འབུར་བཟོ་ལེགས་ཉེས་བརྟག་ཐབས་སུ་བཟོ་བའི་ངག་རྒྱུན་དུ། བྲིས་ལ་རྒྱབ་དང་། འབུར་ལ་ལོགས་ཟེར་བ་ཡོད་པས། འབུར་སྐུ་ལ་གཡས་གཡོན་གྱི་ལོགས་ནས་བལྟས་ན་ཤངས་དང་ཨོལ་ཀོ་སོགས་ཀྱི་འབུར་ཚད་ཚད་ལྡན་བྱུང་ཡོད་མེད་ཀྱི་སྐྱོན་མང་བོ་མཐོང་ཐུབ། ཅེས་འབུར་བཟོ་མཁས་པའི་ངག་ལས་ཐོས་སོ། །
སངས་རྒྱས་ཀྱི་ཚེམས་གདུང་མཆོད་རྟེན་ནི་པེ་ཅིན་གྲོང་ཁྱེར་གྱི་ནུབ་ཕྱོགས་པ་ཏ་ཁྲུའུ་ཞེས་པར་ཡོད་པ་དང་། མཆོད་རྟེན་གྱི་བུམ་པའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་ཚེམས་གཅིག་བཞུགས་ཡོད་པས། མཆོད་རྟེན་གྱི་མིང་ལ་སངས་རྒྱས་གྱི་ཚེམས་གདུང་མཆོད་རྟེན་ཟེར།
ཤཱཀྱའི་མཆོད་རྟེན་ནི་ཧྲའན་ཞི་ཞིང་ཆེན་ཡན་མིན་འགག་སྒོའི་བྱང་ཕྱོགས་ཀྱི་ཡུན་རྫོང་དུ་ཡོད་པའི་ལའོ་རྒྱལ་རབས་སྐབས་ཀྱི་ཤིང་བཟོས་མཆོད་རྟེན་མིང་གྲགས་ཅན་ཞིག་ཡིན།
《ལྡེའུ་ཆོས་འབྱུང》ལས་བྱུང་བའི་བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་པའི་ལྷར་འབུལ་ཚན་པ་དྲུག་བསྟན་ཡོད།
བཀའ་འགྱུར་རྡོ་བརྐོས་མཆོད་རྟེན་ནི་སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས37°03'33.80"N 99°58' 44.41"Eདང་། མཚོ་འཕགས་སྨི3300ཡོད། བོང་སྟག་ཚོ་བ་བཅོ་བརྒྱད་ཀྱིས་ལོ་ངོ་གཉིས་ཀྱི་རིང་ལ་བཀའ་འགྱུར་ཆེན་མོ་རྡོའི་སྟེང་དུ་བརྐོས་ནས་མཆོད་རྟེན་ཆེན་མོ་ཞིག་བཞེངས། འདི་བཞེངས་པའི་འགྲོ་སོང་ལ་བོང་སྟག་གི་དད་ལྡན་མང་ཚོགས་ཀྱིས་རང་འདོད་ཀྱིས་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་བཏིངས་ནས་བཞེངས།
མཆོད་རྟེན་འདི་བཀྲ་ཤིས་ཆོས་རྫོང་ལུང་མདོར་བཞེངས་ཡོད། ཉིས་སྟོང་བདུན་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། བླ་མ་སྤྱི་རོང་གཏེར་སྟོན། མདོ་སྔགས་ཡོན་ཏན་རྒྱ་མཚོ། བླ་མ་དཔལ་ཆེན། བླ་མ་བདེ་ཆེན། བླ་མ་ཀུན་བཟང་གྲགས་པ་བཅས་ཀྱིས་རབ་གནས་བྱས་པ་ཡིན། འབྲུག་ཁྱུང་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ30ཡས་མས་ཀྱི་མཚམས་སུ་ཡོད།
འགུ་རྫོང་མཆོད་རྟེན་ནི་འབྲོང་མདའ་ཡུལ་ཚོ་ཞེ་ཀེ་གྲོང་སྡེའི་ཤར་ཕྱོགས་སུ་སྤྱི་ལེ་༣མཚམས་ཀྱི་འབྲི་ཆུའི་གཡས་འགྲམ་དྲུང་པོར་ཇོ་བོ་ཕྱིང་དཀར་ཞེས་པའི་རི་ཞོལ་དུ་བཞུགས་ཤིང་། བྱང་གི་འཕྲེད་ཐིག3319′28.10″ཤར་གྱི་གཞུང་ཐིག9653′2420″ མཐོ་ཚད་ལ་སྨི3651ཡོད།
འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་རིན་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་དང་། དཔོན་ཆེན་ཡེ་ཤེས་འབྱུང་གནས་གཉིས་ཀྱིས་བཞེངས་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཚ་སྒར་བ་ངག་དབང་བཟང་བོས་སྤྱི་ལོ2004ལོའི་ཟླ2པའི་ཚེས11ཉིན་མཆོད་རྟེན་འདི་ཉིད་བཞེངས་པའི་དབུ་ཚུགས་ནས་སྤྱི་ལོ2016ལོའི་ཟླ7པའི་ཚེས10ཉིན་ཡོངས་སུ་ལེགས་འགྲུབ་བྱུང་། མཐོ་ཚད་ལ་སྨི60དང་ཞེང་ལ་སྨི57ཡོད་པ་དང་། མཆོད་རྟེན་གྱི་བཀོད་པ་ཡོངས་ཕྱི་ནང་བར་གསུམ་དུ་ཕྱེས་ཡོད་པའི་ནང་དུ་བང་རིམ་ལྔ་དང་། ཕྱི་ན་ལྷ་ཁང་གི་སྒོ་མོ108དང་། ལྷ་ཁང་ཆེ་ཆུང་128བཅས་དང་། ནང་བཞུགས་ཀྱི་རྟེན་ལ་སྐུ་བརྙན་ཆིག་ཁྲི། བཀའ་བསྟན་གཙོས་གླེགས་བམ་གྱི་གསུང་རབ་ཁྲི་ཕྲག་བཅས་ཡོད། སྤྱི་ལོ2018ལོའི་ཟླ1པོར་འཛམ་གླིང་ཆེན་མོ་ཅི་ཉི་སིའི་ཡང་རྩེ་སྟེ། བོད་ལུགས་མཆོད་རྟེན་གྱི་བཀོད་པ་ཆེས་མཆོག་ཏུ་གྱུར་བ་ཞེས་པའི་མཚན་སྙན་བསྒྲོན་ནས་ཀྲུང་གོའི་བོད་ལུགས་མཆོད་རྟེན་ཆེས་ཆེ་ཤོས་ཀྱི་གཟི་བརྗིད་དཔང་ཡིག་དངོས་སུ་སྤྲད།
| རྟེན་དང་བརྟེན་པ། བརྡ་འགྲེལ 8 ཡོད། |