ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >བཟོ་སྐྲུན། >གཞན་དག

ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།

ཀྲུང་གོའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ནི་སྔ་མའི་ཀྲུང་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་གཉིས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པའི་རྒྱལ་ཁབ་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན།

རིགས་དབྱེ།  

དུས་རབས་བར་མའི་ཨར་ལས་སྒྱུ་རྩལ།

དུས་རབས་བར་མ་ཟེར་བ་ནི་དུས་རབས5-15པའི་བར་གྱི་དུས་སྐབས་ལ་ཟེར། དུས་རབས་བར་མའི་རི་མོ་ནི་ཡེ་ཤུ་ཆོས་ལུགས་ཀྱི་རི་མོ་ཡིན་པ་དང་། དེའི་ཁྱད་ཆོས་ནི་འཇིག་རྟེན་མི་ཆོས་ཀྱི་མངོན་སུམ་ལ་རྩིས་མཐོང་མེད་པར་བསམ་བློ་འདུ་ཤེས་ཏེ་འཇིག་རྟེན་ལས་འདས་པའི་ལྷ་ཆོས་མཚོན་རྒྱུར་དང་དོད་ཆེ་བ་རེད།

རིགས་དབྱེ།  

ཕ་བོང་གི་ཨར་སྐྲུན།

དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སོའར་ཚི་པོག་བདེ་ཐང་སྟེང་དུ་རྡོ་ཕ་བོང་གི་བཟོ་སྐྲུན་གྱི་བཀོད་པ་ཞིག་བཞེངས་ཡོད།

རིགས་དབྱེ།  

བྲག་ཕུག་སྒྱུ་རྩལ།

བྲག་ཕུག་ནི་རྡོའི་སྟེང་དུ་གཏོད་ཡོད་ལ། དེ་ལ་བྲག་ངོས་ཀྱི་དགོན་པ་སོགས་ཡོད། དེ་ནི་རྒྱ་གར་ལས་བྱུང་བ་ཡིན།

རིགས་དབྱེ།  

མའེ་ཅི་རི་མོའི་བྲག་ཕུག

རི་བོ་མའེ་ཅི་ཧྲན་བྲག་ཕུག་ནི་ཀྲུང་གོའི་ཀན་སུའུ་ཞིན་ཆེན་གྱི་ཐེན་ཧྲའེ་ཡི་ལྷོ་ནུབ་ཕྱོགས་སུ་སྟོང་སྨི45འདས་པའི་ཆིན་ལིན་རི་རྒྱུད་ནུབ་ཕྱོགས་ཀྱི་རི་བོ་མའེ་ཅི་ཧྲན་ཤར་ངོས་དང་ནུབ་ངོས་སུ་བཏབ་ཡོད།

རིགས་དབྱེ།  

ཞི་ལིང་པར་ཁང་།

ཞི་ལིང་པར་ཁང་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་བརྐོས་རིས་ཞིབ་འཇུག་བྱེད་མཁན་གྱི་རིག་གཞུང་ཚོགས་པ་སྐད་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ཡུན་ཀང་བྲག་ཕུག

ཡུན་ཀང་བྲག་ཕུག་ནི་ཧྲན་ཞིའི་ཏ་ཐུག་གི་ནུབ་ཕྱོགས་སུ་སྟོང་སྨི16རྒྱང་བའི་ཝུའུ་ཀྲོའུ་ཧྲན་རི་བོའི་འདབས་སུ་བཏབ་ཡོད་ལ། ཁ་ལྷོ་ཕྱོགས་སུ་གཏབ་པའི་གནས་དེར་ཕུག་པའི་ཀུན་དགའ་ར་བ་སྟོང་སྨི1ཙམ་ལ་བསྟར་མར་བཏབ་ཡོད་པ་དང་། ད་ལྟ་ཕུག་པ35དང་། ཀུན་དགའ་ར་བ1100ལྷག ལྷ་སྐུ་ཁྲི་ཚོ5.1བཅས་སོར་ལུས་སུ་ཉར་ཡོད། ཡུན་ཀང་བྲག་ཕུག་ནི་ཐོག་མར་ཝེ་རྒྱལ་རབས་བྱང་མའི་དུས་དཀྱིལ་དུ་འདེབས་མགོ་བརྩམས་པ་དང་། དེ་ནས་ཐང་རྒྱལ་རབས་དང་། ལིའོ་རྒྱལ་རབས། ཅིན་རྒྱལ་རབས་བཅས་ཀྱི་སྐབས་སུ་ཡང་མཐུད་དེ་བཏབ་པ་རེད། མིང་རྒྱལ་རབས་ཀྱི་སྐབས་སུ་ཡུན་ཀང་བྲག་ཕུག་ཞེས་གྲགས།

རིགས་དབྱེ།  

རྟེན་རྫས་བཤམས་མཛོད་ཁང་།

རྟེན་རྫས་བཤམས་མཛོད་ཁང་ནི་དབྱིན་ཇིའི་སྐད་དུmuseumཞེས་པ་སྟེ་མུ་སི་ལྷ་ཁང་ཞེས་པའི་དོན་ཡིན། མུ་སི་ལྷ་ཁང་ནི་སྤྱི་ལོའི་སྔོན་གྱི་དུས་རབས3པའི་ནང་དུ་ཐོ་ལེ་སྨི་རྒྱལ་རབས་ཀྱིས་ཡ་ལེ་ཧྲི་ཏོ་ཏེ་སློབ་གླིང་དུ་ཉར་བའི་རིན་པོ་ཆེའི་འཇོག་གནས་ཡིན་པ་དེ་ནི་མིའི་རིགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ཐོག་མ་ཡིན།

རིགས་དབྱེ།  

ལུང་མོན་བྲག་ཕུག

བྲག་ཕུག་དེ་ཐོག་མར་འདེབས་པའི་སྐབས་སུ་ལྷ་སྐུ་རྣམས་ཀྱི་བཟོ་བཀོད་སྒེག་ཉམས་ལྡན་པ་དང་། སྟོན་པའི་ན་བཟའ་མང་ཆེ་བར་གཉེར་རིས་མང་ལ། ཀུན་དགའ་ར་བ་སོགས་གཟི་དཔལ་བཀྲ་ལ་རྣམ་པ་མང་པོར་བཞེངས་ཡོད།

རིགས་དབྱེ།  

ལོའུ་ཝར་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།

ལོའུ་ཝར་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་ལོ1190-1203ལོར་བཏབ་པ་དང་། དེ་ཉིད་ཕ་རི་སིའི་སེ་ན་ཆུ་བོའི་འགྲམ་དུ་ཡོད་ལ། སྔོན་མར་ཧྥ་རན་སིའི་རྒྱལ་པོའི་ཕོ་བྲང་ཡིན་པ་ཧྥ་རན་སིའི་གསར་བརྗེའི་རྗེས་ཀྱི་སྤྱི་ལོ1793ལོའི་ཟླ7པའི་ཚེས27ཉིན་ལ་སྤྱི་མཐུན་རྒྱལ་ཁབ་དང་པོས་བཀའ་ལུང་བསྒྲགས་ནས་སྤྱི་ཁྱབ་རྒྱལ་ཁབ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་བཙུགས་པ་ཡིན།

རིགས་དབྱེ།  

སིན་ནེ་གླུ་དབྱངས་ཟློས་གར་ཁང་།

མཚོ་ཁྲས་གཤོག་རྩལ་ངོམ་པའམ་གཡོར་གྲུ་འཇུག་ངོགས་སུ་བབས་པ་ལྟ་བུའི་ཞི་ཉི་གླུ་དབྱངས་ཟློས་གར་ཁང་ནི་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་གྲོང་ཁྱེར་གྱི་མཚོ་ངོགས་སུ་བསྐྲུན་ཡོད་པ་དང་། གྲོང་ཁྱེར་དེའི་མཚོན་རྟགས་ཡིན།

རིགས་དབྱེ།  

ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་།

ཨ་རིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་སྟེང་གི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གཞི་རྒྱ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཨ་རིའི་རང་བྱུང་ལོ་རྒྱུས་ཀྱི་ཞིབ་འཇུག་དང་སློབ་གསོའི་ལྟེ་གནས་ཀྱི་གྲས་ཤིག་ཀྱང་ཡིན།

རིགས་དབྱེ།  

ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་སྐར་སྐྱོད་རྟེན་རྫས་བཤམས་མཛོད་ཁང་།

རྟེན་རྫས་བཤམས་མཛོད་ཁང་དེ་ནི་ཨ་རིའི་མཁའ་སྐྱོད་སྐར་སྐྱོད་སྐོར་གྱི་བཤམས་སྟོན་དང་ཞིབ་འཇུག་བྱེད་སའི་ལྟེ་གནས་ཡིན།

རིགས་དབྱེ།  

ཨའེ་ཧྥེའར་ལྕགས་ལྕོག

སྤྱི་ལོ1887ལོར་ཧྥ་རན་སའི་གསར་བརྗེ་ཆེན་པོ་བྱུང་ནས་ལོ100འཁོར་བར་རྗེས་དྲན་ཞུ་ཆེད་ཧྥ་རན་སིའི་སྲིད་གཞུང་གིས་ཕ་རི་སིའི་དགྲ་ལྷ་ཐང་ཆེན་དུ་དྲན་རྟེན་ལྕོག་རིང་ཞིག་སྐྲུན་རྒྱུའི་ཇུས་གཞི་བཀོད། ཟམ་པ་ཇུས་འགོད་མཁནG.ཨའེ་ཧྥེའར་གྱི་དཔེ་གཞི་དེ་དཔེ་གཞི700ལས་གཟེངས་སུ་ཐོན་ནས་བདམས་ཐོན་བྱུང་ཞིང་། སྤྱི་ལོ1887ལོའི་ཟླ1པོ་ནས་སྤྱི་ལོ1889ལོའི་ཟླ3པའི་རིང་གི་ལོ་ངོ་གཉིས་ལྷག་གི་དུས་ཡུན་ནང་དུ་བསྐྲུན་ནས་གྲུབ། དེ་ནི་ངར་ལྕགས་ཀྱི་ལྷུ་ཆ་ལས་གྲུབ་པའི་མཐོ་ཚད་སྨི300(རྗེས་སུ་སྐུད་མེད་གློག་འཕྲིན་གཏོང་བྱེད་གནམ་ལྕོག་བསྒར་ནས་སྨི328ལ་ཟིན)དང་ལྗིད་ཚད་ཏུན7000ལྷག་ཅན་གྱི་ལྕགས་ལྕོག་ཞིག་ཡིན།

རིགས་དབྱེ།  

ཨར་ལས་སྒྱུ་རྩལ།

ཨར་ལས་སྒྱུ་རྩལ་ནི་ཉེ་བར་སྤྱོད་པ་དང་མཛེས་དཔྱོད་གཞི་གཅིག་ཏུ་བསྡུས་པ། ལག་རྩལ་དང་སྒྱུ་རྩལ་ཟུང་དུ་སྦྲེལ་བའི་རི་མོའི་ནང་གསེས་ཤིག་ཡིན།

རིགས་དབྱེ།  

ཨེ་ཅིབ་རྟེན་རྫས་བཤམས་མཛོད་ཁང་།

ཨེ་ཅིབ་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་གི་སྐད་གྲགས་ཆེ་བའི་ཨེ་ཅིབ་སྒྱུ་རྩལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཡིན་ལ། དེ་ཉིད་ཁའེ་ལོའུ་བཅིངས་འགྲོལ་ཐང་ཆེན་དུ་ཡོད་ཅིང་། སྤྱི་ལོ1858ལོར་ཧྥ་རན་སེའི་ཨེ་ཅིབ་རིག་པ་སྨྲ་བAམ་ལི་ཨེ་ཐེ་ཡིས་པུ་ལ་ཁེ་རུ་བཏབ་པ་དང་། སྤྱི་ལོ1891ལོར་ཅི་ས་རུ་གནས་སྤོས་པ་དང་། སྤྱི་ལོ1902ལོར་ཁའེ་ལོའུ་གནས་གསར་པར་སྤོས་པ་རེད། རྟེན་རྫས་བཤམས་མཛོད་ཁང་དེར་ཨེ་ཅིབ་རྒྱལ་ཁབ་ཡོངས་ཀྱི་ས་གནས་ཁག་གི་ཡིག་གེ་མ་བྱུང་གོང་གི་ཤུལ་དངོས་ནས་ཀེ་རི་སི་དང་རོ་མའི་དུས་སྐབས་ཀྱི་བརྐོས་བརྙན་དང་། རི་མོ། ལག་ཤེས་བཟོ་རྩལ། པུར་སྒམ། རྡོ་རིང་། ཤོག་བུ་དང་རྩྭའི་ཡིག་རིགས་བཅས་གཅེས་སུ་ཉར་ཡོད། རྒྱལ་རབས་རིམ་བྱུང་གི་རྒྱལ་པོའི་སྨར་གདུང10ལྷག་ཡོད། ཉར་རྫས་མང་ཆེ་ཤོས་ནི་གཏེར་ལས་བྱུང་བའི་རིག་དངོས་ཡིན།

རིགས་དབྱེ།  

ཀྲུང་གོའི་བང་སོའི་ཨར་སྐྲུན།

ཀྲུང་གོའི་བང་སོ་ནི་ཨར་ལས་དང་། འདྲ་འབག རི་མོ། རང་བྱུང་ཁོར་ཡུག་བཅས་གཞི་གཅིག་ཏུ་བསྡེབས་ཡོད་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྒྱུ་རྩལ་ཡིན།

རིགས་དབྱེ།  

ཕོམ་ཕི་ཏོའུ་སྒྱུ་རྩལ་དང་རིག་གནས་ལྟེ་གནས།

ཕོམ་ཕི་ཏོའུ་སྒྱུ་རྩལ་དང་རིག་གནས་ལྟེ་གནས་ནི་ཇུས་འགོད་ངོ་མཚར་ཆེ་ལ་བཀོད་པ་ཐུན་མོང་མ་ཡིན་པའི་དེང་རབས་ཅན་གྱི་ཨར་སྐྲུན་བཀོད་པ་ཞིག་ཡིན་པ་དང་། གློག་སྐས་སོགས་ཚང་མ་ཁང་པའི་ཕྱི་རུ་ཡོད་པ་དང་། དེ་དག་ལ་རང་རང་གི་བྱེད་ལས་མི་འདྲ་བ་ལྟར་དུ་ཁ་མདོག་དམར་སེར་སྔོ་ལྗང་སོགས་མི་འདྲ་བ་བྱུགས་ཡོད་པའི་བཟོ་སྐྲུན་ཞིག་ཡིན།

རིགས་དབྱེ།  

རོ་མའི་འཐབ་ར།

གནའ་བོའི་རོ་མ་བཙན་རྒྱལ་གྱི་དབང་སྒྱུར་བས་སྤྲོ་དགའ་ལོངས་སྤྱོད་ཀྱི་ཆེད་དུ་བྲན་གཡོག་ཕན་ཚུན་འཐབ་པའམ་བྲན་གཡོག་གིས་རི་དྭགས་གཏུམ་པོ་དང་འཐབ་པའི་རྩེད་མོ་ཡ་ང་བ་གསར་གཏོད་བྱས་པ་རེད། འཐབ་མོ་ལ་རོལ་ཆེད་གནའ་བོའི་རོ་མ་ནས་འཐབ་ར་མང་པོ་བསྐྲུན་ཡོད་པ་ལས། སྐད་གྲགས་ཆེ་ཤོས་ནི་རོ་མའི་འཐབ་ར་སྒོར་ཆེན་ཡིན།

རིགས་དབྱེ།  

ཨར་ཀ་བཟོ་བའི་ལག་ཤེས།

བོད་ཡུལ་གྱི་ཁང་བའི་ས་ངོས་དང་ཁང་སྟེང་གི་ས་གཅལ་ལ་ཞལ་བ་གཏོང་བྱེད་ཀྱི་ས་མཁྲེགས་པོ་ཞིག་སྟེ། ལ་ལས་རང་བྱུང་གི་རྡོ་ཐལ་ཡང་ཟེར། དེ་ནི་བྲག་རྡོ་དུས་ཡུན་ཧ་ཅང་རིང་བོའི་རླུང་ཟད་ཐེབས་རྗེས་རིམ་གྱིས་ཆགས་པའི་ཚི་དམ་ཞིང་འབྱར་ཤུགས་ཆེན་པོའི་ས་མྱགས་ཤིག་ཡིན། ས་མཁྲེགས་པོའམ་ས་མ་རྡོ་འདིའི་རིགས་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། སི་ཁྲོན་སོགས་ཀྱི་བོད་རིགས་ས་ཁུལ་དུ་མར་ཐོན་ཡང་། སའི་རྒྱུ་སྤུས་མི་འདྲ་བའི་རྐྱེན་གྱིས་ཨར་ཀའི་ཁ་དོག་ཀྱང་མི་འདྲ་ཞིང་ཕལ་ཆེར་ཐལ་སྐྱ་ཡིན་པ་དང་། ལ་ལ་དམར་སྐྱ་དང་ཡང་ན་སེར་སྐྱ་ཡིན་ལ་རང་བྱུང་གི་ཨར་འདམ་རྒྱུ་ཆ་ཡིན་པས་ས་གནས་དེ་ཚོའི་དགོན་སྡེ་དང་བོད་རིགས་མང་ཚོགས་ཚོས་རྒྱ་ཁྱབ་ཀྱི་ཁང་བའི་ས་ངོས་དང་ཁང་སྟེང་། ཐོག་ཁེབས་བཅས་ཀྱི་ས་གཅལ་ལ་ཞལ་བ་གཏོང་བྱེད་དུ་བེད་སྤྱོད་ཀྱིན་ཡོད།

རིགས་དབྱེ།  

ཆིན་ཧྲི་ཧོང་གི་བང་སོ།

ཆིན་ཧྲི་ཧོང་གི་བང་སོ་ནི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཤར་ཕྱོགས་ཀྱི་སྤྱི་ལེ35ཡི་མཚམས་ཀྱི་ལིང་ཐུང་ཁུལ་ལི་ཧྲན་རི་བོའི་བྱང་འདབས་སུ་ཡོད་པའི་བང་སོ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

བྲག་བརྐོས་རི་མོ།

བྲག་བརྐོས་རི་མོ་ནི་མེས་པོ་རྣམས་ཀྱིས་རྡོ་ཆས་ལག་ཆར་བྱས་ཏེ་གནའ་ཉམས་དོད་པ་དང་། རང་བཞིན་བབ་ཆགས་ཀྱི་རི་མོའི་རྣམ་པས་སྐབས་དེའི་ཐོན་སྐྱེད་བྱ་ཐབས། འཚོ་ལུགས་གོམས་གཤིས་སོགས་ནང་དོན་དུ་བཀོད་པའི་མིའི་རིགས་ཀྱི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

དོ་དམ་ཚན་རིག་དང་བཟོ་སྐྲུན།

དོ་དམ་ཚན་རིག་དང་བཟོ་སྐྲུན་ནི་མ་ལག་ཚན་རིག་དང་དོ་དམ་ཚན་རིག རྩིས་རིག དཔལ་འབྱོར་དང་བྱ་སྤྱོད་ཚན་རིག བཟོ་སྐྲུན་ཐབས་ཤེས་བཅས་ཕྱོགས་བསྡུས་བེད་སྤྱོད་དང་ཆ་འཕྲིན་ལག་རྩལ་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར། བཟོ་སྐྲུན་སོགས་ཀྱི་དོ་དམ་གནད་དོན་ཐག་གཅོད་བྱེད་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

བཟོ་ལས་བཟོ་སྐྲུན་རིག་པ།

བཟོ་ལས་བཟོ་སྐྲུན་རིག་པ་ནི་ཚན་རིག་དོ་དམ་གྱི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བའི་ཉེར་སྤྱོད་རང་བཞིན་གྱི་བཟོ་སྐྲུན་ཆེད་ལས་ལག་རྩལ་ཞིག་ཡིན།

རིགས་དབྱེ།  

ཁོར་ཡུག་སྒྱུ་རྩལ།

ཁོར་ཡུག་སྒྱུ་རྩལ་ནི་ལྗང་མདོག་གི་སྒྱུ་རྩལ་དང་ཚན་རིག་ཡིན་ལ། འཆམ་མཐུན་དང་རྒྱུན་རིང་གསར་སྐྲུན་བྱེད་པའི་སྒྱུ་རྩལ་དང་ཚན་རིག་ཅིག་ཡིན། གྲོང་ཁྱེར་གྱི་འཆར་འགོད་དང་། གྲོང་ཁྱེར་གྱི་ཇུས་འགོད། འཛུགས་སྐྲུན་ཇུས་འགོད། ཁང་པའི་ནང་གི་ཇུས་འགོད། བརྐོས་རིས། ལྡེབས་རིས། འཛུགས་སྐྲུན་སོགས་ཚང་མ་ཁོར་ཡུག་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཏོགས་པ་རེད།

རིགས་དབྱེ།  

རྡོ་འཕེན་འཁོར་ལོ།

རྡོ་འཕེན་འཁོར་ལོ་ནི་རྒྱ་ཡིག་གི་ཐ་སྙད་ཅིག་ཡིན་ཞིང་། སྒྲ་སྦྱོར་ནིfā shí chēཞེས་པ་དེ་ཡིན། དེའི་དོན་ནི་གནའ་རབས་ཀྱི་མཁར་རྫོང་ལ་རྒོལ་བའི་ཡོ་བྱད་ཅིག་ཡིན་ཞིང་། འཕྲུལ་ཆས་ལ་བརྟེན་ནས་རྡོས་བསྟུད་མར་དགྲ་བོར་རྡུང་རྡེག་བྱེད་པའི་མཚོན་ཆ་ཞིག་ཡིན། 《རྒྱལ་ཁབ་གསུམ་གྱི་ལོ་རྒྱུས། ཝེ་ཀྲི•ཡོན་ཧྲའོ་ཡི་རྟོགས་བརྗོད》ལས་དྲངས།

རིགས་དབྱེ།  

བཟོ་སྐྲུན་མི་ཆོས་དང་ཁོར་ཡུག

དཔེ་ཆ་འདི་ནི་སྤྱི་ལོ2005ལོར་ཆིང་ཧྭ་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་ཨ་མེ་རི་ཁའི་ཝེ་ཞི་ལིན་ཡིན།

རིགས་དབྱེ།  

ཆུ་སྒམ་ཁང་།

ཆུ་སྒམ་ཁང་ནི་ཆུ་རྫིང་དང་འཕྲུལ་ཆས་སྒྲིག་ཆས་བསྐྲུན་པའི་ཁང་པ་ལ་ཟེར་ཞིང་། རྡོ་འདག་གིས་བཟོས་པའི་ཆུ་སྒམ་དང་ཆུ་རྫིང་ནི་ཆུ་སྒམ་གྱི་བར་ལ་མི་བརྩི།

རིགས་དབྱེ།  

ཡུན་རིང་རང་བཞིན་གྱི་བཟོ་སྐྲུན།

ཡུན་རིང་རང་བཞིན་གྱི་བཟོ་སྐྲུན་ཞེས་པ་ནི་ཁྲིམས་ལུགས་ཀྱི་ཐ་སྙད་ཅིག་ཡིན། གནས་སྐབས་ཀྱི་བཟོ་སྐྲུན་ལ་བལྟོས་ནས་བཤད་པ་ཡིན། བཟོ་སྐྲུན་དངོས་པོ་ག་གེ་མོའི་ཁྲིམས་བཀོད་ཀྱི་རྒྱུན་བསྲིངས་དུས་ཡུན་ནི་ཡུན་རིང་ཞིག་ཡིན་པ་ལས་གནས་སྐབས་ཤིག་མིན།

རིགས་དབྱེ།  

ངར་ལྕགས་དབྱིབས་ཆེ་གྲས།

ངར་ལྕགས་དབྱིབས་ཆེ་གྲས་ནི་མཐོ་ཚད་ལ་ཧོ་སྨི80ལས་མི་ཉུང་བའི་ངར་ལྕགས་རྒྱུ་ཆས་ལ་ཟེར། དཔེར་ན། I དབྱིབས་ངར་ལྕགས(ཡིག་འབྲུ་ཀུང་དབྱིབས་ཀྱི་ངར་ལྕགས)དངHདབྱིབས་ཀྱི་ངར་ལྕགས། Uདབྱིབས་ཀྱི་ངར་ལྕགས(གཞོང་ངར་ལྕགས) ཅའོ་ཀང་། ཡིག་འབྲུZདབྱིབས་ཀྱི་ངར་ལྕགས། ཏིན་དབྱིབས་ཀྱི་ངར་ལྕགས Tདབྱིབས་ཀྱི་ངར་ལྕགས་སོགས་ཡོད།

རིགས་དབྱེ།