོས་པོ་མང་བོ་མཐོང་བའི་དབང་དུ་སོང་ཡང་། དངོས་པོ་ཅི་ཡང་མ་མཐོང་བའི་ཚོར་བ་འབྱུང་བ་དང་སྟོང་བ་སྟོང་རྐྱང་ཡིན། དེ་ནི་གྲོང་ཁྱེར་འགའ་ཤས་ཀྱི་ཡུལ་ལྗོངས་ཀྱིས་ང་ཚོའི་མཐོང་ལམ་དུ་བསྐྱལ་འོང་བའི་སྦག་བཙོག་རིགས་ཤིག་རེད།

2 གནོད་སྐྱོན།

མཐོང་ལམ་སྐྱེ་ཁམས་རིག་པ་བ་ཡིས་མཐའ་ཚིག་བསྒྲགས་པ་ལྟར་ན། མཐོང་ལམ་སྦག་བཙོག་ནི་མཐོང་ཆུང་བྱས་ཆོག་པ་ཞིག་མ་ཡིན། དེའི་རྒྱུ་མཚན་ནི་དེ་ཡིས་དབང་རྩའི་བྱེད་ནུས་དང་ལུས་དྲོད། སྙིང་གི་འཕར་ལྡིང་། ཁྲག་ཤེད་བཅས་སྙོམས་སྒྲིག་མིན་པར་བཟོ་བར་མ་ཟད། མགོ་ཡུ་འཁོར་བ་དང་མིག་འཕྲུལ་བ། སྡོད་བཟོད་མེད་པ། ཟས་ཀྱི་ཡུ་ག་འགག་པ། རྣམ་རིག་བསྒྲིམ་མི་ཐུབ་པ། ཐང་ཆད་པ། གཉིད་མི་ཁུགས་པ་བཅས་ཀྱི་སྣང་ཚུལ་ཡང་འབྱུང་བ་ཡིན།

བཟོ་སྐྲུན་དངོས་པོའི་རིགས་རྣམ་པ་སྣ་ཚོགས་དང་གློག་སྐུད་འདྲ་མིན་སྣ་ཚོགས། གློག་སྡོང་། བརྙན་འཕྲིན་གྱི་གནམ་སྐུད།  མི་རྣམས་ཀྱི་མིག་འཕྲུལ་བར་བྱ་བའི་བརྡ་ཁྱབ་བྱང་བུ་ལ་སོགས་པས་མཐོང་ལམ་སྦག་བཙོག་འབྱུང་བ་ཡིན་ལ། དེ་ཡིས་མི་རྣམས་ཀྱི་སེམས་ཁམས་མི་སྐྱིད་པ་དང་ཐང་ཆད་པ། རྣམ་རིག་བསྒྲིམ་མི་ཐུབ་པ་སོགས་སྣང་ཚུལ་མང་བོ་འབྱུང་བ་ཡིན་པས། སྣང་ཚུལ་དེ་དག་ལ་མཐོང་ལམ་སྦག་བཙོག་གི་ཕྱོགས་བསྡུས་ནད་རྟགས་ཞེས་ཟེར་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།