ཀྲུང་ཧྲན་བང་སོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྲན་བང་སོ།
ཀྲུང་ཧྲན་བང་སོ་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་གྱི་ཙི་ཅིན་ཧྲན་རི་བོའི་ལྷོ་འདབས་སུ་བཏབ་ཡོད་ལ། དེ་ནི་ཀྲུང་གོའི་གསར་བརྗེའི་སྔོན་བྱོན་པ་སུན་ཀྲུང་ཧྲན་གྱི་བང་སོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中山陵
ཕྱི་ཡིག་གི་མིང་།
The Sun Yat-sen Mausoleum
1 བང་སོའི་སྐོར།                       

ཀྲུང་ཧྲན་བང་སོ་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་གྱི་ཙི་ཅིན་ཧྲན་རི་བོའི་ལྷོ་འདབས་སུ་བཏབ་ཡོད་ལ།  དེ་ནི་ཀྲུང་གོའི་གསར་བརྗེའི་སྔོན་བྱོན་པ་སུན་ཀྲུང་ཧྲན་གྱི་བང་སོ་ཡིན། བང་སོ་དེ་རྒྱབ་རི་བོ་དང་ཁ་ལྷོ་ཕྱོགས་སུ་གཏད་ཡོད་ལ།  སྤྱི་ལོ1926ལོ་རྨང་བཏིང་ཞིང་།  སྤྱི་ལོ1929ལོར་ལས་མཇུག་རྫོགས།   ཨར་སྐྲུན་དེ་ནི་ལུའེ་ཡན་ཀྲི་བྱ་བའི་ཇུས་འགོད་བྱས་པ་དང་།  སྤྱི་ཆའི་སྙོམ་ངོས་རྒྱ་ཡིག“钟”གི་དབྱིབས་ཅན་ཡིན།  ངབ་སོའི་ལྷོ་ཕྱོགས་ཀྱི་སྒོ་ཁ་ན་རྟ་བབས་དང་ལམ་ཀ་བཟོས་ཡོད་པ་དང་། བྱང་ཕྱོགས་ན་རྒྱ་སྒོ་དང་།  རྡོ་རིང་། རྡོ་སྐས།  མཆོད་ཁང་།  གདུང་ཁང་བཅས་ཡོད་ལ།  དེ་དག་གི་ཕྱི་ལ་ལྕགས་རིས་བསྐོར་ཡོད། 

2 བང་སོའི་ཨར་སྐྲུན་གྱི་སྐོར།

ཀྲུང་ཧྲན་བང་སོའི་ཨར་སྐྲུན་གཙོ་གྲས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6684ཡོད།  རྡོའི་རྟ་བབས་ནས་མགོ་བཟུང་སྟེ་བྱང་དུ་རིའི་བབས་ལ་བསྟུན་ནས་ལམ་ག་བཟོས་ཡོད་པ་དང་།  ལམ་སྣེ་རུ་རྡོ་ཀ་མ་རུའི་རྡོ་སྒོ་ཡོད་པ་དེའི་སྟེང་ཤོད་དུ“ས་སྟེང་ཀུན་ལ་སྙོམ་པ”ཞེས་པའི་རྒྱ་ཡིག་གསེར་བྲིས་མ་བཞེངས་ཡོད། དེ་ནས་སྒོ་དང་རྡོ་རིང་བརྒྱུད་དེ་ཕྱིན་ན་རྡོ་སྐས་བང་རིམ8ཅན་གྱི་སྣེ་རུ་ཨར་སྐྲུན་གཙོ་བོ་སྟེ་གཡུ་རྩི་སྔོན་པའི་རྒྱ་ཕིབས་ཅན་གྱི་མཆོད་ཁང་ལ་ཐུག་ཡོད་པ་དང་།  མཆོད་ཁང་གི་ནང་དུ་སུན་ཀྲུང་ཧུན་གྱི་རྡོ་སྐུ་དཀར་པོ་བཞེངས་ཡོད།  མཆོད་ཁང་གི་རྒྱབ་ཀྱི་ཀླད་སྒོར་ཕྱེད་ཅན་གྱི་གདུང་ཁང་ནང་དུ་རྡོ་ཀ་ང་རུའི་བཞེངས་པའི་སུན་ཀྲུང་ཧྲན་གྱི་གཟིམ་སྐུ་ཡོད་པ་དང་།  དེའི་འོག་ཏུ་རྡོ་ཀ་མ་སུའི་གདུང་སྒམ་སྦས་ཡོད།

ཀྲུང་ཧྲན་བང་སོ་ནི་ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་ཨར་ལས་མཁན་པོས་ཐོག་དང་པོར་ཇུས་འགོད་བྱས་པའི་དྲན་གསོའི་རང་བཞིན་ཅན་གྱི་ཨར་སྐྲན་ཚོགས་པ་ཆེ་གྲས་ཡིན་པ་དང་།  ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ཨར་སྐྲུན་ཐད་ཀྱི་མི་རིགས་ཁྱད་ཆོས་གསར་པ་ཐོག་དང་པོར་ཉམས་ལེན་བྱས་ཏེ་ལེགས་འགྲུབ་བྱུང་བ་ཞིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།