ཡོངས་འཛིན་རིག་མཛོད། >ས་ཁམས། >རྒྱལ་ཁབ། >གཞན་དག

ཧོ་ལའེ་ཝོད།

ཧོ་ལའེ་ཝོད། མིང་གཞན་ལ་ཧུ་ལི་ཧུའོ་ཟེར། ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་ལོའུ་ཧྲན་ཅིའི་གྲོང་འདེབས་ན་ཡོད། ཡུལ་ལྗོངས་ཧ་ཅང་མཛེས། ཧོ་ལའེ་ཝོད་ནི་དུས་རྒྱུན་ཨ་རིའི་གློག་བརྙན་བཟོ་ལས་ལ་གོ རྒྱུ་རྐྱེན་ནི་ཨི་རིའི་མིང་གྲགས་ཅན་གྱི་གློག་བརྙན་ཀུང་སི་མང་པོ་ས་ཆ་འདིར་ཡོད། ལོ་རེའི་ཨའོ་སི་ཁཱའི་གློག་བརྙན་གྱི་བྱ་དགའི་མཛད་སྒོ་གནས་འདི་ནས་སྤེལ་བཞིན་ཡོད།

རིགས་དབྱེ།  

ལྗར་པན།

ཀྲུང་གོའི་ཤར་ཕྱོགས་སུ། ང་ཚོ་དང་རྒྱ་མཚོ་གཅིག་གིས་བར་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་སྟེ་ལྗར་པན་ཡོད། ལྗར་པན་ནི་ཞི་བདེ་རྒྱ་མཚོའི་ནུབ་བྱང་ཁུལ་དུ་ཆགས་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་ལ། པེ་ཧའེ་ཏའོ་དང་པུན་ཀྲོའུ། སི་ཀུའོ། ཅིག་ཀྲོའུ་བཅས་གླིང་ཕྲན་ཆེན་པོ4དང་། གླིང་ཕྲན་ཆུང་ངུ་སྟོང་ཕྲག་དུ་མ་དང་མཐའ་འཁོར་གྱི་མཚོ་ཁོངས་སོགས་ཀྱིས་གྲུབ་པ་ཡིན། པེ་ཧའེ་ཏོ་དང་ཅིག་ཀྲོའུ། པུན་ཀྲོའུ་བཅས་ཀྱི་བར་དམུ་ཕུག་ལམ་གྱིས་སྦྲེལ་ཡོད་ལ། སི་ཀུའོ་དང་པུན་ཀྲོའུ་གཉིས་ཀྱི་བར་དུ་ཟམ་ཆེན་གྱིས་སྦྲེལ་ཡོད།

རིགས་དབྱེ།  

ཨུ་རུ་སུ།

ཡ་ཡོབ་སྐམ་ས་ཆེན་པོའི་བྱང་རྒྱུད་དུ། རྒྱལ་ཁོངས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཡོད་ལ། དེ་ནི་འཛམ་གླིང་སྟེང་དུ་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྟེ་ཨུ་རུ་སུ་ཡིན། ཨུ་རུ་སུའི་ཤར་ནུབ་བར་གྱི་རོང་ཚད་ལ་སྟོང་སྨི་ཁྲི1ལྷག་དང་། ལྷོ་བྱང་བར་གྱི་ཞེང་ཚད་ལ་ཕལ་ཆེར་སྟོང་སྨི4000ཡོད། རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་ཁྲི་ཚོ1700ལྷག་ལས་བརྒལ་པ་རེད།

རིགས་དབྱེ།  

ཨོ་སི་ཁྲུ་ལི་ཡ།

ཨོ་སི་ཁྲུ་ལི་ཡ་གཏེར་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། ཕུན་སུམ་ཚོགས་པའི་གཏེར་ཁུངས་ཀྱི་རྨང་གཞིའི་ཐོག་ཏུ། ཨོ་སི་ཁྲུ་ལི་ཡའི་གཏེར་འདོན་ལས་རིགས་དང་། ལྕགས་བཞུ། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་བཅས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་མྱུར་བར་འཕེལ་རྒྱས་བྱུང་སྟེ། ད་ལྟ་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུའི་ཐོན་ལས་གཙོ་བོར་གྱུར་ཡོད།

རིགས་དབྱེ།  

པ་པ་ཏོ་སིའི་རྒྱལ་དར།

པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་། མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན། པ་པ་ཏོ་སིའི་རྒྱལ་དར་གྱི་དར་ངོས་ནི་གཡོན་ནས་གཡས་སུ་མདོག་སྔོན་པོ་དང་སེར་པོ། སྔོན་པོ་བཅས་ཐུར་དུ་ཡོད་པའི་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་། མདོག་སེར་པོའི་དཀྱིལ་དུ་མདོག་ནག་པོའི་མདུང་མོ་རྩེ་གསུམ་ཞིག་བཀོད་ཡོད་པ་ཡིན།

རིགས་དབྱེ།  

པ་པ་ཏོ་སིའི་རྒྱལ་རྟགས།

པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་། མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན། པ་པ་ཏོ་སིའི་རྒྱལ་རྟགས་ནི་སྤྱི་ལོ1966ལོར་བཀོལ་སྤྱོད་བྱས་པ་ཡིན།

རིགས་དབྱེ།  

པ་ཧ་མའི་རྒྱལ་དར།

པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་ཧ་མའི་རྒྱལ་དར་ནི་སྤྱི་ལོ1973ལོའི་ཟླ7པའི་ཚེས10ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།

རིགས་དབྱེ།  

པ་ཧ་མའི་རྒྱལ་རྟགས།

པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་ཧ་མའི་རྒྱལ་རྟགས་ནི་སྤྱི་ལོ1971ལོའི་ཟླ12པའི་ཚེས7ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།

རིགས་དབྱེ།  

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར།

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མིང་ཆ་ཚང་ལ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ལྷོ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི4བསྡུར3ཡིན། གཡོན་ཟུར་གོང་མ་ནས་གཡས་ཟུར་འོག་མའི་གཏད་ཟུར་ཐིག་གིས་དར་ངོས་ནི་འདྲ་མཚུངས་ཡིན་པའི་ཟུར་གསུམ་མ་གཉིས་སུ་དབྱེ། གཡས་སྟེང་ནི་མདོག་དམར་པོ་ཡིན་ཞིང་། དེའི་ནང་ནམ་འཕང་གཅོད་པའི་གསེར་མདོག་གི་རབ་དགའི་བྱ་ཞིག་ཡོད། གཡོན་འོག་ནི་མདོག་ནག་པོ་ཡིན་ཞིང་། དེའི་ནང་དཀར་མདོག་གི་སྐར་མ་ཟུར་ལྔ་ལྔ་ཡོད་ཅིང་། དེའི་ཁྲོད་ཀྱི་སྐར་མ་གཅིག་ཅུང་ཆུང་བ་ཡིན།

རིགས་དབྱེ།  

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་རྟགས།

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མིང་ཆ་ཚང་ལ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ལྷོ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་རྟགས་ནི་སྤྱི་ལོ1975ལོར་བཀོལ་སྤྱོད་བྱེད་འགོ་ཚུགས་ཤིང་། རྒྱལ་རྟགས་ཀྱི་རི་མོ་ནི་རབ་དགའི་བྱ་ཞིག་ཀོ་རྔ་གཉིས་དང་མདུང་རིང་ཞིག་གི་སྟེང་ངལ་གསོས་ཡོད་པ་ཡིན་ལ། རྒྱལ་རྟགས་ཀྱི་གཤམ་དུ་དབྱིན་ཡིག་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཞེས་བྲིས་ཡོད།

རིགས་དབྱེ།  

ཨན་ཀོ་ལའི་རྒྱལ་དར།

ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས། ཨན་ཀོ་ལའི་རྒྱལ་དར་ནི་གོང་ནས་འོག་ཏུ་མདོག་དམར་པོ་དང་ནག་པོ་བཅས་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་། དར་དཀྱིལ་དུ་མདོག་སེར་པོའི་གཞུ་དབྱིབས་ཀྱི་སོ་འཁོར་ཞིག་དང་གཙབ་གྲི་ཞིག་བསྣོལ་མར་ཡོད་པ་དང་། དེ་གཉིས་ཀྱི་བར་ན་སྐར་མ་ཟུར་ལྔ་ཞིག་ཀྱང་ཡོད་པ་ཡིན།

རིགས་དབྱེ།  

ཨན་ཀོ་ལའི་རྒྱལ་རྟགས།

ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས། ཨན་ཀོ་ལའི་རྒྱལ་རྟགས་ནི་སྤྱི་ལོ1975ལོའི་ཟླ11པར་བཟོས་པ་ཡིན།

རིགས་དབྱེ།  

ཨན་ཏོར་གྱི་རྒྱལ་དར།

ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་། དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ། ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཨན་ཏོར་གྱི་རྒྱལ་དར་འདི་ནི་སྤྱི་ལོ1866ལོར་ཆོག་མཆན་ཐོབ་པ་ཡིན།

རིགས་དབྱེ།  

ཨན་ཏོར་གྱི་རྒྱལ་རྟགས།

ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་། དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ། ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཨན་ཏོར་གྱི་རྒྱལ་རྟགས་ཀྱིས་རྒྱལ་ཁབ་འདི་ལ་ཧྥ་རན་སེ་དང་སི་ཕེན་བཅས་རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་ཐོབ་ཡོད་པ་མངོན་ཞིང་། རྒྱལ་རྟགས་ཀྱི་དཀྱིལ་གྱི་རི་མོ་ནི་ཆ་བཞི་རུ་བགོས་པའི་ཕུབ་རིས་ཤིག་ཡིན་ལ། རྒྱལ་རྟགས་ཀྱི་གཤམ་དུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་གདམས་ངག་ཅིག་བྲིས་ཡོད།

རིགས་དབྱེ།  

ཨན་ཐི་ཀྭ་དང་པ་པུ་ཏའི་རྒྱལ་དར།

ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ནི་མེ་གླིང་བྱང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཅཱ་ལུ་པི་གླིང་ཚོམ་གྱི་བྱང་ཁུལ་དུ་གནས། ཨན་ཐི་ཀྭ་དང་པ་པུ་ཏའི་རྒྱལ་དར་ནི་སྤྱི་ལོ1967ལོའི་ཟླ2པའི་ཚེས27ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།

རིགས་དབྱེ།  

ཨན་ཐི་ཀྭ་དང་པ་པུ་ཏའི་རྒྱལ་རྟགས།

ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ནི་མེ་གླིང་བྱང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཅཱ་ལུ་པི་གླིང་ཚོམ་གྱི་བྱང་ཁུལ་དུ་གནས། ཨན་ཐི་ཀྭ་དང་པ་པུ་ཏའི་རྒྱལ་རྟགས་ནི་སྤྱི་ལོ1967ལོའི་ཟླ2པའི་ཚེས16ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།

རིགས་དབྱེ།  

ཨེ་སོ་ནི་ཡའི་རྒྱལ་དར།

ཨེ་སོ་ནི་ཡའི་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། རྒྱལ་ཁབ་འདི་དང་ལྷོ་ཕྱོགས་ཀྱི་ལ་ཐེ་ཝེ་ཡ། ལི་ཐུ་ཝན་ནི་ཡ་རྒྱལ་ཁབ་བཅས་གསུམ་ལ་པོ་ལུའོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་དུ་འབོད་པ་ཡིན། ཨེ་སོ་ནི་ཡའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི11བསྡུར7ཡིན། དར་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་སྔོན་པོ་དང་ནག་པོ། དཀར་པོ་བཅས་ཀྱི་གྲུ་བཞི་ནར་དབྱིབས་གསུམ་གྱིས་གྲུབ་པ་ཞིག་ཡིན།

རིགས་དབྱེ།  

ཨེ་སོ་ནི་ཡའི་རྒྱལ་རྟགས།

ཨེ་སོ་ནི་ཡའི་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། རྒྱལ་ཁབ་འདི་དང་ལྷོ་ཕྱོགས་ཀྱི་ལ་ཐེ་ཝེ་ཡ། ལི་ཐུ་ཝན་ནི་ཡ་རྒྱལ་ཁབ་བཅས་གསུམ་ལ་པོ་ལུའོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་དུ་འབོད་པ་ཡིན། ཨེ་སོ་ནི་ཡའི་རྒྱལ་རྟགས་ནི་སྔོན་གྱི་ཨེ་སོ་ནི་ཡ་ཞིང་ཆེན་དང་རྒྱལ་ས་ཐ་ལིན་གྱི་མཚན་རྟགས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན།

རིགས་དབྱེ།  

ཨོ་སི་ཁྲུ་རི་ཡའི་རྒྱལ་དར།

ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨོ་སི་ཁྲུ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་དབུས་མའི་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཨོ་སི་ཁྲུ་རི་ཡའི་རྒྱལ་དར་ནི་སྤྱི་ལོ1230ལོ་ནས་བཀོལ་འགོ་ཚུགས་ཤིང་། སྤྱི་ལོ1919ལོར་རྒྱལ་དར་དུ་གཏན་འཁེལ་བྱས་པ་ཡིན།

རིགས་དབྱེ།  

ཨོ་སི་ཁྲུ་རི་ཡའི་རྒྱལ་རྟགས།

ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨོ་སི་ཁྲུ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་དབུས་མའི་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཨོ་སི་ཁྲུ་རི་ཡའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་བཟོ་ལྟ་ཁྱད་འཕགས་ཅན་གྱི་མདོག་ནག་པོའི་ཨོ་སི་ཁྲུ་རི་ཡའི་བྱ་རྒོད་ཅིག་ཡིན་ཞིང་། བྱ་རྒོད་དེ་ཨོ་སི་ཁྲུ་རི་ཡའི་རྒྱལ་རྟགས་སུ་བྱས་པ་ལ་ལོ་ངོ900ལྷག་གི་ལོ་རྒྱུས་ལྡན་པ་ཡིན།

རིགས་དབྱེ།  

ཨོ་སི་ཁྲུ་ལི་ཡའི་རྒྱལ་དར།

ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨོ་སི་ཁྲུ་ལི་ཡ་མཉམ་འབྲེལ་རྒྱལ་ཁབ་ཟེར་ཞིང་། དེ་ནི་རྒྱ་མཚོ་ཆེན་པོའི་གླིང་ཆེན་གྱི་མཐའ་བཞི་མཚོ་ཡིས་བསྐོར་བའི་རྒྱལ་ཁབ་ཅིག་ཡིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་དར་འདི་ནི་སྤྱི་ལོ1904ལོར་བྱུང་ཞིང་། སྤྱི་ལོ1954ལོར་དངོས་སུ་རྒྱལ་དར་དུ་གཏན་འཁེལ་བྱས་པ་ཞིག་ཡིན།

རིགས་དབྱེ།  

ཨོ་སི་ཁྲུ་ལི་ཡའི་རྒྱལ་རྟགས།

ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨོ་སི་ཁྲུ་ལི་ཡ་མཉམ་འབྲེལ་རྒྱལ་ཁབ་ཟེར་ཞིང་། དེ་ནི་རྒྱ་མཚོ་ཆེན་པོའི་གླིང་ཆེན་གྱི་མཐའ་བཞི་མཚོ་ཡིས་བསྐོར་བའི་རྒྱལ་ཁབ་ཅིག་ཡིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་གི་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་རིས་སྟེང་རི་མོ་མི་འདྲ་བ་དྲུག་ཡོད་ཅིང་། དེ་དག་གིས་རྒྱལ་ཁབ་འདིའི་ཁུལ་དྲུག་མཚོན། ཕུབ་རིས་ཀྱི་གོང་དུ་སྐར་མ་ཟུར་བདུན་ཞིག་ཡོད་ཅིང་། དེས་ཨོ་སི་ཁྲུ་ལི་ཡ་མཉམ་འབྲེལ་གྱི་ཁུལ་དྲུག་དང་མཉམ་འབྲེལ་ས་ཁུལ་མཚོན་པ་ཡིན། ཕུབ་རིས་ཀྱི་གཡོན་ཕྱོགས་ནི་བྱི་བ་བྲང་ཁུག་ཅན་ཞིག་དང་གཡས་ཕྱོགས་ནི་མིང་ལ་ཨེར་མིའོ་ཟེར་བའི་ཡོ་རོབ་གླིང་གི་རྔ་མོང་བྱ་ཞིག་ཡིན་ལ། སྲོག་ཆགས་འདི་གཉིས་ནི་ཨོ་སི་ཁྲུ་ལི་ཡའི་ཁྱད་འཕགས་ཅན་གྱི་སྲོག་ཆགས་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མི་རིགས་ཀྱི་མཚོན་རྟགས་ཡིན། རྒྱབ་ལྗོངས་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་མཚོན་བྱེད་ཀྱི་མེ་ཏོག་ཅིན་ཧུ་ཧོན་ཡིན། རྒྱལ་རྟགས་འོག་གི་རྒྱན་དར་སྟེང་དབྱིན་ཡིག་གིས་ཨོ་སི་ཁྲུ་ལི་ཡ་ཞེས་བྲིས་ཡོད་པ་ཡིན།

རིགས་དབྱེ།  

ཕ་ཁི་སི་ཐན་གྱི་རྒྱལ་དར།

ཕ་ཁི་སི་ཐན་གྱི་མིང་ཆ་ཚང་ལ་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། རྒྱལ་ཁབ་འདི་ནི་མི་རིགས་མང་བའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་ཡིན་ལ། དེ་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་ཕལ་པའི་ནུབ་བྱང་ཁུལ་དུ་གནས། ཕ་ཁི་སི་ཐན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ཆའི་གཡོན་ཕྱོགས་ནི་ཐུར་དུ་ཡོད་པའི་མདོག་དཀར་པོའི་གྲུ་བཞི་ནར་མོ་ཞིག་ཡིན་ལ། དེའི་ཞེང་གིས་དར་ཆའི་ཡོངས་ཀྱི་བཞི་ཆའི་གཅིག་ཟིན། དར་ཆའི་གཡས་ཕྱོགས་ནི་མདོག་ལྗང་ནག་གི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་། དེའི་དཀྱིལ་དུ་མདོག་དཀར་པོའི་སྐར་མ་ཟུར་ལྔ་ཞིག་དང་མདོག་དཀར་པོའི་ཟླ་གམ་ཞིག་ཡོད། རྒྱལ་དར་འདི་ནི་སྤྱི་ལོ1947ལོའི་ཟླ8པའི་ཚེས14ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།

རིགས་དབྱེ།  

ཕ་ཁི་སི་ཐན་གྱི་རྒྱལ་རྟགས།

ཕ་ཁི་སི་ཐན་གྱི་མིང་ཆ་ཚང་ལ་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། རྒྱལ་ཁབ་འདི་ནི་མི་རིགས་མང་བའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་ཡིན་ལ། དེ་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་ཕལ་པའི་ནུབ་བྱང་ཁུལ་དུ་གནས། ཕ་ཁི་སི་ཐན་གྱི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་གི་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་རིས་དེ་ཆ་བཞི་རུ་བགོས་ཡོད་ལ། རེ་རེ་ཡི་སྟེང་སྲིང་བལ་དང་གྲོ། ཇ་ལོ། སོ་མ་སེར་པོ་བཅས་ལོ་ཏོག་སྣ་བཞི་བྲིས་ཡོད།

རིགས་དབྱེ།  

ཕ་ར་ཀུའེ་ཡི་རྒྱལ་དར།

ཕ་ར་ཀུའེ་ཡི་མིང་ཆ་ཚང་ལ་ཕ་ར་ཀུའེ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་ལྷོ་མའི་དབུས་ཁུལ་གྱི་མཚོ་འགྲམ་མེད་པའི་རྒྱལ་ཁབ་ཅིག་ཡིན། ཕ་ར་ཀུའེ་ཡི་རྒྱལ་དར་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་དམར་པོ་དང་དཀར་པོ། སྔོན་པོ་བཅས་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་། དར་ཆའི་མདུན་ངོས་ཀྱི་དཀྱིལ་དུ་རྒྱལ་རྟགས་ཡོད་པ་དང་། རྒྱབ་ངོས་སུ་ནོར་སྲིད་ཐམ་ཀ་ཞིག་ཡོད།

རིགས་དབྱེ།  

ཕ་ར་ཀུའེ་ཡི་རྒྱལ་རྟགས།

ཕ་ར་ཀུའེ་ཡི་མིང་ཆ་ཚང་ལ་ཕ་ར་ཀུའེ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་ལྷོ་མའི་དབུས་ཁུལ་གྱི་མཚོ་འགྲམ་མེད་པའི་རྒྱལ་ཁབ་ཅིག་ཡིན། ཕ་ར་ཀུའེ་ཡི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་། སྒོར་དབྱིབས་དེའི་རི་མོ་ནི་འོད་སྣང་ཕྱོགས་བཞིར་འཚེར་བའི་སྐར་མ་ཟུར་ལྔ་ཞིག་ཡིན།

རིགས་དབྱེ།  

པ་རེན་གྱི་རྒྱལ་དར།

པ་རེན་གྱི་མིང་ཆ་ཚང་ལ་པ་རེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཏ་ཟིག་མཚོ་འགག་གི་ནུབ་ངོགས་དང་ཐག་ཉེ་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་རེན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ནི་མདོག་དམར་པོ་དང་དཀར་པོ་གཉིས་ཀྱིས་གྲུབ་ཅིང་། དར་ཤིང་གི་ཕྱོགས་ནི་མདོག་དཀར་པོ་ཡིན་ལ། དེས་དར་ངོས་ཡོངས་ཀྱི་ལྔ་ཆའི་གཅིག་ཟིན། གཡས་ཕྱོགས་ནི་མདོག་དམར་པོ་ཡིན་ལ། མདོག་དཀར་པོ་དང་དམར་པོའི་འབྲེལ་མཚམས་ནི་སོག་ལེའི་ཁའི་བཟོ་ལྟ་ཡིན།

རིགས་དབྱེ།  

པ་རེན་གྱི་རྒྱལ་རྟགས།

པ་རེན་གྱི་མིང་ཆ་ཚང་ལ་པ་རེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཏ་ཟིག་མཚོ་འགག་གི་ནུབ་ངོགས་དང་ཐག་ཉེ་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་རེན་གྱི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་ནི་རྒྱལ་དར་གྱི་རི་མོ་ཕབ་ཡོད་པའི་ཕུབ་རིས་ཤིག་ཡིན་ཞིང་། མཐའ་སྐོར་དུ་མཛེས་ཤིང་ལྟ་ན་སྡུག་པའི་མདོག་དཀར་དམར་གྱི་ལོ་མས་བརྒྱན་ཡོད།

རིགས་དབྱེ།  

པར་ཙིར་གྱི་རྒྱལ་དར།

པར་ཙིར་གྱི་མིང་ཆ་ཚང་ལ་པར་ཙིར་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་ལྷོ་མའི་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན། པར་ཙིར་གྱི་རྒྱལ་དར་ནི་ལྗང་མདོག་དེ་རྒྱབ་ལྗོངས་སུ་གཙོ་བོར་བཞག་ཡོད་ཅིང་། དེའི་ཐོག་ཏུ་མདོག་སེར་པོའི་གཟེ་དབྱིབས་ཞིག་ཡོད་ལ། གཟེ་དབྱིབས་ཐོག་ཏུ་མདོག་སྔོན་པོའི་སྒོར་དབྱིབས་ཤིག་ཡོད་པ་དང་། སྒོར་དབྱིབས་ཐོག་ལྷོའི་རྒྱ་གྲམ་སྐར་ཚོམ་དཀྱིལ་སྙིང་དུ་བཟུང་བའི་སྐར་མ་ཉེར་བདུན་ཡོད། སྒོར་དབྱིབས་ཐོག་གི་རྒྱན་དར་དཀར་པོའི་སྟེང་ཕོར་ཐིའུ་ཀལ་གྱི་ཡི་གེས་སྒྲིག་སྲོལ་དང་ཡར་ཐོན་ཞེས་བྲིས་ཡོད།

རིགས་དབྱེ།  

པར་ཙིར་གྱི་རྒྱལ་རྟགས།

པར་ཙིར་གྱི་མིང་ཆ་ཚང་ལ་པར་ཙིར་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཆེས་ཆེ་བ་ཞིག་ཡིན། པར་ཙིར་གྱི་རྒྱལ་རྟགས་ཀྱི་རི་མོ་ནི་དཀྱིལ་འབུར་དུ་ཐོན་པའི་སྐར་མ་ཟུར་ལྔ་ཆེན་པོ་ཞིག་ཡིན་ཞིང་། སྐར་མ་ཟུར་ལྔ་ཆེན་པོ་དེའི་ནང་གི་མདོག་སྔོན་པོའི་སྒོར་དབྱིབས་ཐོག་སྐར་མ་ཟུར་ལྔ་ཆུང་བ་བདུན་ཡོད་པ་དང་། སྒོར་གདུབ་ནང་དུ་སྐར་མ་ཟུར་ལྔ་ཆུང་བ་ཉེར་བདུན་ཡོད། སྐར་མ་ཟུར་ལྔ་ཆེན་པོ་དེའི་མཐའ་རུ་ཁ་ཧྥེའི་ལོ་མ་དང་དུ་བའི་ལོ་མ་གཉིས་ཀྱིས་བསླས་པའི་མེ་ཏོག་འཕྲང་བ་ཡིས་བསྐོར་ཡོད་པ་དང་། སྐར་མ་ཟུར་ལྔ་ཆེན་པོ་དེའི་རྒྱབ་ཏུ་གྲི་ཞིག་ཀེ་རེར་བསླངས་ཡོད་ལ། གྲིའི་ཡུ་བ་དེ་སྐར་མ་ཟུར་ལྔ་ཆེན་པོའི་ཞབས་སུ་ཡོད། གྲིའི་ཡུ་བའི་ཐོག་གི་རྒྱན་དར་སྟེང་ཕོར་ཐིའུ་ཀལ་གྱི་ཡི་གེས་པར་ཙིར་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་ཉིན་མོ་སྟེ་སྤྱི་ལོ1889ལོའི་ཟླ11པའི་ཚེས15ཉིན་ཞེས་བྲིས་ཡོད།

རིགས་དབྱེ།