བཟོ་ལས་ཀྱི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ལས་ཀྱི་སྦག་བཙོག
བཟོ་ལས་ཀྱི་སྦག་བཙོག་ནི་བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་བྱུང་བའི་བཙོག་རླངས་དང་བཙོག་ཆུ་སོགས་ཀྱིས་ཁོར་ཡུག་ལ་སྦག་བཙོག་བཟོས་པ་ལ་ཟེར་ཞིང་། དེ་ནི་གཙོ་བོ་བཙོག་ཆུ་ལ་སོགས་པ་དང་འུར་སྒྲ་སྣ་ཚོགས་ཀྱིས་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工业污染
1 ངོ་སྤྲོད།

བཟོ་ལས་ཀྱི་སྦག་བཙོག་ནི་བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་བྱུང་བའི་བཙོག་རླངས་དང་བཙོག་ཆུ་སོགས་ཀྱིས་ཁོར་ཡུག་ལ་སྦག་བཙོག་བཟོས་པ་ལ་ཟེར་ཞིང་། དེ་ནི་གཙོ་བོ་བཙོག་ཆུ་ལ་སོགས་པ་དང་འུར་སྒྲ་སྣ་ཚོགས་ཀྱིས་བཟོས་པ་ཡིན།

2 གནོད་སྐྱོན།

བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་ཐག་གཅོད་མ་བྱས་པའི་ཆུ་དང་རླངས་པ་སོགས་ཕྱིར་གཏོང་བྱས་པ་ཡིས། ཞིང་ལས་ཀྱི་སྐྱེ་ཁམས་དོ་མཉམ་དང་རང་བྱུང་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་ཡིན།

བཟོ་ལས་ཀྱི་བཙོག་ཆུ་དང་བཙོག་རླངས་སོགས་ཀྱིས་བཟོ་ལས་རང་སྟེང་ལ་ཐེབས་པའི་གནོད་སྐྱོན་ཡང་ཧ་ཅང་ཚབས་ཆེན་ཡིན་ལ། དུག་ལྡན་གྱི་དངོས་རྫས་མི་གཙང་བ་ཡིས་ལྕགས་སྦུག་སོགས་སྒྲིག་ཆས་ལ་གནོད་པ་ཐེབས་ནས། སྒྲིག་ཆས་བཀོལ་སྤྱོད་ཀྱི་དུས་ཡུན་ཇེ་ཐུང་དུ་འགྲོ་བ་ཡིན།

ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པ་ཡིས་མི་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པ་ཡིན། 

སྦག་བཙོག་ལ་ལ་ནི་ཤེས་རྟོགས་འབྱུང་དཀའ་བ་ཡིན་ཞིང་། ཤེས་རྟོགས་བྱུང་བའི་ཚེ་ན་གནོད་སྐྱོན་ཐེབས་པ་ཧ་ཅང་ཚབས་ཆེན་གྱི་གནས་སུ་གྱུར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།