ཐེང་ཝང་ཀོ་སྡིངས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེང་ཝང་ཀོ་སྡིངས་ཁང་།
ཐེང་ཝང་ཀོ་སྡིངས་ཁང་ཉིད་ཧུའུ་པེ་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་། ཧུའུ་ནན་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་། ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱང་ཕོའུ་སྡིངས་ཁང་དང་ལྷན་དུ“འབྲི་ཆུ་ལྷོའི་སྡིངས་ཁང་རྣམ་གསུམ”དུ་གྲགས། དེ་ཉིད་ཐང་རྒྱལ་རབས་ཀྱི་ཡུང་ཧུའེ་སྲིད་ལོ་བཞི་པར(སྤྱི་ལོ653)སྐྲུན་མགོ་བརྩམས་པ་དང་། ཐང་གི་གོང་མ་ཀའོ་ཙུའུ་ཡི་སྲས་ལི་ཡོན་དབྱིན་བྱ་བས་ཧུང་ཀྲོའུ་ཡི་སྤྱི་ཁྱབ་བྱེད་དུས་བསྐྲུན་པ་རེད་ལ། ལི་ཡོན་དབྱིན་ལ“ཐེང་ཝང”ཡང་ཟེར་བས་ཐེང་ཝང་ཀོ་སྡིངས་ཁང་ཅེས་མིང་བཏགས་པ་རེད། སྡིངས་ཁང་དེ་ཉམས་གསོ་ཐེངས་མ28བྱས་མྱོང་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
滕王阁
ཕྱི་ཡིག་གི་མིང་།
Pavilion of Prince Teng、 Tengwang pavilion
བཞེངས་འགྲུབ་ཀྱི་ལོ།
སྤྱི་ལོ653ལོར།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར།
རྒྱ་ཁྱོན།
སྨི་གྲུ་བཞི་མ། 13000
1 མཚམས་སྦྱོར།

ཐེང་ཝང་ཀོ་སྡིངས་ཁང་ཉིད་ཧུའུ་པེ་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་།  ཧུའུ་ནན་ཞིང་ཆེན་གྱི་ཧོང་ཧོ་ལོའུ་སྡིངས་ཁང་དང་།  ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱང་ཕོའུ་སྡིངས་ཁང་དང་ལྷན་དུ“འབྲི་ཆུ་ལྷོའི་སྡིངས་ཁང་རྣམ་གསུམ”དུ་གྲགས།  དེ་ཉིད་ཐང་རྒྱལ་རབས་ཀྱི་ཡུང་ཧུའེ་སྲིད་ལོ་བཞི་པར(སྤྱི་ལོ653)སྐྲུན་མགོ་བརྩམས་པ་དང་། ཐང་གི་གོང་མ་ཀའོ་ཙུའུ་ཡི་སྲས་ལི་ཡོན་དབྱིན་བྱ་བས་ཧུང་ཀྲོའུ་ཡི་སྤྱི་ཁྱབ་བྱེད་དུས་བསྐྲུན་པ་རེད་ལ།  ལི་ཡོན་དབྱིན་ལ“ཐེང་ཝང”ཡང་ཟེར་བས་ཐེང་ཝང་ཀོ་སྡིངས་ཁང་ཅེས་མིང་བཏགས་པ་རེད།  སྡིངས་ཁང་དེ་ཉམས་གསོ་ཐེངས་མ28བྱས་མྱོང་ཡོད་པ་རེད།

ད་ལྟའི་ཅང་ཞི་ཞིང་ཆེན་གྱི་ནན་ཁྲང་གི་ཐེང་ཝང་ཀོ་སྡིངས་ཁང་ནི་སུང་རྒྱལ་རབས་ཀྱི་ལུགས་ལ་དཔེ་ལྟ་བྱས་ནས་བསྐྲུན་པ་ཡིན།  དེ་ཡང་སུང་རྒྱལ་རབས་ཀྱི་ཏ་ཀོན་སྲིད་ལོ་གཉིས་པར(སྤྱི་ལོ1108)ཐེང་ཝང་ཁོ་སྡིངས་ཁང་ཞིག་རལ་དུ་གྱུར་བས་དཔོན་སྣེ་ཧྥན་ཐན་བྱ་བས་བསྐྱར་སྐྲུན་བྱས་ཏེ་རྒྱ་ཆེར་བསྐྱེད་པ་དང་། དེ་ཉིས་གཟི་དཔལ་འབར་བའི་རྣམ་པ་དང་རྔམ་བརྗིད་ལྡན་པའི་ཉམས་སྟབས་ཀྱི་ཐོག་ནས“ཐེང་ཝང་ཀོ་སྡིངས་ཁང་རིམ་བྱུང་ནང་གི་རྩེ་ཏོག”ཏུ་བསྔགས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།