ནག་པོའི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནག་པོའི་སྦག་བཙོག
ནག་པོའི་སྦག་བཙོག་ནི་དཀར་པོའི་སྦག་བཙོག་ལ་བལྟས་ནས་བཏགས་པའི་སྦག་བཙོག་གི་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་འགྱིག་འཁོར་གྱིས་ཁོར་ཡུག་ལ་ཐེབས་པའི་སྦག་བཙོག་ཡིན། མིག་སྔར། རང་རྒྱལ་ནི་འཛམ་གླིང་སྟེང་གི་འགྱིག་ཟད་གྲོན་གྱི་རྒྱལ་ཁབ་དང་པོ་དང་འགྱིག་ནང་འདྲེན་གྱི་རྒྱལ་ཁབ་དང་པོ་ཡིན་ཞིང་། རྒྱལ་ཡོངས་ནས་ལོ་རེར་ཐོན་པའི་འགྱིག་འཁོར་ནི་ཧ་ལམ་དུང་ཕྱུར1དང་བྱེ་བ4ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑色污染
1 རགས་བཤད།

ཕྱོགས་གཅིག་ནས45%ཡི་འགྱིག་འཁོར་མ་གཏོགས་བསྐྱར་བཟོས་ཐོན་ཁུངས་བྱས་ནས་ཚད་ལྡན་གྱི་ཕྱིར་སྡུད་ཐབས་ལམ་བརྒྱུད་ཀྱིན་མེད་པས། ཉིན་རྒྱུན་ཛ་དྲག་ཏུ་འགྱུར་བཞིན་པའི་ནག་པོའི་སྦག་བཙོག་གིས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ངོ་བོ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད། ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་སྤོས་འགྱིག་གི་ཐོན་ཁུངས་དཀོན་པ་དང་། སྤོས་འགྱིག་གི་རྒྱུ་ཆ་ནི་གཙོ་བོ་ཕྱི་ནས་ནང་འདྲེན་བྱས་པ་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གྱི་དགོས་མཁོ་སྐོང་བཞིན་ཡོད། དེའི་རྐྱེན་གྱིས་ངེས་པར་དུ་འགྱིག་འཁོར་ཟད་པོའི་རེས་འཁོར་གྱི་བེད་སྤྱོད་ཐོན་ལས་ཀྱི་དོ་དམ་ལ་ཤུགས་བསྣན་དགོས་པ་རེད་ལ། འགྱིགས་འཁོར་ཟད་པོའི་ནག་པོའི་སྦག་བཙོག་བཟོ་བར་སྔོན་འགོག་བྱ་དགོས།

2 ཐག་གཅོད་ཐབས་ལམ།

འཐུས་སྒོ་ཚང་བའི་གླ་ཡོན་ལེན་པ་དང་ཁ་གསབ་རྨང་གཞིར་བྱས་ནས། སྲིད་གཞུང་གི་རྒྱབ་སྐྱོར་འོག་དངོས་རྫས་རྙིང་ཧྲུལ་ཕྱིར་བསྡུས་ནས་བདེ་སྤྱོད་བྱ་བ་དེ་ཚོང་རའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་བྱ་བ།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་ལེགས་བཅོས་བྱས་ནས་འགྱིག་འཁོར་ཐོན་ལས་ཀྱི་ཁུངས་ལ་དོ་དམ་བྱ་བར་འགོ་བརྩམ་པ། དེ་ཡང་འགྱིག་འཁོར་ཟད་པོ་གང་བྱུང་དུ་གཡུག་པ་དགག་པ་ལས་གཞན། འགྱིག་འཁོར་ཐོན་སྐྱེད་ཀྱི་ཚོང་ལས་ལ་འགྱིག་འཁོར་ཟད་པོ་ཕྱིར་སྡུད་ཀྱི་མ་རྩ་གཏང་བར་བསྐུལ་བ།

སྤོས་འགྱིག་གི་རིགས་གནས་གཅིག་ཏུ་སྤུངས་ནས་ཐག་གཅོད་བྱེད་སའི་ར་བ་ཆེན་པོ་དང་མང་དུ་བསྐྲུན་པ།

སྤྱི་དམངས་ཡིན་པའི་ཆ་ནས་མི་སྒེར་སོ་སོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་གཏང་དགོས་པར་མ་ཟད། ནག་པོའི་སྦག་བཙོག་ཐག་གཅོད་ཀྱི་གནད་དོན་ལ་གཙིགས་ཆེན་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།