ས་རྒྱུ་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་རྒྱུ་སྦག་བཙོག
ས་རྒྱུ་སྦག་བཙོག་ནི་སྤྱིའི་ཆ་ནས་སྐྱེ་མེད་སྦག་བཙོག་དངོས་རྫས་དང་སྐྱེ་ལྡན་སྦག་བཙོག་དངོས་རྫས་རིགས་གཉིས་སུ་བཀར་ཡོད་དེ། སྐྱེ་མེད་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱུར་དང་བ་ཚྭ། ལྕགས་རིགས་ལྗིད་གྲས། ཚྭའི་རིགས། སི་ཡི་འདྲེས་སྦྱོར་དངོས་རྫས། སེན་དང་སེ། ཧྥུལ་བཅས་འདུ་བའི་འདྲེས་སྦྱོར་དངོས་རྫས་སོགས་ཡིན་ལ། སྐྱེ་ལྡན་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱེ་ལྡན་ཞིང་སྨན་དང་ཧྥུན་གྱི་རིགས། ཆིང་འགྱུར་རྫས། རྡོ་སྣུམ། འདྲེས་སྦྱོར་འདག་ཆུ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土壤污染
ཕྱི་ཡིག་གི་མིང་།
soil pollution
དབྱེ་བ།
སྐྱེ་ལྡན་སྦག་བཙོག་དངོས་རྫས་དང་སྐྱེ་མེད་སྦག་བཙོག་དངོས་རྫས།
1 ངོ་སྤྲོད།

ས་རྒྱུ་སྦག་བཙོག་ནི་སྤྱིའི་ཆ་ནས་སྐྱེ་མེད་སྦག་བཙོག་དངོས་རྫས་དང་སྐྱེ་ལྡན་སྦག་བཙོག་དངོས་རྫས་རིགས་གཉིས་སུ་བཀར་ཡོད་དེ། སྐྱེ་མེད་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱུར་དང་བ་ཚྭ། ལྕགས་རིགས་ལྗིད་གྲས། ཚྭའི་རིགས། སི་ཡི་འདྲེས་སྦྱོར་དངོས་རྫས། སེན་དང་སེ། ཧྥུལ་བཅས་འདུ་བའི་འདྲེས་སྦྱོར་དངོས་རྫས་སོགས་ཡིན་ལ། སྐྱེ་ལྡན་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱེ་ལྡན་ཞིང་སྨན་དང་ཧྥུན་གྱི་རིགས། ཆིང་འགྱུར་རྫས། རྡོ་སྣུམ། འདྲེས་སྦྱོར་འདག་ཆུ་སོགས་ཡིན།

ས་རྒྱུའི་ཁྲོད་དུ་གནོད་ལྡན་དངོས་རྫས་ཚད་ལས་བརྒལ་བ་དང་ས་རྒྱུ་རང་སྟེང་གི་གཙང་སེལ་གྱི་ནུས་པ་ལས་བརྒལ་བ་ཡིན་ན། ས་རྒྱུ་ཡི་གྲུབ་ཆ་དང་གྲུབ་ཚུལ། བྱེད་ནུས་བཅས་ལ་འགྱུར་བ་བྱུང་ནས། སྐྱེ་དངོས་ཕྲ་རབ་ཀྱི་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་པ་དང་། གནོད་ལྡན་དངོས་རྫས་རིམ་བཞིན་ས་རྒྱུའི་ཁྲོད་བསགས་པ་ཡིས་ས་རྒྱུ་ནས་སྐྱེ་དངོས་དང་སྐྱེ་དངོས་ནས་མི་ལུས་སམ། ས་རྒྱུ་ནས་ཆུ་དང་ཆུ་ནས་མི་ལུས་བཅས་ཀྱི་གོ་རིམ་བརྒྱུད་དེ། ཐད་ཀར་མ་ཡིན་པའི་སྒོ་ནས་མི་ལུས་ཀྱིས་བཞིབས་པ་ན། མི་ལུས་ཀྱི་བདེ་ཐང་ལ་གནོད་པའི་ཚད་དུ་སླེབས་པ་ཡིན།

2 གནོད་སྐྱོན།

(1)ཞིང་ལས་ཐོན་སྐྱེད་ཀྱི་ཚད་ཇེ་ཉུང་དུ་འགྲོ་བ་དང་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་དམའ་རུ་འགྲོ་བ།

(2)ས་འོག་གི་ཆུ་དང་ས་ངོས་ཀྱི་ཆུ་སྦག་བཙོག་བྱ་བ།

(3)རླུང་ཁམས་ཆེན་པོའི་ཆགས་རིམ་གྱི་ཁོར་ཡུག་གི་སྤུས་ཚད་ལ་གནོད་པ་ཐེབས་པ།

(4)མི་ལུས་ཀྱི་བདེ་ཐང་ལ་གནོད་པ་ཐེབས་པ།

3 འགོག་བཅོས།

(1)ཚན་རིག་དང་ལྡན་པའི་སྒོ་ནས་བཙོག་ཆུ་ཕྱིར་གཏོང་བྱ་བ།

(2)འོས་འཚམ་སྒོས་ཞིང་སྨན་བཀོལ་སྤྱོད་བྱ་བ།

(3)འོས་འཚམ་སྒོས་རྫས་འགྱུར་སྨན་རྫས་བེད་སྤྱོད་བྱ་བ།

(4)རྫས་འགྱུར་སྨན་རྫས་ལེགས་བཅོས་ཀྱི་ཆུ་ཡི་རིགས་བེད་སྤྱོད་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།