ཆིག་སྤྱོད་ཟས་སྣོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིག་སྤྱོད་ཟས་སྣོད།
མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཆིག་སྤྱོད་རང་བཞིན་གྱི་ཤོག་བཟོས་ཕོར་བའམ་འཚོ་བའི་མཁོ་ཆས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཞིང་། དབྱིབས་དང་རྣམ་པ་འདྲ་མིན་སྣ་ཚོགས་མང་བོ་ཞིག་དང་། ཁོར་ཡུག་འདྲ་མིན་སྣ་ཚོགས་སུ་བཀོལ་སྤྱོད་བྱས་ཆོག་པའི་ཤོག་བཟོས་འཚོ་བའི་མཁོ་ཆས་ཟམ་མི་ཆད་པར་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一次性餐具
1 ངོ་སྤྲོད།

མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཆིག་སྤྱོད་རང་བཞིན་གྱི་ཤོག་བཟོས་ཕོར་བའམ་འཚོ་བའི་མཁོ་ཆས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཞིང་། དབྱིབས་དང་རྣམ་པ་འདྲ་མིན་སྣ་ཚོགས་མང་བོ་ཞིག་དང་། ཁོར་ཡུག་འདྲ་མིན་སྣ་ཚོགས་སུ་བཀོལ་སྤྱོད་བྱས་ཆོག་པའི་ཤོག་བཟོས་འཚོ་བའི་མཁོ་ཆས་ཟམ་མི་ཆད་པར་བྱུང་བ་ཡིན། ཀྲུང་གོར། ཆིག་སྤྱོད་རང་བཞིན་གྱི་ཤོག་བཟོས་མཁོ་ཆས་ནི་ཧ་ཅང་མང་བ་ཡིན་ལ། ལྷག་པར་དུ་བུད་མེད་ཀྱི་འཕྲོད་བསྟེན་མཁོ་ཆས་སོགས་ནི་ཤུན་ཏུ་མང་བ་ཡིན། རིམ་པ་དང་པོའི་གྲོང་ཁྱེར་གྱིས་བཀོལ་སྤྱོད་ཀྱི་ཚད་ནི་རིམ་པ་གཉིས་པའི་གྲོང་ཁྱེར་དང་རིམ་པ་གསུམ་པའི་གྲོང་ཁྱེར། དེ་ལས་གཞན་པའི་ཞིང་ལས་ས་ཁུལ་ལས་མཐོ་བ་ཡིན། ཤེས་རབ་གཞི་གྲངས་ཞིབ་འཇུག་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། དར་རྒྱས་ཆེ་བའི་གྲོང་ཁྱེར་གྱི་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། ཆིག་སྤྱོད་རང་བཞིན་གྱི་ཤོག་བཟོས་ཐོན་རྫས་ཀྱི་ཚད་ནི་རིམ་པ་གཉིས་པའི་གྲོང་ཁྱེར་དང་རིམ་པ་གསུམ་པའི་གྲོང་ཁྱེར། དེ་ལས་གཞན་པའི་ཞིང་ལས་ས་ཁུལ་ལས་མཐོ་བ་ཡིན།

2 གནོད་སྐྱོན།

ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་བའི་ཟས་སྣོད་ནི་ནང་དུ་ཧ་ཤིག་ཕྱེ་མའམ་ཐཱན་སྐྱུར་ཀལ་སོགས་སྐྱེ་མེད་གཏེར་རྫས་སྣོན་མ་མང་དུ་ཡོད་པའི་ཐོན་རྫས་ཀྱིས་བཟོས་པ་ཡིན། དེ་ཡི་ཚུའུ་སྐྱུར་སྙིགས་རོ་ནི་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལྡབ་ཁ་ཤས་བརྒལ་བ་དང་། ཁོར་ཡུག་སྲུང་སྐྱོབ་དང་ཟས་རིགས་ཀྱི་གཙང་སྦྲ་གང་གི་ཆ་ནས་ཀྱང་ཚད་གཞིར་མི་ལོངས་པར་མ་ཟད། མིའི་ལུས་ཕུང་ལ་གནོད་པ་ཚབས་ཆེན་ཐེབས་པ་ནི། དཔེར་ན། མཁྲིས་རྡོ་ཆགས་པ་སོགས་ཀྱི་ནད་གཞི་བསྐྱེད་པ་ཡིན་ལ། དེ་ཡིས་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།