ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >བཟོ་སྐྲུན། >རྩིག་བཟོ།

རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ།

རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་ནི་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནུབ་ཕྱོགས་ཀྱི་ཁྲང་ཨན་ཁྲོམ་ཆེན་གྱི་འགྲམ་དུ་བསྐྲུན་ཡོད་ལ། དེ་ནི་ཀྲུང་གོའི་འཕང་མཐོ་ཤོས་ཀྱི་སྒྱུ་རྩལ་ཕོ་བྲང་ཡིན།

རིགས་དབྱེ།  

ཀྲུང་ཧྲན་བང་སོ།

ཀྲུང་ཧྲན་བང་སོ་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་གྱི་ཙི་ཅིན་ཧྲན་རི་བོའི་ལྷོ་འདབས་སུ་བཏབ་ཡོད་ལ། དེ་ནི་ཀྲུང་གོའི་གསར་བརྗེའི་སྔོན་བྱོན་པ་སུན་ཀྲུང་ཧྲན་གྱི་བང་སོ་ཡིན།

རིགས་དབྱེ།  

གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།

མིང་དང་ཆིང་རྒྱལ་རབས་གཉིས་ཀྱི་གོང་མའི་ཕོ་བྲང་གི་ཤུལ་དུ་ཡོད་པའི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ཆེན་མོ་ཞིག་ཡིན།

རིགས་དབྱེ།  

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་གྲགས་ཅན་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

ཏུན་ཧོང་བྲག་ཕུག

ཏུན་ཧོང་བྲག་ཕུག་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་སྒྱུ་རྩལ་བང་མཛོད་ཅིག་ཡིན།

རིགས་དབྱེ།  

ཐཱ་ཇི་བང་སོ།

རྒྱ་གར་གྱི་ཨ་ག་ར་གྲོང་ཁྱེར་དུ་ལྟ་ན་སྡུག་པའི་བང་སོ་ཞིག་ཡོད་པ་དེ་ལ་ཐཱ་ཇི་བང་སོ་ཟེར། དེ་ནི་རྒྱ་གར་གྱི་མོ་ཝོར་རྒྱལ་རབས་ཀྱི་རྒྱལ་པོ་ཛྙ་ཧན་གྱི་གཅེས་པའི་བཙུན་མོ་ལ་བསྐྲུན་པ་རེད།

རིགས་དབྱེ།  

ཐའེ་པེའི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།

ཐའེ་པེའི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི་སྣ་འཛོམས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན།

རིགས་དབྱེ།  

ཐེང་ཝང་ཀོ་སྡིངས་ཁང་།

ཐེང་ཝང་ཀོ་སྡིངས་ཁང་ཉིད་ཧུའུ་པེ་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་། ཧུའུ་ནན་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་། ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱང་ཕོའུ་སྡིངས་ཁང་དང་ལྷན་དུ“འབྲི་ཆུ་ལྷོའི་སྡིངས་ཁང་རྣམ་གསུམ”དུ་གྲགས། དེ་ཉིད་ཐང་རྒྱལ་རབས་ཀྱི་ཡུང་ཧུའེ་སྲིད་ལོ་བཞི་པར(སྤྱི་ལོ653)སྐྲུན་མགོ་བརྩམས་པ་དང་། ཐང་གི་གོང་མ་ཀའོ་ཙུའུ་ཡི་སྲས་ལི་ཡོན་དབྱིན་བྱ་བས་ཧུང་ཀྲོའུ་ཡི་སྤྱི་ཁྱབ་བྱེད་དུས་བསྐྲུན་པ་རེད་ལ། ལི་ཡོན་དབྱིན་ལ“ཐེང་ཝང”ཡང་ཟེར་བས་ཐེང་ཝང་ཀོ་སྡིངས་ཁང་ཅེས་མིང་བཏགས་པ་རེད། སྡིངས་ཁང་དེ་ཉམས་གསོ་ཐེངས་མ28བྱས་མྱོང་ཡོད་པ་རེད།

རིགས་དབྱེ།  

ཐེན་ཐན་མཆོད་ཁང་།

ཐེན་ཐན་མཆོད་ཁང་ནི་སྤྱི་ལོ1420ལོར་འདེབས་མགོ་བརྩམས་ཤིང་། དེའི་གཞི་མའི་ཤར་ནུབ་ཀྱི་རིང་ལ་སྨི1700ཙམ་དང་ལྷོ་བྱང་གི་རིང་ལ་སྨི272བཟུང་ཡོད། ཕྱི་ན་ལྕགས་རི་རིམ་པ་གཉིས་ཡོད་པའི་ལྷོ་ཕྱོགས་ནི་གྲུ་ཟུར་ཅན་ཡིན་ལ་བྱང་ཕྱོགས་ནི་སྒོར་སྒོར་ཡིན།

རིགས་དབྱེ།  

པུ་རེ་ཐན་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་།

སྤྱི་ལོ1753ལོར། པུ་རེ་ཐན(དབྱིན་ཇིའི་རྟེན་རྫས་བཤམས་མཛོད་ཁང)ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་གསར་འཛུགས་གནང་།

རིགས་དབྱེ།  

ཕ་རི་སིའི་འཕགས་མའི་ལྷ་ཁང་།

ཕ་རི་སིའི་འཕགས་མའི་ལྷ་ཁང(Cathédrale Notre Dame de Paris)ནི་ཧྥན་རན་སིའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་སྐད་གྲགས་ཅན་ཡིན།

རིགས་དབྱེ།  

བསིལ་ཁང་།

རྒྱ་རིགས་ཀྱི་སྲོལ་རྒྱུན་ཨར་སྐྲུན་གྱི་ལྡིང་ཁང་ཞིག་ཡིན། མང་ཤོས་སྐྱེད་ཚལ་དང་ལྷ་ཁང་། གཙུག་ལག་ཁང་སོགས་ན་འཛུགས་སྐྲུན་བྱས་ཡོད།

རིགས་དབྱེ།  

མཁར་གྲོང་ཆེན་མོ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་།

མཁར་གྲོང་ཆེན་མོ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ནི་ཨ་རིའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་ཡིན་པ་དང་། འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་གྲགས་ཅན་ཞིག་ཀྱང་ཡིན།

རིགས་དབྱེ།  

ཝ་ཐི་གན་རྟེན་རྫས་བཤམས་མཛོད་ཁང་།

ཝ་ཐི་གན་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་ན་སྐད་གྲགས་ཆེ་བའི་རྟེན་རྫས་བཤམས་མཛོད་ཁང་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཨེའར་མེ་ཐ་ཧྲི་རྟེན་རྫས་བཤམས་མཛོད་ཁང་།

ཨུ་རུ་སུའི་སྒྱུ་རྩལ་དང་རིག་གནས་ལོ་རྒྱུས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་དང་། འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་འདི་ཉིད་སྤྱི་ལོ1764ལོར་ཨུ་རུ་སུའི་རྒྱལ་མོ་ཡེ་ཁ་ཅེ་ལིན་ན་སྐུ་རབས་གཉིས་པའི་ཕོ་བྲང་གི་ནང་རྫོང་རྨང་གཞི་བྱས་ཏེ་བཏབ་པ་དང་། སྤྱི་ལོ922ལོར་རྒྱལ་ཁབ་དགུན་གྱི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གཉིས་གཞི་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཨེའར་མེ་ཐ་ཧྲི་རྟེན་རྫས་བཤམས་མཛོད་ཁང་ཞེས་སུ་བསྒྱུར་བ་རེད།

རིགས་དབྱེ།  

རྟ་བབས།

རྟ་བབས་ལ་རྒྱ་སྐད་དུ“ཕའེ་ཧྥང”ཞེས་ཟེར་བ་དང་། ཀྲུང་གོའི་གནའ་རབས་ཀྱི་རྟགས་མཚན་རང་བཞིན་ཅན་དང་དྲན་རྟེན་རང་བཞིན་ཅན་གྱི་ཨར་སྐྲུན་ཆུང་གྲས་ཤིག་ཡིན་ལ། དེ་ཡང་ཕོ་བྲང་སོགས་ཀྱི་ཕྱི་རོལ་དུ་སླེབས་དུས་རྟ་ལས་བབས་ས་ཡིན་པས་བོད་སྐད་དུ་རྟ་བབས་ཞེས་ཟེར།

རིགས་དབྱེ།  

ས་ཁང་ཆེན་མོ།

ས་ཁང་ཆེན་མོ་ནི་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་གྱི་ནུབ་རྒྱུད་ཀྱི་ཁུ་ཅཱ་ཚོ་བར་དར་བའི་སྒོར་དབྱིབས་ཅན་གྱི་ཐོག་ཁང་ཞིག་ཡིན།

རིགས་དབྱེ།  

སནྡ་པེ་ཏི་ལྷ་ཁང་ཆེན་མོ།

སནྡ་པེ་ཏི་ལྷ་ཁང་ཆེན་མོར་སྒྱུ་རྩལ་གྱི་མཛད་ཆོས་ཁྱད་འཕགས་འབོར་ཆེན་བཞུགས་སུ་གསོལ་བ་དང་། དེ་དག་ལས་སྨི་ཁའེ་ལང་ཅི་ལུའི་མཛད་པའི་འདྲ་འབག《ཡེ་ཤུ་ལ་མྱ་ངན་ཞུ་བ》ཞེས་པ་དང་། པཱ་རོ་ཁོའི་ལུགས་ཀྱི་འདྲ་འབག་མཁས་ཆེན G.L.པའེ་ནེ་ནེ་ཡི་ལི་མའི་གདུགས་ནི་སྐད་གྲགས་ཆེ་ཤོས་ཡིན། སནྡ་པེ་ཏི་ལྷ་ཁང་ཆེན་མོའི་ཨར་སྐྲུན་གྱི་ཚོགས་ནི་སྒྱུ་རྩལ་པ་དང་བཟོ་སྐྲུན་པ། ངལ་རྩོལ་པ་མང་པོའི་བློ་གྲོས་ཀྱི་སྙིང་བཅུད་ཡིན།

རིགས་དབྱེ།  

བརྒྱ་ཐོག་ཁང་ཆེན།

བརྒྱ་ཐོག་ཁང་ཆེན་ཞེས་པ་ནི་བརྩེགས་རིམ་མང་པོ་ཅན་གྱི་ཨར་སྐྲུན་ཐོག་ཁང་ལ་ཟེར་བ་དང་། དང་ཐོག་བརྩེགས་རིམ་བཅུ་ནས་ཉི་ཤུ་ཅན་དང་ཕྱིས་སུ་བརྩེགས་རིམ་བཅུ་ཕྲག་དུ་མ་ནས་བརྒྱ་ཁང་ལ་སོན་ཡོད་པའི་ཁང་བརྩེགས་ཆེན་པོ་ལ་གོ།

རིགས་དབྱེ།  

ཡ་ཏེན་སྲུང་མཁར།

ཨ་ཏེ་ན་ལྷ་མོ་ནི་ཀེ་རེ་སིའི་ལྷ་སྒྲུང་གི་དགྲ་ལྷ་དང་ཤེས་རབ་ལྷ་མོ་ཡིན་པ་དང་། ཡ་ཏེན་སྲུང་མཁར་ནི་ཨ་ཏེ་ན་ལྷ་མོར་མཆོད་གསོལ་བྱེད་པའི་ཆེད་དུ་བཞེངས་བའི་ཨར་སྐྲུན་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

གཙུག་ལག་ཁང་གི་བཟོ་སྐྲུན།

འདུལ་བ་གནས་མལ་གྱི་གཞི་བམ་པོ་དོན་བཞི་བ་ལས་བྱུང་བའི་གཙུག་ལག་ཁང་གི་བཞེངས་ཚུལ་ལ། དབུས་སུ་དྲི་གཙང་ཁང་། གཡས་སུ་གནས་ཁང་གཉིས། དྲི་གཙང་ཁང་གི་དབུས་སྒོ་གང་འདོད། གཡས་ཕྱོགས་གནས་ཁང་གཉིས་ཀྱི་དྲི་གཙང་ཁང་གི་ཐད་ཀའི་དབུས་སྒོ་བྱ། དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ལྔ་རྩེག་སྒོ་ཁང་སྟེང་གི་བསིལ་ཁང་ལའང་བདུན་རྩེག་ཏུ་བྱའོ། །

རིགས་དབྱེ།  

གྱང་རྡུང་བའི་ལག་ཤེས།

བོད་ཁང་གི་ཕྱི་ཁོག་གཙོ་བོ་རྡོ་རྩིག་དང་གྱང་གཉིས་ཏེ། གྱང་རྡུང་བའི་ཐོག་མར་གྱང་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ཤིང་། གལ་ཏེ་རྨང་གཞི་བརྟན་པོ་ཞིག་མེད་ན། གྱང་གི་སྤུས་ཀ་སོགས་ལ་ཅི་ཙམ་གཟབ་ཀྱང་མཐར་ཐུག་གི་བརྟན་རླིང་ཞིག་མི་འོང་།

རིགས་དབྱེ།  

བང་ཁང་བཟོ་བའི་ལག་ཤེས།

བང་ཁང་ནི་ནགས་ཚལ་ཡོད་སའི་བོད་ཡུལ་གྱི་ས་ཆ་ཀུན་ལ་ཁྱབ་པའི་སྡོད་ཁང་ཁྱད་ཆོས་ཅན་ཞིག་ཡིན་ལ། དེ་ལ་དབྱར་དུས་དྭངས་ཤིང་དགུན་དུས་དྲོ་བ། བརླན་གྱིས་གནོད་པ་ཆུང་ཞིང་འབུ་སྲིན་དང་བྱི་བ་སོགས་འགོག་ཐུབ་པ། རྒྱུ་ཆ་རང་སར་རྙེད་ཅིང་ས་འགུལ་ལ་དཔའ་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན།

རིགས་དབྱེ།  

མི་ཉག་རྡོ་རྩིག་ལག་ཤེས།

འདིར་མི་ཉག་ཕྱོགས་སུ་དར་བའི་རྡོ་རྩིག་ཁང་བའི་འཛུགས་སྐྲུན་ལག་རྩལ་ཐད་ནས་ཅུང་གླེང་ན། ཐོག་མར་ཁང་བ་ཆེ་ཆུང་ཅི་འདྲ་ཞིག་འདོད་པ་དེ་ལུགས་ཀྱི་ས་ཐིག་གདབ་དགོས། ཁང་བ་ཆེ་ཆུང་དེ་ཡང་གཙོ་བོ་ཀ་གྲངས་མང་ཉུང་ལ་རག་ལས་ཏེ། ཀ་བ་གསུམ་ཅན་ནས་བཞི་ཅན། དྲུག་ཅན། བརྒྱད་ཅན། བཅུ་ཅན། བཅུ་གཉིས་ཅན་སོགས་ཡོད། མ་ཁང་ཀ་བ་བཅུ་གཉིས་ཅན་ནི་དེང་སང་ཁང་བ་ཆེ་བའི་གྲས་སུ་གཏོགས་ལ། མང་ཆེ་བ་ནི་ཀ་བ་དྲུག་ཅན་དང་དགུ་ཅན་ཡིན་ནོ། །

རིགས་དབྱེ།  

གཙོས་སྲས་མཁར་དགུ་ཐོག

གཙོས་སྲས་མཁར་དགུ་ཐོག་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་དང་ཉེ་བའི་ནུབ་བྱང་གི་མཚམས་སུ་ཆགས་པའི་དགའ་ལྡན་ཆོས་གླིང་དུ་ཡོད། ཤར་སྐལ་ལྡན་རྒྱ་མཚོ་ཞལ་བཞུགས་སྐབས་ཁོང་གི་ཐུགས་དམ་གྱི་རྟེན་མི་ལ་རས་པའི་སྐུ་གསུང་འབྱོན་མ་ཞིག་ཡོད་པ་དེ་འབེ་ཤེས་རབ་མཆོག་ལྡན་ལ་གནང་བར། ཁོང་གིས་རྟེན་འབྲེལ་ཁྱད་པར་ཅན་དུ་དགོངས་ནས་བོད་རབ་བྱུང་བཅུ་གཅིག་པ་ས་རྟ་སྤྱི་ལོ1678ལོར་དགོན་པ་འདིར་རྟེན་དེ་གཙོ་བཞུགས་ཀྱི་སྐུ་འབུམ་ཆེན་མོ་ཞིག་བཞེངས་རྒྱུའི་སྦྱོར་བ་བརྩམས་ཏེ། རྨང་གི་ས་རྡོ་སློག་སྐབས་སའི་གཏིང་ནས་དུང་དཀར་གཡས་འཁྱིལ་དང་རྗེ་མི་ལའི་ཞལ་ཐང་རྙེད་པ་དང་འཇའ་ཤར་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། སྤྱི་ལོ1777ལོར་རྗེ་བློ་བཟང་དར་རྒྱས་ཀྱིས་རྒྱས་བསྐྲུན་གནང་མོད། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྨེག་མེད་དུ་བཏང་། ད་ལྟར་མཇལ་རྒྱུ་ཡོད་པའི་གཙོས་སྲས་མཁར་དགུ་ཐོག་འདི་ནི་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་གཙོ་འགན་བཞེས་ཏེ་སྤྱི་ལོ1988ལོ་ནས་སྤྱི་ལོ1994ལོའི་བར་དུ་བསྐྱར་བཞེངས་བྱས་པ་དེ་ཡིན་ཞིང་། ལྷ་ཁང་དེའི་མཐོ་ཚད་ལ་སྨི་སུམ་ཅུ་སོ་བརྒྱད་ལྷག་ཡོད་ཅིང་། མཐའི་ལྕགས་རིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4180ཡོད། ནང་རྟེན་དུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ཀྱི་རྟེན་གསུམ་བྱིན་ཅན་བགྲང་ལས་འདས་པ་བཞུགས་སོ། །

རིགས་དབྱེ།  

ནོར་བུ་གླིང་ག

ནོར་བུ་གླིང་ག་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། དེ་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུ་བའི་ནང་ཐོག་མར་བཞེངས་མགོ་ཚུགས་པ་ཡིན། ནོར་བུ་གླིང་གའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ལྷག་ཡོད། དེ་ནི་ལྗོངས་ཁུལ་དང་ཕོ་བྲང་སྟེ་ཁག་ཆེན་པོ་གཉིས་སུ་དབྱེ་བ་དང་། ནོར་བུ་གླིང་གའི་བཟོ་སྐྲུན་གཙོ་བོ་ནི་སྐལ་བཟང་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཡོད།

རིགས་དབྱེ།  

ཙི་ཅིང་མཁར།

ཙི་ཅིང་མཁར་རམ་པེ་ཅིང་གི་གོང་མའི་ཕོ་བྲང་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་ཐོག་མར་བཞེངས་པ་དང་། ཆིང་རྒྱལ་རབས་ཀྱིས་ཕོ་བྲང་དེ་རྒྱ་བསྐྱེད་དང་ཞིག་གསོ་བྱས་ནས་ད་ལྟའི་རྣམ་པ་འདི་ལེགས་པར་འགྲུབ་པ་རེད། ཙི་ཅིང་མཁར་ནི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་རྒྱལ་པོའི་ཕོ་བྲང་ཡིན།

རིགས་དབྱེ།  

ཕོ་བྲང་དཀར་བོ།

ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་གྱི་པིན་ཞི་ཧྥ་ཉི་ཡའི་སྲང་ལམ་དུ་བརྩེགས་རིམ་བཞི་ཅན་གྱི་ཐོག་ཁང་ཆེན་མོ་ཞིག་ཡོད་པ་ནི་ཨ་རིའི་ཕོ་བྲང་དཀར་བོ་རེད། དེ་ནི་ཨ་རིའི་སྲིད་འཛིན་གཞུང་ཤག་སྟེ། སྲིད་འཛིན་གྱི་ལས་སྒྲུབ་བྱེད་ས་དང་བཞུགས་གནས་ཡིན།

རིགས་དབྱེ།  

ཁྲུན་ཝུན་མཆོད་རྟེན།

ཁྲུན་ཝུན་མཆོད་རྟེན་ནི་ཧྲའན་ཞི་ཞིང་ཆེན་ཅིན་ཡང་རྫོང་གི་ཅིན་ཧོ་གཙང་བོའི་བྱང་འགྲམ་ན་ཡོད་ཅིང་། ཀྲུང་གོའི་ཆེས་མཐོ་བའི་གྱོ་བཟོས་མཆོད་རྟེན་ཡིན།

རིགས་དབྱེ།  

པུ་རུ་སེར།

པུ་རུ་སེར་ནི་པི་ལི་ཧྲིའི་རྒྱས་ས་སྟེ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་མཁར་ཞིག་ཡིན།

རིགས་དབྱེ།