ཐེན་ཐན་མཆོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེན་ཐན་མཆོད་ཁང་།
ཐེན་ཐན་མཆོད་ཁང་ནི་སྤྱི་ལོ1420ལོར་འདེབས་མགོ་བརྩམས་ཤིང་། དེའི་གཞི་མའི་ཤར་ནུབ་ཀྱི་རིང་ལ་སྨི1700ཙམ་དང་ལྷོ་བྱང་གི་རིང་ལ་སྨི272བཟུང་ཡོད། ཕྱི་ན་ལྕགས་རི་རིམ་པ་གཉིས་ཡོད་པའི་ལྷོ་ཕྱོགས་ནི་གྲུ་ཟུར་ཅན་ཡིན་ལ་བྱང་ཕྱོགས་ནི་སྒོར་སྒོར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天坛公园
ས་གནས།
པེ་ཅིང་གྲོང་ཁྱེར་གྱི་ལྷོ་ཕྱོགས།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
པེ་ཅིང་གྲོང་ཁྱེར།
1 མཚམས་སྦྱོར།

ཐེན་ཐན་མཆོད་ཁང་ནི་སྤྱི་ལོ1420ལོར་འདེབས་མགོ་བརྩམས་ཤིང་། དེའི་གཞི་མའི་ཤར་ནུབ་ཀྱི་རིང་ལ་སྨི1700ཙམ་དང་ལྷོ་བྱང་གི་རིང་ལ་སྨི272བཟུང་ཡོད། ཕྱི་ན་ལྕགས་རི་རིམ་པ་གཉིས་ཡོད་པའི་ལྷོ་ཕྱོགས་ནི་གྲུ་ཟུར་ཅན་ཡིན་ལ་བྱང་ཕྱོགས་ནི་སྒོར་སྒོར་ཡིན།  ཨར་སྐྲུན་གཙོ་གྲས་ཁག་ལྷོ་ནས་བྱང་དུ་རིམ་པར་བཏབ་ཡོད་པ་ནི་སོ་སོ་བཞིན་དུ་ཧོན་ཆོའུ་ཐན་མཆོད་སྟེགས་དང་།  ཧོང་ཆུང་ཡུས་ཕོ་བྲང་། ཆི་ཉན་ཏེན་མཆོད་ཁང་།  ཧོང་ཆན་ཏེན་ཕོ་བྲང་བཅས་ཡིན་པ་དེ་དག་སྐས་ལམ་གྱིས་སྦྲེལ་ཡོད། ད་ལྟའི་གཞི་རྒྱ་འདི་ནི་མིང་རྒྱལ་རབས་ཀྱི་ཅ་ཆིང་གོང་མའི་རིང(སྤྱི་ལོ1521-1566)ལ་གྲུབ་པ་དང་།  ཆི་ཉན་ཏེན་མཆོད་ཁང་དང་ཧོང་ཆན་ཏེན་ཕོ་བྲང་མ་གཏོགས་པའི་ཨར་སྐྲུན་གཞན་དག་ནི་དུས་རབས18པའི་དུས་མགོར་སྒྱུར་སྐྲུན་བྱས་པ་རེད།  ཐེན་ཐན་མཆོད་ཁང་གི་བཟོ་སྐྲུན་ལ་དཔེ་ཡིས་མཚོན་པའི་བརྗོད་གཞི་ལྡན་ཡོད་པ་སྟེ།  དཔེར་ན་མཆོད་ཁང་གི་བཀོད་ཚུལ་གོང་སྒོར་ལ་ཞབས་གྲུ་བཞི་ཡིན་པ་དེས“གནམ་སྒོར་མོ་དང་ས་གྲུ་བཞི”ཞེས་པ་མཚོན་པ་དང་།  ཨར་སྐྲུན་དང་ལྕགས་རི་བཅས་པ་སྒོར་དབྱིབས་སུ་སྣང་བ་དེ་དག་གིས་མི་ལ་གནམ་གྱི་འཆར་སྒོ་སྟེར་བར་བྱེད།  དེ་མིན་དོན་སྟོན་པའི་ཨང་གྲངས་མང་པོ་སྤྱད་ཡོད་པ་སྟེ།  གནམ་ནི་ཐབས་ཕོ་ཡི་ངོ་བོ་ཅན་ཡིན་པས་གྲངས9དང་9ཡི་སྒྱུར་གྲངས་མང་པོ་སྤྱད་ཡོད་པ་དཔེར་ན་ཧོང་ཆིའུ་ཐན་མཆོད་སྟེགས་ཀྱི་རྡོ་གཅལ་རིམ་པ9ཡོད་པ་དང་། རིང་མ་དང་པོར་རྡོ་གཅལ་ལ་རིམ་པ་9ཡོད་པ་དང་།  རིམ་པ་དང་པོར་རྡོ་ལེབ9ཡོད་པ།  རིམ་པ་ཕྱི་མར་རྡོ་ལེབ81ཡོད་པ།  རྡོ་སྐས་བང་རིམ་སོ་སོར་སྐས་རིམ9རེ་ཡོད་པ་སོགས་ལྟ་བུ་ཡིན།  ཆི་ཉན་ཏེན་མཆོད་ཁང་གི་རྒྱ་ཕིབས་མདོག་སྔོན་པོ་ཡིན་པ་དེས“གནམ་སྔོན་པོ”ཡི་དོན་སྟོན།  ཧོང་ཆུང་ཡུས་ཕོ་བྲང་གི་ལྕགས་རིའི་གཞོགས་གཅིག་གི་ངོས་ལ་གཏད་དེ་སྐད་ཆུང་ངུས་སྒྲ་བཏོན་ན་གཞོགས་ཅིག་ཤོས་ནས་གསར་ལེར་གོ་ཐུབ་པ་དེར“བྲག་ཅ་རྩིགས་པ”ཟེར།  ཐེན་ཐན་མཆོད་ཁང་གི་ར་སྐོར་ནང་དུ་ཐང་ཤིང་དང་ཤུག་པའི་ཚལ་གྱིས་བསྐོར་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།