པ་ཧ་མའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་ཧ་མའི་རྒྱལ་དར།
པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་ཧ་མའི་རྒྱལ་དར་ནི་སྤྱི་ལོ1973ལོའི་ཟླ7པའི་ཚེས10ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴哈马国旗
ཕྱི་ཡིག་གི་མིང་།
Flag of the Bahamas
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1973ལོའི་ཟླ7པའི་ཚེས10ཉིན།
1 ངོ་སྤྲོད།

པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།  པ་ཧ་མའི་རྒྱལ་དར་ནི་སྤྱི་ལོ1973ལོའི་ཟླ7པའི་ཚེས10ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།  རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན།  དར་ངོས་ནི་མདོག་ནག་པོ་དང་སྔོན་པོ།  སེར་པོ་བཅས་གསུམ་གྱིས་གྲུབ་ཅིང་།  དར་ཤིང་གི་གཞོགས་ནི་མདོག་ནག་པོའི་རྐེད་མཚུངས་ཟུར་གསུམ་མ་ཞིག་ཡིན་པ་དང་།  གཡས་ཕྱོགས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་སྔོན་པོ་དང་སེར་པོ།  སྔོན་པོ་བཅས་མཉམ་གཤིབ་ཀྱི་གྲུ་བཞི་ནར་མོ་གསུམ་ཡིན།  མདོག་ནག་པོའི་ཟུར་གསུམ་མས་པ་ཧ་མའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་གླིང་ཕྲན་རྒྱལ་ཁབ་ཀྱི་སྐམ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ་མཚོན།  མདོག་སྔོན་པོས་གླིང་ཕྲན་རྒྱལ་ཁབ་འདིའི་མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་མཚོན་པ་དང་།  མདོག་སེར་པོས་གླིང་ཕྲན་རྒྱལ་ཁབ་འདིའི་མཛེས་སྡུག་གི་ཆུ་འགྲམ་གྱི་བྱེ་ཐང་མཚོན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།