ཕ་རི་སིའི་འཕགས་མའི་ལྷ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་རི་སིའི་འཕགས་མའི་ལྷ་ཁང་།
ཕ་རི་སིའི་འཕགས་མའི་ལྷ་ཁང(Cathédrale Notre Dame de Paris)ནི་ཧྥན་རན་སིའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་སྐད་གྲགས་ཅན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴黎圣母院
ཕྱི་ཡིག་གི་མིང་།
Notre-Dame de Paris Notre-Dame Cathedral
ས་གནས།
ཧྥ་རན་སིའི་པ་ལི།
བཞེངས་སྐྲུན་ལོ་ཚིགས།
སྤྱི་ལོ1163ལོ་ནས་སྤྱི་ལོ1345ལོ།
བཟོ་སྐྲུན་གྱི་ཁྱད་ཆོས།
ཀི་ཐིའི་རྣམ་དབྱིབས་ཅན།
ཁོངས་གཏོགས་ཆོས་ལུགས།
གནམ་བདག་ཆོས་ལུགས།
ཆོས་དཔོན།
ཨན་ཏུ་ལིའེ·ཝན་ཐུ་ལུའོ་ཝ།
1 མཚམས་སྦྱོར།

ཧྥན་རན་སིའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་སྐད་གྲགས་ཅན་ཡིན་པའི་ཕ་རི་སིའི་འཕགས་མའི་ལྷ་ཁང་ནི1163ལོར་འདེབས་མགོ་བརྩམས་ནས1345ལོར་ལས་མཇུག་རྫོགས།  ལྷ་ཁང་དེས་ཁོ་ཐེའེ་ལུགས་ཀྱི་ཨར་སྐྲུན་གྱི་ཁྱད་ཆོས་མངོན་པར་མཚོན་ཡོན་པ་སྟེ།  མཐོ་ལ་དྲང་བ་དང་བདེ་ལྕག་འཁྱུག་པར་སྣང་།  དེའི་མདུན་ཐད་ཀྱི་དྲིལ་ཁང་ལྕོག་རིང་གཉིས་ཀྱི་མཐོ་ཚད་ལ་སྨི68ཡོད་པ་དང་། དབུས་ཀྱི་ཚོམས་ཆེན་གྱི་མཐོ་ཚད་སྨི35ཡོད་ཅིང་།  ཀླད་ཀྱི་རྩེ་མོའི་མཐོ་ཚད་སྨི90ལྷག་ཡོད་ཅིང་།  རྩེ་ཟུར་སྒོ་ཁུང་ཆེ་ཆུང་མང་པོ་ཡོད་པ་ལས་དྲང་ཐད་དུ་དགོས་ལ་སྙེག་པའི་སྣང་བ་ལྟར།  ལྷ་ཁང་དེའི་སྙོམ་ངོས་སུ་ལ་ཏིང་ལུགས་ཀྱི་རྒྱ་གྲམ་དབྱིབས་ཀྱི་ཀ་འཁྱམས་ཅན་གྱི་སནྡ་ཁེ་ཏི་ཐང་ཆེན་བསྐྲུན་པ་ལ།  ལོ་ངོ200ལྷག་ལ་བཟོ་སྐྲུན་བྱས་པའི་འཛམ་གླིང་གི་ལྷ་ཁང་སྐད་གྲགས་ཅན་དེ་གཞི་ནས་ལས་མཇུག་ཡོངས་སུ་རྫོགས་པ་རེད། ལྷ་ཁང་ཆེན་མོ་དེའི་དབུ་རྩེ་སྒོར་མོའི་ཚངས་ཐིག་ལ་སྨི41.9ཡོད་པ་དང་།  དབུ་རྩེའི་འོག་གི་ཁང་པའི་མཐོ་ཚད་ཁེར་གཙང་ལ་སྨི123.4ཡོད།  ཕྱིའི་དབུ་རྩེའི་རྒྱ་གྲམ་གྱི་སྣེ་མོའི་མཐོ་ཚད་སྨི137.8ལ་ཟིན་པ་དང་། ལྷ་ཁང་གི་མདུན་ངོས་ཀྱི་མཐོ་ཚད་ལ་སྨི15.5དང་རིང་ལ་སྨི115ཡོད་ལ།  ཀ་བ8དང་ཀ་རྩིགས4ཡོད་ཅིང་།  གཞོགས་གཉིས་སུ་དྲིལ་ཁང་ཡོད། ལྷ་ཁང་དེའི་ཕྱི་ངོས་ཀྱི་རིང་ཚད་ལ་སྨི211.5ཡོད་པ་དང་།  གཅིག་བསྡུས་ཅན་གྱི་ཆ་ཤས་ཀྱི་ཞེང་ཚད་ལ་སྨི137ཡོད་ལ།  རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ49734ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-17

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།