ཨོ་སི་ཁྲུ་ལི་ཡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་སི་ཁྲུ་ལི་ཡ།
ཨོ་སི་ཁྲུ་ལི་ཡ་གཏེར་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། ཕུན་སུམ་ཚོགས་པའི་གཏེར་ཁུངས་ཀྱི་རྨང་གཞིའི་ཐོག་ཏུ། ཨོ་སི་ཁྲུ་ལི་ཡའི་གཏེར་འདོན་ལས་རིགས་དང་། ལྕགས་བཞུ། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་བཅས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་མྱུར་བར་འཕེལ་རྒྱས་བྱུང་སྟེ། ད་ལྟ་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུའི་ཐོན་ལས་གཙོ་བོར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
澳大利亚联邦
ཕྱི་ཡིག་གི་མིང་།
The Commonwealth of Australia
བསྡུས་མིང་།
ཨོ་གླིང་།
ཁོངས་གཏོགས་གླིང་།
རྒྱ་མཚོ་ཆེན་པོའི་གླིང་།
རྒྱལ་ས།
ཁན་ཕེ་ལཱ།
སྐད་རིགས།
དབྱིན་སྐད།
གྲོང་ཁྱེར་གཙོ་བོ།
ཞི་ཉི། མོ་ཨེར་པུན། ཕེ་སི། པུའུ་ལི་སི་པན། ཏཱ་ཨེར་ཝུན། ཧུའོ་པཱ་ཐུ།
རྒྱལ་སྟོན་དུས་ཆེན།
ཟླ1པོའི་ཚེས26ཉིན།
རྒྱལ་ཁབ་ཀྱི་ཚབ་རྟགས།
AUS
ཆབ་སྲིད་སྒྲིག་སྲོལ།
དབྱི་ཧུའེ་གྲོས་ཚོགས་ལམ་ལུགས་དང་རྩ་ཁྲིམས་ལམ་ལུགས།
མི་གྲངས།
ཁྲི2346(2014ལོ)
མི་རིགས་གཙོ་བོ།
མི་དཀར་དང་ཨོ་སི་ཁྲུ་ལི་ཡའི་སྡོད་མི།
ཆོས་ལུགས་གཅོ་བོ།
དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆོས་ལུགས་དང་། གནམ་བདག་ཆོས་ལུགས།
རྒྱལ་ཁོངས་ཀྱི་གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ 7617930
རྒྱལ་སྤྱིའི་ཁ་པར་ཨང་རྟགས།
+61
མི་སྣ་གྲགས་ཅན།
མོ་ཏུའོ་ཁུ། ཉི་ཁུ། ཅི་ཏུ་མན། ཞིའུ་ཅེ་ཁུ་མན།
མཛེས་ལྗོངས་གྲགས་ཅན།
ཞི་ཉི་གླུ་གར་ཁང་དང་པང་ཏུ་མཚོ་འགྲམ་སོགས།
རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྣམ་པ།
རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས།
1 འགྱུར་རྡོ་གསོན་པོའི་དངོས་མང་བཤམས་སྟོན་ཁང་།

ཨོ་སི་ཁྲུ་ལི་ཡའི་རྒྱལ་རྟགས་ཐོག་ཏུ། ཨོ་སི་ཁྲུ་ལི་ཡའི་སྲོགས་ཆགས་ཁྱད་པར་ཅན་རིགས་གཉིས་ཡོད་དེ།  ཁྱོད་ཀྱིས་དེ་གཉིས་ཀྱི་མིང་ལ་ཅི་ཟེར་བ་བཤད་ཐུབ་བམ།  དེ་གཉིས་ནི་སྲོག་ཆགས་སྐྱེ་ཁམས་ཀྱི་མཆོངས་ལྡིང་རྩལ་ཆེན་ཅན་བྱི་བ་བྲང་ཁུག་ཅན་དང་གཟུགས་ཕུང་ཆེ་བའི་བྱ་ཨེར་ཉའོ་ཡིན།  ཨོ་སི་ཁྲུ་ལི་ཡར་ད་དུང་སྐྱེ་དངོས་ཁྱད་པར་ཅན་ཧ་ཅང་མང་པོ་ཡོད།   དཔེར་ན། ཆུ་རྐྱལ་བར་མཁས་པའི་ཡ་ཙི་མཆུ་ཏོ་ཅན་དང་།  གླེན་ཞིང་སྙིང་དུ་སྡུག་པའི་ཁོ་ལ་སོགས་ལྟ་བུའོ། །

2 ལུག་ལ་ཞོན་པའི་རྒྱལ་ཁབ།

གལ་ཏེ་རྒྱུན་པར་ཚོང་ཁང་དུ་ཉུལ་ཚེ།  ཁྱོད་ཀྱིས་བལ་གོས་ལ་ལར་བཏགས་པའི་ཤོག་བྱང་ངོས་སུ“100﹪ཡི་ཨོ་བལ”ཞེས་པའི་ཡི་གེ་བྲིས་ཡོད་པ་མཐོང་སྲིད།  ཁྱོད་ཀྱིས་འདིའི་ནང་དོན་རྟོགས་སམ།  དེའི་ནང་དོན་ནི།  ཨོ་སི་ཁྲུ་ལི་ཡ་ནི་འཛམ་གླིང་སྟེང་དུ་ལུག་གི་ཁ་གྲངས་དང་ལུག་བལ་རྒྱལ་ཕྱིར་བཙོངས་པ་ཆེས་མང་བའི་རྒྱལ་ཁབ་ཡིན།  ལུག་ཧ་ཅང་མང་བར་བརྟེན། ཨོ་སི་ཁྲུ་ལི་ཡར“ལུག་ལ་ཞོན་པའི”རྒྱལ་ཁབ་ཟེར་བ་ཡིན།  ལུག་ཧ་ཅང་མང་བར་བརྟེན། ཨོ་སི་ཁྲུ་ལི་ཡར“ལུག་ལ་ཞོན་པའི”རྒྱལ་ཁབ་ཟེར་བ་ཡིན།

ཨོ་སི་ཁྲུ་ལི་ཡ་ནས་ས་ཁུལ་མི་འདྲ་བ་རེའི་རང་བྱུང་ཆ་རྐྱེན་བེད་སྤྱད་དེ།   གང་ལ་གང་འཚམ་སྒོས་ཞིང་ལས་དང་ཕྱུགས་ལས་སྤེལ་ནས།  ཞིང་ལས་དང་ཕྱུགས་ལས་ཀྱི་ས་ཁུལ་མི་འདྲ་བ་བཞི་གྲུབ་ཡོད་པ་རེད། 

3 གཏེར་རྡོའི་ཐོག་ཏུ་སྡོད་པའི་རྒྱལ་ཁབ།

ཨོ་སི་ཁྲུ་ལི་ཡ་གཏེར་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། ཕུན་སུམ་ཚོགས་པའི་གཏེར་ཁུངས་ཀྱི་རྨང་གཞིའི་ཐོག་ཏུ། ཨོ་སི་ཁྲུ་ལི་ཡའི་གཏེར་འདོན་ལས་རིགས་དང་། ལྕགས་བཞུ། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་བཅས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་མྱུར་བར་འཕེལ་རྒྱས་བྱུང་སྟེ། ད་ལྟ་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུའི་ཐོན་ལས་གཙོ་བོར་གྱུར་ཡོད། ཨོ་སི་ཁྲུ་ལི་ཡ་ནས་སྔོན་འདོན་བྱས་པའི་གཏེར་རྡོ་ཕྱེད་ཀའི་ཡན་ཆད་ཕྱིར་གཏོང་བྱེད་པས། འཛམ་གླིང་གི་གཏེར་རྫས་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་གཙོ་གྲོས་ཤིག་ཡིན། རྒྱལ་ཕྱིར་གཏེར་རྫས་བཙོང་ཚད་ཀྱིས་རྒྱལ་ཁབ་ཕྱིར་གཏོང་སྡོམ་གྲངས་ཁྲོད་ཟིན་པའི་བསྡུར་ཚད་ཧ་ཅང་ཆེ་བར་བརྟེན། མི་རྣམས་ཀྱིས་ཨོ་སི་ཁྲུ་ལི་ཡར“གཏེར་རྡོའི་ཐོག་ཏུ་སྡོད་པའི”རྒྱལ་ཁབ་ཟེར། དུས་རབས20བའི་ལོ་རབས70ནས་བཟུང་། ཨོ་སི་ཁྲུ་ལི་ཡའི་ཞབས་ཕྱིའི་ལས་རིགས་མགྱོགས་པོར་གོང་འཕེལ་བྱུང་བ་རེད། མིག་སྔར། ཞབས་ཕྱིའི་ལས་རིགས་ནི་ཞིང་ཕྱུགས་ལས་རིགས་དང་བཟོ་གཏེར་ལས་རིགས་ལས་ཆེས་ཆེར་བརྒལ་ཞིང་། ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་གྱི་སྲོག་ཤིང་དུ་གྱུར་ཡོད། 

4 གནས་ཡུལ།

ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ནི་གཙོ་བོར་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད། རྒྱལ་ས་ཁན་པེ་ར་ནི་འཆར་འགོད་ལྟར་བཙུགས་པའི་གྲོང་ཁྱེར་ཞིག་ཡིན་ལ་ཁོར་ཡུག་མཛེས་ཤིང་ཉམས་དགའ་བ་ཞིག་ཡིན། ཞི་ཉི་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་བཟོ་ལས་ལྟེ་གནས་དང་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན། སྨོར་པུན་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-06

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།