ལྗར་པན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྗར་པན།
ཀྲུང་གོའི་ཤར་ཕྱོགས་སུ། ང་ཚོ་དང་རྒྱ་མཚོ་གཅིག་གིས་བར་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་སྟེ་ལྗར་པན་ཡོད། ལྗར་པན་ནི་ཞི་བདེ་རྒྱ་མཚོའི་ནུབ་བྱང་ཁུལ་དུ་ཆགས་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་ལ། པེ་ཧའེ་ཏའོ་དང་པུན་ཀྲོའུ། སི་ཀུའོ། ཅིག་ཀྲོའུ་བཅས་གླིང་ཕྲན་ཆེན་པོ4དང་། གླིང་ཕྲན་ཆུང་ངུ་སྟོང་ཕྲག་དུ་མ་དང་མཐའ་འཁོར་གྱི་མཚོ་ཁོངས་སོགས་ཀྱིས་གྲུབ་པ་ཡིན། པེ་ཧའེ་ཏོ་དང་ཅིག་ཀྲོའུ། པུན་ཀྲོའུ་བཅས་ཀྱི་བར་དམུ་ཕུག་ལམ་གྱིས་སྦྲེལ་ཡོད་ལ། སི་ཀུའོ་དང་པུན་ཀྲོའུ་གཉིས་ཀྱི་བར་དུ་ཟམ་ཆེན་གྱིས་སྦྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日本国
ཕྱི་ཡིག་གི་མིང་།
Japan
འབྲི་ཚུལ་གཞན།
འཇར་པན།
ཁོངས་གཏོགས་གླིང་ཕྲན།
ཨེ་ཤ་ཡ་གླིང་།
རྒྱལ་ས།
ཏུང་ཅིན།
སྐད་རིགས།
ཉི་ཧོང་སྐད།
གྲོང་ཁྱེར་གཙོ་བོ།
ཧེང་པིན། པན་དང་། མིང་ཀུའུ། ཧྲེན་ཧུའུ།
རྒྱལ་སྟོན་དུས་ཆེན།
ཟླ2པའི་ཚེས11ཉིན། རྒྱལ་ཁབ་དབུ་བརྙེས་པའི་དྲན་གསོའི་ཉིན་མོ།
རྒྱལ་ཁབ་ཀྱི་ཚབ་རྟགས།
JPN
སྲིད་དབང་སྒྲིག་གཞི།
རྒྱལ་བོའི་སྲིད་དབང་འཛུགས་ལུགས།
མི་གྲངས།
126910000ཙམ། (2015ལོའི་ཟླ3)
མི་རིགས་གཙོ་བོ།
ཏཱ་ཧུ་མི་རིགས།
ཆོས་ལུགས་གཙོ་བོ།
ལྷ་ཏའོ་ཇོ་ཆོས་ལུགས་དང་ནང་བསྟན་ཆོས་ལུགས།
ཆོས་ལུགས་གཙོ་འཛིན།
འཇར་པན་གྱི་གནམ་བསྐོས་གོང་མ།
རྒྱལ་ཁོངས་ཀྱི་གཞི་ཁྱོན།
སྤྱི་ལེ་གྲི་བཞི་མ 377,835
རྒྱལ་སྤྱིའི་ཁ་པར་ཨང་རྟགས།
+81
ས་བབ་ཆེས་མཐོ་བ།
ཧྥུ་ཧྲི་རི་བོ། སྨི 3775.63
ལོ་རྒྱུས་མི་སྣ།
ཀྲི་ཐེན་ཞིན་ཁྲང་། ཧྥིན་ཁྲུན་ཞིའུ་ཅི། ཏུ་ཁྲོན་ཅཱ་ཁང་སོགས།
1 མེ་རི་དང་ས་འགུལ་མང་བའི་གླིང་ཕྲན་རྒྱལ་ཁབ། 

ཀྲུང་གོའི་ཤར་ཕྱོགས་སུ། ང་ཚོ་དང་རྒྱ་མཚོ་གཅིག་གིས་བར་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་སྟེ་ལྗར་པན་ཡོད།  ལྗར་པན་ནི་ཞི་བདེ་རྒྱ་མཚོའི་ནུབ་བྱང་ཁུལ་དུ་ཆགས་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་ལ། པེ་ཧའེ་ཏའོ་དང་པུན་ཀྲོའུ། སི་ཀུའོ། ཅིག་ཀྲོའུ་བཅས་གླིང་ཕྲན་ཆེན་པོ4དང་།  གླིང་ཕྲན་ཆུང་ངུ་སྟོང་ཕྲག་དུ་མ་དང་མཐའ་འཁོར་གྱི་མཚོ་ཁོངས་སོགས་ཀྱིས་གྲུབ་པ་ཡིན།  པེ་ཧའེ་ཏོ་དང་ཅིག་ཀྲོའུ།  པུན་ཀྲོའུ་བཅས་ཀྱི་བར་དམུ་ཕུག་ལམ་གྱིས་སྦྲེལ་ཡོད་ལ།  སི་ཀུའོ་དང་པུན་ཀྲོའུ་གཉིས་ཀྱི་བར་དུ་ཟམ་ཆེན་གྱིས་སྦྲེལ་ཡོད།  ལྗར་པན་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི37.7ཡོད་ཅིང་།  མི་གྲངས་དུར་ཕྱུར1.27ཡོད(2000ལོ) གླིང་ཕྲན་རྒྱལ་ཁབ་ཀྱི་མཚོ་ངོགས་ཐིག་ནི་ཀྱག་ཀྱོག་ཡིན་ལ།  མཚོ་ཁུལ་དང་གྲུ་ཁ་ལེགས་པོ་མོད་པོ་ལྷུན་གྱིས་གྲུབ་ཡོད་པས།  དེས་ལྗར་པན་གྱི་ཉ་ལས་དང་གྲུ་ལས། མཚོ་ཐོག་སྐྱེལ་འདྲེན་དང་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུགས་སོགས་ཀྱི་ཕྱོགས་སུ་ཧ་ཅང་སྟབས་བདེ་བཟོས་ཡོད་པ་རེད།

ལྗར་པན་ལ་སྐད་གྲགས་ཆེ་བའི་རི་བོ་ཞིག་ཡོད་ཅིང་དེའི་མིང་ལ་ཧྥུ་ཧྲི་རི་བོ་ཟེར།  དེའི་རི་རྩེ་ནི་ལོ་ཧྲིལ་བོར་ཁ་བས་གཡོགས་ནས་དཀར་ཞིང་མཛེས་ལ།  རི་འདབས་སུ་སྲེའུ་ཤིང་ཚང་ཚིང་དུ་འཁྲིགས་ནས་ཡུལ་ལྗོངས་ལྟ་བས་ཆོག་མི་ཤེས་པས།  ལྗར་པན་གྱི་གྲགས་ཆེ་བའི་ཡུལ་སྐོར་རྟེན་གཞིར་གྱུར་ཡོད།  དོན་དངོས་སུ།  མཛེས་སྡུག་ལྡན་པའི་རི་མགོ་དེ་ནི་མེ་རི་ཞིག་ཡིན། ལྗར་པན་ལ་མེ་རི་དང་ས་འགུལ་མང་བས།  དེ་ནི་མེ་རི་དང་ས་འགུལ་མང་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། 

2 མི་རིགས་ཀྱི་གྲུབ་སྟངས།

ལྗར་པན་མི་རིགས་ཀྱི་གྲུབ་སྟངས་སྣ་རྐྱང་ཡིན་ལ།  ཏ་ཧོ་མི་རིགས་ཀྱིས་མི་གྲངས་སྤྱིའི་མང་ཤོས་ཟིན་ཡོད།  ལྗར་པན་རིག་གནས་ལ་ཏ་ཧོ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ཟབ་མོ་ཡོད་པར་མ་ཟད།  ད་དུང་དེང་རབས་ཀྱི་ཉམས་འགྱུར་ཡང་དྲག་པོ་ལྡན་པས།  ཤར་ནུབ་རིག་གནས་མཉམ་འདུས་ཀྱི་དཔེར་མཚོན་དུ་སྣང་།  མི་རྣམས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་དུ།  སྲོལ་རྒྱུན་དང་དེང་རེབས་མཉམ་གནས་ཀྱི་རྣམ་པ་ག་ས་གར་མཐོང་ཐུབ།

ཀྲུང་གོ་དང་ལྗར་པན་གཉིས་ཀྱིས་རིག་གནས་བརྗེ་རེས་བྱེད་པའི་ཡུན་རིང་སྟེ།  དེ་ཡང་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྐབས་སུ།   ལྗར་པན་ནས་ཀྲུང་གོར་ཕོ་ཉ་དང་སློབ་མ་ཐེངས་མང་པོར་མངགས་ནས་ཚན་རིག་དང་རིག་གནས།  སྒྱུ་རྩལ་སོགས་བསླབས་མྱོང་བ་དང་།  ཀྲུང་གོས་ཀྱང་ལྗར་པན་དུ་ཕོ་ཉ་མངགས་ནས།  ལྗར་པན་ལ་བཟོ་ལས་དང་རི་མོ་འབྲི་བའི་སྒྱུ་རྩལ།  ད་དུང་གསོ་བ་རིག་པ་དང་ཆོས་ལུགས་སོགས་ཁྱབ་སྤེལ་བྱས་མྱོང་བ་རེད། 

3 དཔལ་འབྱོར།

ལྗར་པན་གྱི་རྒྱལ་ཁོངས་ཧ་ཅང་ཆུང་མོད། འོན་ཀྱང་དཔལ་འབྱོར་ཧ་ཅང་དར་རྒྱས་བྱུང་ཡོད། དེ་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་དར་ཆེ་བའི་རྒྱལ་ཁབ་ཡིན། མི་རྣམས་ཀྱིས་འཛམ་གླིང་སྟེང་གི་ས་ཁུལ་མང་པོ་ནས་ལྗར་པན་གྱི་བཟོ་ལས་ཐོན་རྫས་མཐོང་ཐུབ་སྟེ། དཔེར་ན། གཞུང་ལམ་དུ་ཤར་མར་རྒྱུག་བཞིན་པའི་ལྗར་པན་གྱི་རླངས་འཁོར་དང་། ཚོང་ཁང་གི་ཆ་སྒམ་ནང་དུ་བཤམས་ཡོད་པའི་པར་ལེན་འཕྲུལ་ཆས་སོགས་ལྟ་བུ། རང་རྒྱལ་ཁྲོམ་ར་ནས་ཀྱང་རྒྱུན་པར་ལྗར་པན་གྱི་བཟོ་ལས་ཐོན་རྫས་མཐོང་ཐུབ་པ་རེད། ལྗར་པན་ནི་ས་རྒྱ་ཆུང་ཞིང་ཐོན་ཁུངས་དཀོན་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། ལྗར་པན་གྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་ཧ་ཅང་མགྱོགས་པས། བཟོ་ལས་མ་རྒྱུ་དང་འབར་རྫས་སོགས་ཀྱི་མཁོ་ཚད་སྔར་བས་ཆེ་ཡང་། རྒྱལ་ཁབ་ནང་ཁུལ་ནས་འདོན་སྤྲོད་གཏན་ནས་བྱེད་མི་ཐུབ། དེར་བརྟེན། ཕྱི་ཕྱོགས་ལ་བརྟེན་པའི་དགོས་པ་སྔར་ལས་ཇེ་ཆེར་སོང་། ལྗར་པན་གྱིས་ཕྱི་རྒྱལ་ནས་མ་རྒྱུ་དང་འབར་རྫས་ཏེ་དཔེར་ན་རྡོ་སོལ་དང་ལྕགས་རྡོ་འབོར་ཆེན་ཉོས་རྗེས། ཚན་རིག་ལག་རྩལ་དང་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་མོད་པོར་བརྟེན་ནས་མ་རྒྱུར་ལས་སྣོན་བྱས་ཏེ། བཟོ་ལས་ཐོན་རྫས་སུ་བཏང་རྗེས་རྒྱལ་ཁབ་ཕྱི་རུ་འབོར་ཆེན་བཏང་བས། ད་གཟོད་ལས་སྣོན་ཉོ་ཚོང་གཙོར་བཟུང་བའི་དཔལ་འབྱོར་གྲུབ་པ་རེད། 

ཉེ་བའི་ལོ་འགར། ལྗར་པན་གྱིས་ཕྱི་རྒྱལ་དུ་མ་དངུལ་རྒྱ་སྐྱེད་གཏོང་བ་ཇེ་མགྱོགས་སུ་བཏང་སྟེ། ཕྱི་རྒྱལ་དུ་ཐོན་སྐྱེད་དང་ཕྱིར་འཚོང་རྟེན་གཞི་བཙུགས། ལྫར་པན་གྱིས་མ་དངུལ་བཏང་ནས་བཟོ་གྲྭ་འཛུགས་གཞིའི་ས་ཁུལ་གཙོ་བོ་ནི་ཨ་མེ་རི་ཁ་དང་། ཡོབ་གླིང་ནུབ་མ། ཡ་གླིང་ཤར་མ་དང་ཡ་གླིང་ཤར་ལྷོའི་ས་ཁུལ་བཅས་ཡིན་ཏེ། དཔེར་ན། ལྗར་པན་གྱིས་ཨ་མེ་རི་ཁར་བཙུགས་པའི་ཁེར་གཉེར་རམ་མཉམ་གཉེར་ཁེ་ལས500ལྷག་ཡོད་ཅིང་། དེ་དག་ཐོན་ལས་ཁྱབ་ཁོངས་སོ་སོར་ཁྱབ་ཡོད་དེ། རྣོ་ལྕགས་དང་འཕྲུལ་ཆས། རླངས་འཁོར། གློག་ཤུགས། འཁལ་འཐག་དང་གློག་རྡུལ་བཟོ་ལས་ཐོན་རྫས་བཅས་ཚང་མ་དེའི་ཁོངས་སུ་འདུས་པ་རེད། 

བརྡ་འགྲེལ་གདོང་འཛར།

ས་ཁམས། རྒྱལ་ཁབ། གཞན་དག ལྗར་པན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།