སནྡ་པེ་ཏི་ལྷ་ཁང་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སནྡ་པེ་ཏི་ལྷ་ཁང་ཆེན་མོ།
སནྡ་པེ་ཏི་ལྷ་ཁང་ཆེན་མོར་སྒྱུ་རྩལ་གྱི་མཛད་ཆོས་ཁྱད་འཕགས་འབོར་ཆེན་བཞུགས་སུ་གསོལ་བ་དང་། དེ་དག་ལས་སྨི་ཁའེ་ལང་ཅི་ལུའི་མཛད་པའི་འདྲ་འབག《ཡེ་ཤུ་ལ་མྱ་ངན་ཞུ་བ》ཞེས་པ་དང་། པཱ་རོ་ཁོའི་ལུགས་ཀྱི་འདྲ་འབག་མཁས་ཆེན G.L.པའེ་ནེ་ནེ་ཡི་ལི་མའི་གདུགས་ནི་སྐད་གྲགས་ཆེ་ཤོས་ཡིན། སནྡ་པེ་ཏི་ལྷ་ཁང་ཆེན་མོའི་ཨར་སྐྲུན་གྱི་ཚོགས་ནི་སྒྱུ་རྩལ་པ་དང་བཟོ་སྐྲུན་པ། ངལ་རྩོལ་པ་མང་པོའི་བློ་གྲོས་ཀྱི་སྙིང་བཅུད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
圣伯多禄大教堂
ཕྱི་ཡིག་གི་མིང་།
Basilica di San Pietro in Vaticano
ཆགས་ཡུལ།
ཝ་ཐི་ཁན།
ཇུས་འགོད་པ།
སྨི་ཁའེ་ལང་ཅི་ལུའོ།
1 མཚམས་སྦྱོར།

སནྡ་པེ་ཏི་ལྷ་ཁང་ཆེན་མོར་སྒྱུ་རྩལ་གྱི་མཛད་ཆོས་ཁྱད་འཕགས་འབོར་ཆེན་བཞུགས་སུ་གསོལ་བ་དང་།  དེ་དག་ལས་སྨི་ཁའེ་ལང་ཅི་ལུའི་མཛད་པའི་འདྲ་འབག《ཡེ་ཤུ་ལ་མྱ་ངན་ཞུ་བ》ཞེས་པ་དང་། པཱ་རོ་ཁོའི་ལུགས་ཀྱི་འདྲ་འབག་མཁས་ཆེནG.L.པའེ་ནེ་ནེ་ཡི་ལི་མའི་གདུགས་ནི་སྐད་གྲགས་ཆེ་ཤོས་ཡིན།  སནྡ་པེ་ཏི་ལྷ་ཁང་ཆེན་མོའི་ཨར་སྐྲུན་གྱི་ཚོགས་ནི་སྒྱུ་རྩལ་པ་དང་བཟོ་སྐྲུན་པ། ངལ་རྩོལ་པ་མང་པོའི་བློ་གྲོས་ཀྱི་སྙིང་བཅུད་ཡིན་པ་དང་།  དེ་ནི་འཛམ་གླིང་སྟེང་གི་ལྷ་ཁང་ཆེ་ཤོས་ཡིན་ལ་ཨེ་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཉམས་པ་མེད་པའི་དྲན་རྟེན་རྡོ་རིང་ཡང་ཡིན། ཝ་ཐི་ཁན་གྱི་སནྡ་པེ་ཏི་ལྷ་ཁང་ཆེན་མོ་ནི་གནམ་བདག་ཆོས་ལུགས་ཀྱི་གཞུང་གི་ལྷ་ཁང་ཡིན།  དེ་ཉིད་སྤྱི་ལོ1506ལོར་འདེབས་མགོ་རྩོམ་དུས་པུ་ལ་མན་ཐི་ཡིས་ཇུས་འགོད་བྱས་པའི་རྒྱ་གྲམ་དབྱིངས་ཀྱི་གཅིག་བསྡུས་ཅན་གྱི་ལྷ་ཁང་གི་ཇུས་གཞི་སྤྱད་པ་དང་། རྗེས་སུ་སྨི་ཁའེ་ལང་ཅི་ལུའི་དེའི་ཨར་ལས་གཙོ་སྐྱོང་བྱས།  སྤྱི་ལོ1564ལོའི་ལོ་མཐུག་ཏུ་ཁོང་ཉིད་ཚེ་ལས་འདས་རྗེས་ལས་རྒྱུན་འཛིན་མཁན་གྱིས་ཁོང་གིས་ཤུལ་དུ་བཞག་པའི་གནམ་གདང་གི་དཔེ་གཞི་ལྟར་དབུས་ཀྱི་དབུ་རྩེ་སྒོར་མོ་བསྐྲུན་པ་དང་། རྗེས་སུ་སླར་ཡང་གཅིག་བསྡུས་ཅན་གྱི་ལྷ་ཁང་གི་མདུན་རོལ་དུ་བརྒལ་བ་གསུམ་ལྡན་གྱི་ལྷ་ཁང་གི་མདུན་རོལ་དུ་བརྒལ་བ་གསུམ་ལྡན་གྱི་པ་ཞི་ལེ་ཁའི་ལུགས་ཀྱི་ཚོགས་ཆེན་བསྐྲུན་པ་རེད། སྤྱི་ལོ1626ལོར་ཨར་ལས་བསྐྲུན་ནས་གྲུབ། དུས་རབས17པའི་དུས་དཀྱིལ་དུ་པའེ་ནེ་ནེ་ཡིས་ལྷ་ཁང་གི་མདུན་དུ་སྒོར་དབྱིབས་ཀྱི་ཀ་འཁྱམས་ཅན་གྱི་སནྡ་པེ་ཏི་ཐང་ཆེན་བསྐྲུན་པ་ལ།  ལོ་ངོ200ལྷག་ལ་བཟོ་སྐྲུན་བྱས་པའི་འཛམ་གླིང་གི་ལྷ་ཁང་སྐད་གྲགས་ཅན་དེ་གཞི་ནས་ལས་མཇུག་ཡོངས་སུ་རྫོགས་པ་རེད། ལྷ་ཁང་ཆེན་མོ་དེའི་དབུ་རྩེ་སྒོར་མོའི་ཚངས་ཐིག་ལ་སྨི41.9ཡོད་པ་དང་།  དབུ་རྩེའི་འོག་གི་ཁང་པའི་མཐོ་ཚད་ཁེར་གཙང་ལ་སྨི123.4ཡོད།  ཕྱིའི་དབུ་རྩེའི་རྒྱ་གྲམ་གྱི་སྣེ་མོའི་མཐོ་ཚད་སྨི137.8ལ་ཟིན་དང་།  ལྷ་ཁང་གི་མདུན་ངོས་ཀྱི་མཐོ་ཚད་ལ་སྨི15.5དང་རིང་ལ་སྨི115ཡོད་ལ།  ཀ་བ8དང་ཀ་རྩིགས4ཡོད་ཅིང་། གཞོགས་གཉིས་སུ་དྲིལ་ཁང་ཡོད། ལྷ་ཁང་དེའི་ཕྱི་ངོས་ཀྱི་རིང་ཚད་ལ་སྨི211.5ཡོད་པ་དང་།  གཅིག་བསྡུས་ཅན་གྱི་ཆ་ཤས་ཀྱི་ཞེང་ཚད་ལ་སྨི137ཡོད་ལ། རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ49737ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།