ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར།
ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མིང་ཆ་ཚང་ལ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ལྷོ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི4བསྡུར3ཡིན། གཡོན་ཟུར་གོང་མ་ནས་གཡས་ཟུར་འོག་མའི་གཏད་ཟུར་ཐིག་གིས་དར་ངོས་ནི་འདྲ་མཚུངས་ཡིན་པའི་ཟུར་གསུམ་མ་གཉིས་སུ་དབྱེ། གཡས་སྟེང་ནི་མདོག་དམར་པོ་ཡིན་ཞིང་། དེའི་ནང་ནམ་འཕང་གཅོད་པའི་གསེར་མདོག་གི་རབ་དགའི་བྱ་ཞིག་ཡོད། གཡོན་འོག་ནི་མདོག་ནག་པོ་ཡིན་ཞིང་། དེའི་ནང་དཀར་མདོག་གི་སྐར་མ་ཟུར་ལྔ་ལྔ་ཡོད་ཅིང་། དེའི་ཁྲོད་ཀྱི་སྐར་མ་གཅིག་ཅུང་ཆུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴布亚新几内亚国旗
ཕྱི་ཡིག་གི་མིང་།
Flag of Papua New Guinea
རིགས་དབྱེ།
རྒྱལ་དར།
1 ངོ་སྤྲོད།

ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མིང་ཆ་ཚང་ལ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ལྷོ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།  ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི4བསྡུར3ཡིན།  གཡོན་ཟུར་གོང་མ་ནས་གཡས་ཟུར་འོག་མའི་གཏད་ཟུར་ཐིག་གིས་དར་ངོས་ནི་འདྲ་མཚུངས་ཡིན་པའི་ཟུར་གསུམ་མ་གཉིས་སུ་དབྱེ།  གཡས་སྟེང་ནི་མདོག་དམར་པོ་ཡིན་ཞིང་།  དེའི་ནང་ནམ་འཕང་གཅོད་པའི་གསེར་མདོག་གི་རབ་དགའི་བྱ་ཞིག་ཡོད།  གཡོན་འོག་ནི་མདོག་ནག་པོ་ཡིན་ཞིང་།  དེའི་ནང་དཀར་མདོག་གི་སྐར་མ་ཟུར་ལྔ་ལྔ་ཡོད་ཅིང་།  དེའི་ཁྲོད་ཀྱི་སྐར་མ་གཅིག་ཅུང་ཆུང་བ་ཡིན།  མདོག་དམར་པོ་དང་ནག་པོ་ནི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མི་རིགས་སྲོལ་རྒྱུན་གྱི་ཁ་དོག་ཡིན་ཞིང་།  གཞན་མདོག་དམར་པོ་དང་ནག་པོ།  སེར་པོ་བཅས་ཀྱི་ཚན་སྡེབ་ནི་སྤྱི་ལོ1918ལོའི་ཡར་སྔོན་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ལ་དབང་བསྒྱུར་བའི་འཇར་མན་གྱི་རྒྱལ་དར་གྱི་ཁ་དོག་ཡིན།  མདོག་དམར་པོས་ངར་ལ་དཔའ་བ་དང་སྙིང་སྟོབས་མཚོན།  རབ་དགའི་བྱ་ལ་ལྷ་ཡུལ་གྱི་བྱའང་ཟེར་ཞིང་།  དེ་ནི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཁྱད་ཆོས་ཅན་གྱི་བྱ་རིགས་ཤིག་ཡིན་ལ།   རྒྱལ་ཁབ་མཚོན་བྱེད་ཀྱི་བྱའང་ཡིན།  དེས་རྒྱལ་ཁབ་དང་མི་རིགས་རང་བཙན།  རང་དབང་དང་བདེ་སྐྱིད་བཅས་མཚོན།  མདོག་ནག་པོས་རྒྱལ་ཁབ་མངའ་ཁོངས་དེ“མི་ནག་གླིང་ཚོམ”ཁྲོད་གནས་པ་མཚོན།  སྐར་མ་ཟུར་ལྔ་ལྔ་བོ་དེའི་སྒྲིག་སྟངས་ཀྱིས་ལྷོའི་རྒྱ་གྲམ་སྐར་ཚོམ་མཚོན་ཞིང་།  དེས་རྒྱལ་ཁབ་འདི་སའི་གོ་ལའི་ཕྱེད་ལྷོ་མ་རུ་གནས་པ་གསལ་པོར་མཚོན།  ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་དར་ནི་སྤྱི་ལོ1971ལོའི་ཟླ7པའི་ཚེས1ཉིན་གཏན་འབེབས་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།