བསིལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསིལ་ཁང་།
རྒྱ་རིགས་ཀྱི་སྲོལ་རྒྱུན་ཨར་སྐྲུན་གྱི་ལྡིང་ཁང་ཞིག་ཡིན། མང་ཤོས་སྐྱེད་ཚལ་དང་ལྷ་ཁང་། གཙུག་ལག་ཁང་སོགས་ན་འཛུགས་སྐྲུན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亭子
རྒྱལ་ཁབ།
ཀྲུང་གོ
རིགས་དབྱེ།
འཛུགས་སྐྲུན།
1 ​དབྱེ་བ།

ཀྲུང་གོའི་ཕོ་བྲང་སྐྱེད་ཚལ་ནང་དུ་མེད་དུ་མི་རུང་བའི་ཨར་སྐྲུན་ཞིག་ཡོད་པ་ནི་བསིལ་ཁང་ཡིན།  དེ་ནི་སྤྱན་གཟིགས་ཨར་སྐྲུན་ཆུང་གྲས་ཡིན་ལ་གྲངས་འབོར་མང་ཞིང་བཟོ་བཀོད་ཕུན་སུམ་ཚོགས་པ་ཡོད།  བསིལ་ཁང་གི་སྙོམ་ངོས་ནི་སྒོར་དབྱིབས་དང་། གྲུ་བཞིའི་དབྱིབས། གཟེ་མའི་དབྱིབས།  རླུང་གཡབ་དབྱིབས། རྒྱ་གྲམ་དབྱིབས་སོགས་དབྱིབས་རིས་ཅན་ཡིན་པ་དང་།  དེ་མིན་ད་དུང་གཟེ་མ་ཟུང་ལྡན་གྱི་དབྱིབས་སོགས་སྤེལ་མ་ཅན་ཡང་ཡོད། བསུལ་ཁང་གི་རྒྱ་ཕིབས་ལ་རྣམ་པ་སྣ་ཚོགས་ཡོད།  

2 ཁྱད་ཆོས།

བྱང་ཕྱོགས་ཀྱི་བསིལ་ཁང་ལ་བབ་བརླིང་ལྡན་པ་དང་།  ལྷོ་ཕྱོགས་ཀྱི་བསིལ་ཁང་ལ་སྒེག་ཉམས་ལྡན་པ་རེད།  སྐྱེད་ཚལ་ནང་གི་བསིལ་ཁང་ལ་ཆ་མཚོན་ན་གནས་ཡུལ་ཧ་ཅང་གལ་ཆེན་པོ་ཡིན།  སྐད་གྲགས་ཆེ་བའི་བསིལ་ཁང་ལ་སུའུ་ཀྲོའུ་སྐྱེད་ཚལ་ནང་གི་ཕྱོགས་བཞིར་པད་མའི་དྲི་བསུང་ལྡིང་ཞེས་པ་དང་།  ཟླ་བ་འཆར་ལ་རླུང་བུ་ལྡིང་ཞེས་པ།  རྦབ་ཆུའི་མཐོང་ས་ཞེས་པ། རླབས་སྒྲ་ཉན་ས་ཞེས་པ་སོགས་ཡོད།  ཕྱོགས་མཚུངས་སུ་བསིལ་ཁང་ཡང་ལོངས་སུ་སྤྱད་བྱའི་ཡུལ་ལྗོངས་ཀྱང་ཡིན།  བསིལ་ཁང་དང་འཁྱམས་རིང་དང་ཟམ་པ་བཅས་གཅིག་ཏུ་བསྡེབས་པས་བཟོ་སྐྲུན་གྱི་བཀོད་པ་ངོ་མཚར་ཆེ་བ་འགྲུབ་ཐུབ་པ་རེད། 


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། བཟོ་བསྐྲུན། བསིལ་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།