ཨུ་རུ་སུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུ་རུ་སུ།
ཡ་ཡོབ་སྐམ་ས་ཆེན་པོའི་བྱང་རྒྱུད་དུ། རྒྱལ་ཁོངས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཡོད་ལ། དེ་ནི་འཛམ་གླིང་སྟེང་དུ་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྟེ་ཨུ་རུ་སུ་ཡིན། ཨུ་རུ་སུའི་ཤར་ནུབ་བར་གྱི་རོང་ཚད་ལ་སྟོང་སྨི་ཁྲི1ལྷག་དང་། ལྷོ་བྱང་བར་གྱི་ཞེང་ཚད་ལ་ཕལ་ཆེར་སྟོང་སྨི4000ཡོད། རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་ཁྲི་ཚོ1700ལྷག་ལས་བརྒལ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
俄罗斯联邦
ཕྱི་ཡིག་གི་མིང་།
Russian Federation
བསྡུས་མིང་།
ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ།
ཁོངས་གཏོགས་གླིང་།
ཡོ་རོབ་གླིང་།
རྒྱལ་ས།
མོ་སི་ཁོ།
སྐད་རིགས།
ཨུ་རུ་སུའི་སྐད།
གྲོང་ཁྱེར་གཙོ་བོ།
ཧྲེང་པི་ཏུ་པའོ། ཡེ་ཁཱ་ཅེ་ལིན་པའོ། ཧྥུའུ་ཨེར་ཅཱ་ཀུ་ལུ། ཁཱ་ཧྲན་སོགས།
རྒྱལ་སྟོན་དུས་ཆེན།
ཟླ6པའི་ཚེས12
རྒྱལ་ཁབ་ཀྱི་ཚབ་རྟགས།
RUS
གྲོང་ཁྱེར་ཆེ་ཤོས།
མོ་སི་ཁོ།
མི་གྲངས།
དུང་ཕྱུར1.43(2014ལོ)
མི་རིགས་གཙོ་བོ།
ཨུ་རུ་སུ་རིགས།
ཆོས་ལུགས་གཙོ་བོ།
དངོས་རྒྱུད་ཆོས་ལུགས་ཤར་པ།
རྒྱལ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ17075.4
རྒྱལ་སྤྱིའི་ཁ་པར་ཨང་རྟགས།
+7
ལོ་རྩིས།
སྤྱི་ཟླ།
མཚོ་འཕགས་ཆེས་མཐོ་བ།
ཧྲེང་པི་ཏུ་པའོ། (སྨི5642)
རྒྱལ་སྟོན་དུས་ཆེན།
ཟླ6པའི་ཚེས12
1 རྒྱལ་ཁོངས་ཡངས་ཤིང་རྒྱ་ཆེ་བ།

ཡ་ཡོབ་སྐམ་ས་ཆེན་པོའི་བྱང་རྒྱུད་དུ།  རྒྱལ་ཁོངས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཡོད་ལ།  དེ་ནི་འཛམ་གླིང་སྟེང་དུ་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྟེ་ཨུ་རུ་སུ་ཡིན། ཨུ་རུ་སུའི་ཤར་ནུབ་བར་གྱི་རོང་ཚད་ལ་སྟོང་སྨི་ཁྲི1ལྷག་དང་། ལྷོ་བྱང་བར་གྱི་ཞེང་ཚད་ལ་ཕལ་ཆེར་སྟོང་སྨི4000ཡོད།  རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་ཁྲི་ཚོ1700ལྷག་ལས་བརྒལ་པ་རེད།  ས་ཁུལ་མང་ཆེ་བའི་ས་དབྱིབས་ཅུང་བདེ་སྙོམས་ཡིན།  དགུན་དུས་རིང་ཞིང་གྲང་ངར་ཆེ་ལ།  དབྱར་དུས་ཐུང་ཞིང་དྲོ་འཇམ་ལྡན་པ་རེད།

2 མི་གྲངས།

ཨུ་རུ་སུ་མི་འབོར་དུང་ཕྱུར1.531(སྤྱི་ལོ2012ལོའི་ཟླ4པའི་ཚེས1ཉིན)ཡོད། ཁྱོན་མི་རིགས193དང་དེའི་ནང་ཨུ་རུ་སུ་རིགས་ཀྱིས79.82%ཟིན། ཨུ་རུ་སུ་ནི་འཛམ་གླིང་ཐོག་མི་འབོར་ཉུང་དུ་གཏོང་བའི་མྱུར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཉེ་སྔོན་མི་འབོར་ཞིབ་བཤེར་རགས་ཙམ་བྱས་པ་ལྟར་ན། 2002ལོ་ནས2012ལོའི་བར་ཨུ་རུ་སུའི་མི་འབོར་དུང་ཕྱུར1.429བར་ཉུང་དུ་ཕྱིན། 2002ལོའི་མི་གྲངས་དང་བསྡུར་ན་ཁྲི་ཉིས་བརྒྱ་དང་སུམ་ཅུའི་ཇེ་ཉུང་དུ་སོང་། 1991ལོ་སུའུ་ལེན་སིལ་བུར་ཐོར་ནས་བཟུང་ཨུ་རུ་སུ་མི་འབོར་གྱི་གནས་ཚད་ཇེ་ཞན་དུ་སོང་། 1993ལོའི་མི་འབོར་དུང་ཕྱུར1.486ནས་ལོའི་མི་འབོར་དུང་ཕྱུར1.425ལ་ཇེ་ཉུང་དུ་སོང་། ལོ་རེར་མི་འབོར་ཁྲི70ཇེ་ཉུང་དུ་འགྲོ་བའི་མགྱོགས་ཚད་ཀྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད།  2030ལོར་ཨུ་རུ་སུའི་མི་འབོར་དུང་ཕྱུར1.39ལ་སླེབས། 

ཨུ་རུ་སུའི་སྤྱི་ཚོགས་ཀྱི་སྐྱེས་པ་དང་བུད་མེད་ཀྱི་སྡུར་ཚད་དོ་མི་མཉམ་པ། 1989ལོ་ནས2002དང2010བར་ཐེངས་གསུམ་ལ་ཨུ་རུ་སུ་ཡོངས་ཀྱི་མི་འབོར་ཞིབ་བཤེར་བྱས་པ་ལས་མངོན་གསལ་ལྟར་ན། ཨུ་རུ་སུའི་སྐྱེས་པ་དང་བུད་མེད་ཀྱི་མི་འབོར་བསྡུར་ཚད་ནི1000:1140、1000:1147、1000:1163ཡིན། 

3 བཟོ་ལས་དར་རྒྱས་ཆེ་བ།

ཨུ་རུ་སུའི་རང་བྱུང་ཐོན་ཁུངས་ཀྱི་སྣ་ཁ་འཛོམས་ཤིང་གསལ་ཚད་ཆེ་ལ།  དེ་ནི་འཛམ་གླིང་གི་ཐོན་ཁུངས་ཀྱིས་རང་མཁོ་རང་སྤྲོད་བྱེད་ཐུབ་པའི་རྒྱལ་ཁབ་ཆེན་པོ་ཉུང་གྲས་འགའི་གྲས་ཤིག་ཡིན།  དེས་ཨུ་རུ་སུའི་བཟོ་ལས་འཕེལ་རྒྱས་ཕྱོགས་སུ་དངོས་པོའི་རྨང་གཞི་ལེགས་པོར་བཏིང་བ་རེད།

4 དར་རྒྱས་ཆེ་བའི་འགྲིམ་འགྲུལ།

ཨུ་རུ་སུའི་འགྲིམ་འགྲུལ་སྡེ་ཁག་ཆ་ཚང་ཞིང་།  ལྕགས་ལམ་དང་གཞུང་ལམ།  མཁའ་ལམ། ད་དུང་ནང་ཁུལ་ཆུ་བོ་དང་མཚོ།  སྦུབས་ལམ་སྐྱེལ་འདྲེན་བཅས་ཧ་ཅང་དར་རྒྱས་ཆེ་མོད།  འོན་ཀྱང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་ཐིག་ཕྱོགས་ནས་ཡོབ་གླིང་གི་ཁག་དང་ཡ་གླིང་གི་ཁག་ཅིག་དོ་མི་མཉམ་པ་རེད། 



བརྡ་འགྲེལ་གདོང་འཛར།

ས་ཁམས། རྒྱལ་ཁབ། གཞན་དག ཨུ་རུ་སུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།