གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།
མིང་དང་ཆིང་རྒྱལ་རབས་གཉིས་ཀྱི་གོང་མའི་ཕོ་བྲང་གི་ཤུལ་དུ་ཡོད་པའི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ཆེན་མོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
故宫博物院
ཕྱི་ཡིག་གི་མིང་།
The Palace Museum
1 མཚམས་སྦྱོར།

མིང་དང་ཆིང་རྒྱལ་རབས་གཉིས་ཀྱི་གོང་མའི་ཕོ་བྲང་གི་ཤུལ་དུ་ཡོད་པའི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་དང་ཐོག་སྤྱི་ལོ1914ལོར་ཧྲེན་དབྱང་གི་གོང་མའི་ཕོ་བྲང་དང་།  ཁྲེང་ཏེ་ཚ་གཡོལ་རི་གྲོང་གི་རིག་དངོས་སྤོས་ཡོང་ནས་བཤམས་སྟོན་ཁང་བཙུགས་པ་དང་། སྤྱི་ལོ1925ལོའི་ཟླ10ཉིན་ལ་དངོས་གཞིའི་ཐོག་བཙུགས་པ་དང་།  དེའི་ཁོངས་སུ་གོང་མའི་ཕོ་བྲང་ཧྲིལ་པོ་ཚུད་ཡོད།  གོང་མའི་ཕོ་བྲང་གི་བཟོ་སྐྲུན་བཀོད་པ་རང་རྐང་ལ་ཡང་ལོ་རྒྱུས་དང་སྒྱུ་རྩལ་གྱི་གྱི་རིན་ཐང་ཆེན་པོ་ལྡན་ཡོད་རེད།  མཛོད་ཉར་རིག་གནས་ཀྱི་ཁྲོད་དུ་ཆིང་གོང་མའི་མཛོད་ཉར་དངོས་པོ་ཁྲི་ཚོ117ཡོད་པ་དང་།  སྤྱི་ལོ1949ལོར་དངོས་རྫས་ཁྲི་ཚོ21ཁ་སྣོན་བརྒྱབ་ཡོད། དེ་དག་ལས་མང་ཆེ་བ་ཞིག་རིན་ཐང་བྲལ་བའི་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན།  ད་ལྟ་ཕོ་བྲང་གི་ཁང་ཁྱིམ་ཁག་ཅིག་སྤྱད་དེ་ཆེད་དོན་བཤམས་སྟོན་སྤེལ་ཡོད་པ་ལ།  ལོ་རྒྱུས་རིམ་བྱུང་གི་སྒྱུ་རྩལ་ཁང་དུ་བསྐལ་བ་ཡ་ཐོག་ནས་ཆིང་རྒྱལ་རབས་ཀྱི་དུས་མཇུག་བར་གྱི་རིག་གནས་སྒྱུ་རྩལ་གྱི་མཛད་ཆོས་བཤམས་སྟོན་ཁང་དང་།  དེ་མིན་ད་དུང་ལི་ཆས་བཤམས་སྟོན་ཁང་དང་།  རྫ་དཀར་བཤམས་སྟོན་ཁང་། རི་མོའི་བཤམས་སྟོན་ཁང་།  རྡོ་རིང་བཤམས་སྟོན་ཁང་།  ཆུ་ཚོད་བཤམས་སྟོན་ཁང་སོགས་ཡོད།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།