ཨན་ཏོར་གྱི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཏོར་གྱི་རྒྱལ་རྟགས།
ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་། དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ། ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཨན་ཏོར་གྱི་རྒྱལ་རྟགས་ཀྱིས་རྒྱལ་ཁབ་འདི་ལ་ཧྥ་རན་སེ་དང་སི་ཕེན་བཅས་རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་ཐོབ་ཡོད་པ་མངོན་ཞིང་། རྒྱལ་རྟགས་ཀྱི་དཀྱིལ་གྱི་རི་མོ་ནི་ཆ་བཞི་རུ་བགོས་པའི་ཕུབ་རིས་ཤིག་ཡིན་ལ། རྒྱལ་རྟགས་ཀྱི་གཤམ་དུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་གདམས་ངག་ཅིག་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安道尔国徽
ཕྱི་ཡིག་གི་མིང་།
The national emblem of Andorra
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་ས་ཁུལ།
ཨན་ཏོར།
1 ངོ་སྤྲོད།

ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་།  དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ།  ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན།  ཨན་ཏོར་གྱི་རྒྱལ་རྟགས་ཀྱིས་རྒྱལ་ཁབ་འདི་ལ་ཧྥ་རན་སེ་དང་སི་ཕེན་བཅས་རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་ཐོབ་ཡོད་པ་མངོན།  རྒྱལ་རྟགས་ཀྱི་དཀྱིལ་གྱི་རི་མོ་ནི་ཆ་བཞི་རུ་བགོས་པའི་ཕུབ་རིས་ཤིག་ཡིན་ལ།  ཕུབ་རིས་ཀྱི་གཡོན་ཟུར་གོང་མ་རུ་གསེར་མདོག་གི་ཆོས་དཔོན་གྱི་དབུ་ཞྭ་གཅིག་དང་འཁར་བ་གཅིག་བྲིས་ཡོད་ཅིང་།  དེ་ནི་སི་ཕེན་གྱི་ཝུའུ་ཀར་ས་ཁུལ་གྱི་ཆོས་དཔོན་གཙོ་བོའི་མཚོན་རྟགས་ཡིན།  གཡོན་ཟུར་འོག་མ་རུ་དྲང་འཕྱང་གི་ཐིག་དམར་གསུམ་ཡོད་ལ།  དེས་སི་ཕེན་གྱི་ཅཱ་ཐའེ་ལུའོ་ནི་ཡ་རང་སྐྱོང་ཁུལ་མཚོན་ཞིང་།  ས་དེ་ནི་ཨན་ཏོར་གྱི་ཡུལ་སྲོལ་དང་སྐད་བརྡ་བྱུང་སའི་གནས་ཡིན།  གཡས་ཟུར་འོག་མའི་བ་གླང་དེ་གཉིས་ནི་པོ་རིམ་གྱི་མཚན་གནས་ཐོབ་ཡོད་པའི་ཧྥུ་དབྱི་ཁུ་སིའི་ལས་གནས་མཐུད་འཛིན་མཁན་པེར་ཨིན་གྱི་ལུས་སྟེང་གི་མཚན་རྟགས་རི་མོ་ཡིན།  གཡས་ཟུར་གོང་མའི་དྲང་འཕྱང་གི་ཐིག་དམར་གསུམ་ནི་ཨན་ཏོར་གྱི་ཆེས་ཐོག་མའི་སྲུང་སྐྱོབ་མཁན་ཧྥུ་དབྱི་ཁུ་སིའི་ལུས་སྟེང་གི་མཚན་རྟགས་རི་མོ་ཡིན།  རྒྱལ་རྟགས་ཀྱི་གཤམ་དུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་གདམས་ངག་ཅིག་བྲིས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།