ཐཱ་ཇི་བང་སོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐཱ་ཇི་བང་སོ།
རྒྱ་གར་གྱི་ཨ་ག་ར་གྲོང་ཁྱེར་དུ་ལྟ་ན་སྡུག་པའི་བང་སོ་ཞིག་ཡོད་པ་དེ་ལ་ཐཱ་ཇི་བང་སོ་ཟེར། དེ་ནི་རྒྱ་གར་གྱི་མོ་ཝོར་རྒྱལ་རབས་ཀྱི་རྒྱལ་པོ་ཛྙ་ཧན་གྱི་གཅེས་པའི་བཙུན་མོ་ལ་བསྐྲུན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泰姬陵
ཕྱི་ཡིག་གི་མིང་།
Taj Mahal
བཞེངས་འགྲུབ་ཀྱི་ལོ།
སྤྱི་ལོ1631ལོ་ནས་སྤྱི་ལོ1653ལོ།
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
1 མཚམས་སྦྱོར།

རྒྱ་གར་གྱི་ཨ་ག་ར་གྲོང་ཁྱེར་དུ་ལྟ་ན་སྡུག་པའི་བང་སོ་ཞིག་ཡོད་པ་དེ་ལ་ཐཱ་ཇི་བང་སོ་ཟེར།  དེ་ནི་རྒྱ་གར་གྱི་མོ་ཝོར་རྒྱལ་རབས་ཀྱི་རྒྱལ་པོ་ཛྙ་ཧན་གྱིས་གཅེས་པའི་བཙུན་མོ་ལ་བསྐྲུན་པ་རེད།  ཐཱ་ཇི་བང་སོ་སྐྲུན་པར་བཟོ་པ་ཁྲི་ཚོ2ལྷག་གིས་དུས་ཡུན་ལོ22(སྤྱི་ལོ1631-1653)སྤྱད་དེ་བསྐྲུན་པ་དང་། འགྲོ་སོང་རུ་པེ་སྒོར་མོ་ཁྲི་ཚོ4000སོང་ཡོད་པ་རེད། 

བང་སོ་དེའི་ལྷོ་བྱང་གི་རིང་ལ་སྨི580དང་ཤར་ནུབ་ཀྱི་ཞེང་ལ་སྨི300ཡོད།  ལྷོ་ཕྱོགས་ན་མཛེས་པའི་སྒོ་མོ་ཡོད་པ་དང་། བང་སོའི་ར་སྐོར་ནང་དུ་ཁོད་ཡངས་པའི་སྤང་ཐང་དང་ཤུག་པ་བསྟར་ཕྲེང་བསྒྲིགས་པའི་ལམ་ཡོད་ལ། ཆུ་རྫིང་ནར་མོ་བྱང་དུ་འཐེན་ཡོད།  བྱང་ན་དཀར་ཞིང་གསལ་བའི་རྡོ་ཀ་མ་རུ་ལས་བསྐུན་པའི་ཨར་སྐྲུན་གཙོ་བོ་སྟེ། རྨང་གྲུ་བཞིའི་སྟེང་དུ་ལྕོག་མཐོན་པོ་བཞི་དང་རྒྱ་ཕིབས་སྒོར་མོའི་གཟིམ་ཁང་ཡོད། རྨང་གྲུ་བཞིའི་མཐའི་རིང་ཚད་ལ་སྨི95ཡོད་པ་དང་མཐོ་ཚད་སྨི7ཡོད། རྒྱ་ཕིབས་སྒོར་མོ་ཅན་གྱི་གཟིམ་ཁང་གི་སྙོམ་ངོས་ནི་རིང་ཚད་ལ་སྨི57ཡོད།  ཕྱོགས་བཞིའི་གཞུ་དབྱིབས་ཅན་གྱི་སྒོ་ཁུང་གི་ཟུར་དུ་སྒོ་ཁུང་ཆུང་བ24བཀོད་ཡོད་པ་དང་།  སྟེང་གི་སྒོར་དབྱིབས་ཀྱི་རྒྱ་ཕིབས་ནི་མཐོ་ཚད་སྨི58ཅན་གྱི་དབུ་རྩེ་ཡིན།  ཨར་སྐྲུན་ཧྲལ་པོ་འགྲོས་ཚིགས་གསལ་བ་དང་། ཉམས་སྣང་འགྲིག་མཐུན་ཡིན་ལ།  འོད་མདངས་ལྷུན་ཆགས་ཡིན་ཞིང་།  ཁྱད་པར་དུ་མདུན་གྱི་རྫིང་བུའི་ནང་དུ་འཆར་བའི་པད་མའི་དབྱིབས་ཀྱི་གཟུགས་བརྙན་ནི་ཨར་སྐྲུན་རང་དང་གཅིག་ངོ་གཅིག་གིས་བརྒྱན་ནས་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད།  དེའི་ཐོག་ནས་ཐཱ་ཇི་བང་སོ་ལ“རྡོ་ཀ་མ་རུའི་རྨི་ལམ”ཞེས་པའི་བསྔགས་བརྗོད་ཐོབ་ཡོད།  ཐཱ་ཇི་བང་སོ་ནི་འཛམ་གླིང་ཨར་ལས་ལོ་རྒྱུས་སྟེང་གི་ངོ་མཚར་ཆེན་པོའི་ཡ་གྱལ་ལ་བགྲང་ཡོད། 

2 ལོ་རྒྱུས་གཏམ་རྒྱུད།

ཐཱ་ཇི་མཱ་ཧཱ་ཨེར་གྱི་ཐོག་མའི་མིང་ལ་ཇི་མན་པཱ་ནུའུ་ཟེར་ཞིང་། སྤྱི་ལོ1592ལོ་འཁྲུངས་ཤིང་། ཁྲོམ་ཚོགས་སུ་མངར་ཆ་འཚོང་མཁན་གྱི་མཛེས་ཤིང་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་ཡིན། 1612ལོར་རྒྱ་གར་གྱི་མོ་ཝོར་རྒྱལ་རབས་ཀྱི་རྒྱལ་པོ་ཛྙ་ཧན་དང་གཉེན་སྒྲིག་བྱས་ཤིང་། རྒྱལ་མོ་དེ་ནི་ལྷ་མོ་ལྟ་བུའི་མཛེས་མ་ཞིག་ཡིན་པ་མ་ཟད། ད་དུང་མཁས་མཛངས་གཉིས་ལྡན་གྱི་རྒྱལ་མོ་མཆོག་ཏུ་གྱུར་བ་ཞིག་ཡིན། སྔོན་ཆད་རྒྱལ་བོའི་བློན་ཆེན་གྱི་འགན་བཞེས་པ་དང་། ཁོ་མོ་དང་རྒྱལ་བོ་ཛྙ་ཧན་གཉིས་བར་གྱི་བརྩེ་དུང་ནི་རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་བོ་ལས་དཔངས་མཐོ་བ་ཞིག་ཡིན་ཞིང་། སྔ་རྗེས་སུ་སྲས་དང་སྲས་མོ14འཁྲུངས་ཤིང་། རྒྱལ་པོས་ཁོ་མོར་མེང་ཐཱ་ཇི་མཱ་ཧཱ་ཨེར་ཞེས་པའི་ཆོ་ལོ་བསྩལ། སྤྱི་ལོ1630ལོར། ཁོ་མོར་ལུས་ལ་མངལ་སྦྲུམ་ཡང་སྔར་བཞིན་གོང་མ་དང་ལྷན་ཅིག་དམག་ལ་སྐྱོད་པ་དང་། ལམ་བར་དུ་ཕྲུ་གུ་སྐྱེ་དཀའ་བའི་དབང་གིས་སྟབས་མ་ལེགས་པར་དགུང་ལོ38སྟེང་སྐུ་གཤེགས། སྐུ་གཤེགས་ཁར་ཁོ་མོས་རྒྱལ་བོར་ཁ་ཆེམས་བཞག་ཅིང་། དང་པོ་ནི་ཁོ་བོས་ཚེ་གང་བོར་སྐྱ་ཡ་མི་འཚོལ་བ། གཉིས་པ་ནི་ཁོ་མོར་འཇིག་རྟེན་དུ་འགྲན་ཟླ་དང་བྲལ་བའི་བང་སོ་ཞིག་བཟོ་རྒྱུ་དེ་རེད། དེ་བས་རྒྱལ་པོ་ཛྙ་ཧན་གྱིས་དམ་བཅའ་ཁས་ལེན་མཛད་ནས་གཅེས་པའི་བཙུན་མོ་ལ་བཟོ་པ་ཁྲི་ཚོ2ལྷག་གིས་དུས་ཡུན་ལོ22(སྤྱི་ལོ1631-1653)སྤྱད་དེ་ཐཱ་ཇི་བང་སོ་ཞེས་པ་འདི་རྗེས་དྲན་གྱི་ཚུལ་དུ་བསྐྲུན་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-23

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།