གད་སྙིགས་ཀྱི་སྦག་བཙོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གད་སྙིགས་ཀྱི་སྦག་བཙོག
གད་སྙིགས་ཀྱིས་ས་གཞི་ཧམ་བཟུང་བྱས་པ་དང་གཙང་བོ་སོགས་ཁེགས་པར་གྱུར་ནས། གཙང་སྦྲ་ལ་གནོད་པ་དང་ཡུལ་ལྗོངས་ཀྱི་མཛེས་ཆ་ལ་གནོད་པར་མ་ཟད། ལོ་ཏོག་གི་སྐྱེ་འཚར་དང་མི་ལུས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་སྣང་ཚུལ་དེ་ལ་གད་སྙིགས་ཀྱི་སྦག་བཙོག་ཟེར། དེ་ཡང་གད་སྙིགས་ཀྱི་སྦག་བཙོག་ལ་རིགས་ཆེན་པོ་གཉིས་ཡོད་དེ། བཟོ་ལས་སྙིགས་རོའི་སྦག་བཙོག་དང་འཚོ་བའི་གད་སྙིགས་ཀྱི་སྦག་བཙོག་གཉིས་ཡིན་ཞིང་། བཟོ་ལས་སྙིགས་རོའི་སྦག་བཙོག་ནི་བཟོ་ལས་ཐོན་སྐྱེད་དང་ལས་སྣོན་གྱི་གོ་རིམ་ཁྲོད་དུ་བྱུང་བའི་བེད་མེད་དངོས་རོ་ཡིན་ལ། དེ་ནི་གཙོ་བོ་སོལ་མ་རྡོ་དང་སོལ་ཐལ། ངར་ལྕགས་ཀྱི་སྙིགས་རོ། མཐོ་ཐབ་ཀྱི་སྙིགས་རོ། ས་དམར། སྤོས་འགྱིག རྡོ་སྣུམ་གྱི་སྙིགས་རོ་སོགས་ཡིན། ཡང་འཚོ་བའི་གད་སྙིགས་ཀྱི་སྦག་བཙོག་ནི་གཙོ་བོ་ཐབ་ཚང་གི་གད་སྙིགས་དང་འགྱིག་སྙིགས། ཤོག་སྙིགས། ཤེལ་སྒོ་ཆག་རོ། ལྕགས་རིགས་ཀྱི་ཐོན་རྫས་སོགས་ཡིན། གཞན་གྲོང་ཁྱེར་དུ་མི་གྲངས་ཇེ་མང་ལ་ཕྱིན་པའི་རྐྱེན་གྱིས་འཚོ་བའི་གད་སྙིགས་ནི་ལོ་རེའི10%ཡི་མྱུར་ཚད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
垃圾污染
ཕྱི་ཡིག་གི་མིང་།
Garbage pollution
དབྱེ་བ།
བཟོ་ལས་སྙིགས་རོའི་སྦག་བཙོག་དང་འཚོ་བའི་གད་སྙིགས་ཀྱི་སྦག་བཙོག
རྣམ་པ།
སྤྱི་ཚོགས་སྣང་ཚུལ།
1 གནོད་སྐྱོན།

(1)ཆུའི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།

(2)རླུང་ཁམས་ཆེན་པོའི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ།

(3)ས་གཞི་ལ་བསླད་སྐྱོན་ཐེབས་པ།

(4)མི་ལུས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཐེབས་པ།

(5)དཔལ་འབྱོར་གྱི་འཕེལ་རྒྱས་ལ་གནོད་པ་ཐེབས་པ།

2 གད་སྙིགས་རིགས་འབྱེད།

(1)དྲིལ་སྒྲོག་གི་སློབ་གསོ་རྒྱུན་ལྡན་ཅན་དུ་བསྒྱུར་བ།

(2)གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན་གྱི་ལས་ཀ་ཚོང་ལས་ཅན་དུ་བསྒྱུར་བ།

(3)ཁོར་ཡུག་སྲུང་སྐྱོབ་ཚོང་ལས་ཅན་དུ་བསྒྱུར་བ།

3 ཐབས་ཇུས།

(1)ཐོན་སྐྱེད་བྱེད་སྟངས་ལ་འགྱུར་བ་བཏང་ནས་ཐོན་ཁུངས་གྲོན་ཆུང་བྱ་བ།

(2)དྲིལ་སྒྲོག་གི་ནུས་ཤུགས་མཐོ་རུ་བཏང་ནས་ལྗང་མདོག་དུག་སེལ་དར་སྤེལ་བྱ་བ།

(3)རིན་ལེན་པའི་སྲིད་ཇུས་ལག་བསྟར་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།