པུ་རེ་ཐན་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུ་རེ་ཐན་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་།
སྤྱི་ལོ1753ལོར། པུ་རེ་ཐན(དབྱིན་ཇིའི་རྟེན་རྫས་བཤམས་མཛོད་ཁང)ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་གསར་འཛུགས་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大英博物馆
ཕྱི་ཡིག་གི་མིང་།
British Museum
ཁོངས་གཏོགས་རྒྱལ་ཁབ།
དབྱིན་ཇི།
ཁོངས་གཏོགས་གྲོང་ཁྱེར།
ལོན་ཏོན།
1 བྱུང་བ།

པུ་རེ་ཐན་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་ནི་དབྱིན་ཇིའི་ཕྱོགས་བསྡུས་ཅན་གྱི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ཡིན་ལ།  དབྱིན་ཇི་ཆེན་མོའི་རྟེན་རྫས་བཤམས་མཛོད་ཁང་ཡང་ཟེར།  དེ་ཉིད་ལོན་ཏོན་གྱི་ལོ་སེའར་ཁྲོམ་ལམ་དུ་ཡོད་ཅིང་སྤྱི་ལོ1795ལོར་སྒོ་ཕྱེ་བ་རེད།  རིག་གནས་ཀྱི་གཙུག་ལག་དེ་ཉིད་རྟེན་རྫས་བཤམས་མཛོད་ཁང་དང་དཔེ་མཛོད་ཁང་གཉིས་ཀྱིས་གྲུབ་ཡོད།  དཔེ་ཀློག་ཁང་ནི་སྤྱི་ལོ1857ལོར་བཏབ་པ་རེད།  རྟེན་རྫས་བཤམས་མཛོད་ཁང་དེར་བཤམས་སྟོན་ཁང100ལྷག་ཡོད་པ་ལས།  ཨེ་ཅིབ་ཁང་དང་།  ཀེ་རེ་སི་ཁང་།  རོ་མ་ཁང་།  ཤར་ཕྱོགས་སྒྱུ་རྩལ་ཁང་བཅས་ནི་ཡིད་དབང་འགུག་ཆེ་ཤོས་ཡིན། རྟེན་རྫས་བཤམས་མཛོད་ཁང་དེར་འཛམ་གླིང་ས་གནས་ཁང་གི་སྒྱུ་རྩལ་གཅེས་ནོར་ཉར་ཡོད་པ་ནི།  པེ་ནི་ནེའི་མགྱོགས་བྲིས་རི་མོ་དང་། སྨི་ཁའེ་ལང་ཅི་ལོའི་སྐྱ་བྲིས་ཁག29ཡོད།  Aཏིའུ་ལེ་ཡི་སྐྱ་བྲིས་བཏུས་པ།  ལུན་པོ་ལང་དངP.P.ཧྥ་རན་སེའི་རི་མོའི་མཛད་ཆོས།  ཧྥུ་ལི་ཅི་ཡ་མིའི་རྡོ་ཀ་མ་རུའི་བརྐོས་དཀྲོལ། ཀེ་རེ་སིའི་རྡོ་ཀ་མ་རུའི་བརྐོས་དཀྲོལ་ལ་སོགས་ཀྱིས་མཚོན།  དུས་རབས19པའི་རྗེས་ནས་མཛོད་ཉར་རྟེན་རྫས་རྣམས་རིག་གནས་དབྱེའི་ཐབས་ལྟར་སྒྱུ་རྩལ་དང་བྱུང་ཡུལ་གྱི་དབྱེ་བའི་སྒོ་ནས་བཤམས་སྟོན་བྱེད་པར་བསྒྱུར་ཡོད་ལ།  དེར་འབུལ་སྐྱེས་སྩོལ་མཁན་ཡང་མང་དུ་སོང་ཡོད།  ཀྲུང་གོའི་རི་མོ་གྲགས་ཅན《ལྕམ་མོ་དཔོན་གྱི་སྐུ་འདྲ》ཞེས་པ་ཡང་དེ་རུ་ཉར་ཡོད།

2 ​བཟོ་བཀོད་ཀྱི་ཁྱད་ཆོས།

ད་ལྟ་མཇལ་རྒྱུ་ཡོད་པའི་རྟེན་རྫས་བཤམས་མཛོད་ཁང་གི་ཕྱིའི་ཨར་སྐྲུན་ཀྱི་བཀོད་པ་ནི་སི་མོ་ཁོ་བྱ་བས་སྤྱི་ལོ1823-1847ལོར་གཙོ་སྐྱོང་མཛད་དེ་བཞེངས་པ་ཡིན་ལ།  བཟོ་བཀོད་དེའི་ཁྱད་ཆོས་ནི་གནའ་སྲོལ་རིང་ལུགས་པ་གསར་མའི་ལུགས་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།