རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ།
རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་ནི་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནུབ་ཕྱོགས་ཀྱི་ཁྲང་ཨན་ཁྲོམ་ཆེན་གྱི་འགྲམ་དུ་བསྐྲུན་ཡོད་ལ། དེ་ནི་ཀྲུང་གོའི་འཕང་མཐོ་ཤོས་ཀྱི་སྒྱུ་རྩལ་ཕོ་བྲང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国国家大剧院
ཕྱི་ཡིག་གི་མིང་།
National centre for the performing arts
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
པེ་ཅིན་གྲོང་ཁྱེར།
ཇུས་འགོད་བཟོ་དཔོན།
ཧྥ་རན་སིའི་ཨར་ལས་མཁས་པP.ཨན་ཏེ་ལོ།
ས་གནས།
པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནུབ་ཕྱོགས་ཀྱི་ཁྲང་ཨན་ཁྲོམ་ཆེན་གྱི་འགྲམ་དུ་བསྐྲུན་ཡོད།
1 ངོ་སྤྲོད། 

རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་ནི་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནུབ་ཕྱོགས་ཀྱི་ཁྲང་ཨན་ཁྲོམ་ཆེན་གྱི་འགྲམ་དུ་བསྐྲུན་ཡོད་ལ།  དེ་ནི་ཀྲུང་གོའི་འཕང་མཐོ་ཤོས་ཀྱི་སྒྱུ་རྩལ་ཕོ་བྲང་ཡིན།

རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོའི་ཨར་ལས་ཀྱི་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་ཚོ16.5ཡོད་པ་ལས།  ཨར་ལས་གཙོ་བོའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་ཚོ6ཡོད།  དེ་ནི་གཞན་དང་མི་འདྲ་བའི་གདོང་མཆོང་གི་ཤས་དང་ལྡན་པའི་ཇུས་འགོད་ཅིག་ཡིན་པ་སྟེ། གྲུབ་ཆ་གཙོ་བོ་ནི་སྒོ་ངའི་དབྱིབས་ཡིན་པ་དེའི་མཐའ་འཁོར་དུ་ཆུས་བསྐོར་ཡོད་པ་དང་།  ཤེལ་དང་ཏའེ་ལྕགས་ཀྱིས་བཟོས་པའི་ཕྱི་སྐོགས་ནི་ཁ་མདོག་དཀར་སྐྱ་ཡིན།  དེའི་ནང་དུ་མི2500ཤོང་བའི་གླུ་དབྱངས་ཟློས་གར་ཁང་གཅིག་དང་། མི2000ཤོར་བའི་རོལ་མོ་ཁང་གཅིག   མི1200ཤོང་བའི་ཟློས་གར་ཁང་ཆུང་བ་གཅིག་དང་ཉམས་ལེན་ཟློས་གར་ཁང་གཅིག་བཅས་ཡོད། དེ་ལས་གཞན་དུ་ད་དུང་སྒྱུ་རྩལ་བཤམས་སྟོན་འཁྱམས་རིང་དང་། འཁྲབ་སྟོན་སྒྱུ་རྩལ་གྱི་ཞིབ་འཇུག་སྤེལ་རེས་ཚན་པ།  སྒྱུ་རྩལ་ཚོང་ཁང་།  སྟབས་བདེ་ཟ་ཁང་།  ཁོ་ཧྥེ་ཁང་།  ས་འོག་རླངས་འཁོར་སྡོད་ས་ལ་སོགས་ཆ་བསྒྲིགས་སྒྲིག་བཀོད་ཁག་ཡོད་པ་ལ། སྒྲིག་བཀོད་དེ་དག་གི་ཆ་བསྒྲིགས་ཆུ་ཚད་ནི་འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་ཟློས་གར་ཁང་གི་ཚད་གཞི་དང་ཟླ་མཚུངས་ཡིན་པ་རེད།  རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོའི་ཨར་སྐྲུན་ནི་ཧྥ་རན་སིའི་ཕ་རི་སི་གནམ་གྲུ་ཐང་ཇུས་འགོད་ཀུང་སིས་ཇུས་འགོད་བྱས་ཤིང་།  ཆིང་ཧྭ་སློབ་གྲྭ་ཆེན་མོས་རམ་འདེགས་བྱས་ལ།  ཇུས་འགོད་བཟོ་དཔོན་ནི་ཧྥ་རན་སིའི་ཨར་ལས་མཁས་པP.ཨན་ཏེ་ལོ་ཡིན། 

གཟིགས་མོ་བ་རྣམས་ཆུ་འོག་གི་ཤེལ་ལམ་བརྒྱུད་དེ་ཟློས་གར་ཁང་ལ་འཛུལ་དགོས་པ་དང་།  ཁོད་ཡངས་པའི་ངལ་གསོ་ཚོམས་ཆེན་ནས་ཕྱི་ལ་ལྟ་དུས་ཡོལ་རས་ཕྱེ་བའི་དྲ་ཡོལ་ཆེན་པོའི་སྒེའུ་ཁུང་ཞིག་མིག་ལམ་དུ་མངོན་པ་ལས།  ཤར་ཕྱོགས་ནི་མི་དམངས་ཚོགས་ཁང་ཆེན་མོ་ཡིན་པ་དང་།  བྱང་ཕྱོགས་ནི་གོང་མའི་ཕོ་བྲང་ཡིན།  ཕྱི་ནས་བལྟས་ན་ཟློས་གར་ཁང་ཆེན་མོ་ནི་ཟང་ཐལ་ཅན་ཡིན་པ་དང་ཉིན་མཚན་མེད་པར་གཟི་འོད་འཕྲོ་བཞིན་དུ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།