ཨན་ཀོ་ལའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཀོ་ལའི་རྒྱལ་དར།
ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས། ཨན་ཀོ་ལའི་རྒྱལ་དར་ནི་གོང་ནས་འོག་ཏུ་མདོག་དམར་པོ་དང་ནག་པོ་བཅས་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་། དར་དཀྱིལ་དུ་མདོག་སེར་པོའི་གཞུ་དབྱིབས་ཀྱི་སོ་འཁོར་ཞིག་དང་གཙབ་གྲི་ཞིག་བསྣོལ་མར་ཡོད་པ་དང་། དེ་གཉིས་ཀྱི་བར་ན་སྐར་མ་ཟུར་ལྔ་ཞིག་ཀྱང་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安哥拉国旗
ཕྱི་ཡིག་གི་མིང་།
The national flag of Angola
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1975ལོའི་ཟླ11པའི་ཚེས11ཉིན།
1 ངོ་སྤྲོད།

ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས།  ཨན་ཀོ་ལའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ནི3བསྡུར2ཡིན།  ཨན་ཀོ་ལའི་རྒྱལ་དར་ནི་གོང་ནས་འོག་ཏུ་མདོག་དམར་པོ་དང་ནག་པོ་བཅས་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་།  དར་དཀྱིལ་དུ་མདོག་སེར་པོའི་གཞུ་དབྱིབས་ཀྱི་སོ་འཁོར་ཞིག་དང་གཙབ་གྲི་ཞིག་བསྣོལ་མར་ཡོད་པ་དང་།  དེ་གཉིས་ཀྱི་བར་ན་སྐར་མ་ཟུར་ལྔ་ཞིག་ཀྱང་ཡོད་པ་ཡིན།  ཨན་ཀོ་ལའི་རྩ་ཁྲིམས་གཞིར་བཟུང་ན།  མདོག་དམར་པོས་མི་སེར་སྤེལ་མཁན་གྱི་གཉའ་གནོན་འོག་བཞུར་བའི་ཨན་ཀོ་ལའི་མི་དམངས་ཀྱི་དམར་པོ་ཁྲག་དང་མི་རིགས་རང་དབང་འཐབ་རྩོད།  རྒྱལ་སྲུང་བཅས་མཚོན་པ་དང་།   མདོག་ནག་པོས་ཧྥེ་གླིང་སྐམ་ས་ཆེན་མོར་བཅངས་པའི་བསྟོད་བསྔགས་མཚོན།  སྐར་མ་ཟུར་ལྔས་རྒྱལ་སྤྱིའི་རིང་ལུགས་དང་བྱ་གཞག་འཕེལ་རྒྱས་མཚོན་ཞིང་།  ཟུར་ལྔ་བོས་མཐུན་སྒྲིལ་དང་རང་དབང་།   དྲང་བདེན།  དམངས་གཙོ།  མདུན་སྐྱོད་བཅས་མཚོན།   སོ་འཁོར་དང་གཙབ་གྲིས་བཟོ་ཞིང་ངལ་རྩོལ་པ་དང་དམག་དཔུང་གི་མཐུན་སྒྲིལ་མཚོན་པ་མ་ཟད།  དུས་སྔ་མོར་དྲག་ཆས་སྤྲས་ཏེ་འཐབ་འཁྲུག་ཏུ་ཞུགས་པའི་ཞིང་པ་དང་འཐབ་མོ་བར་རྗེས་དྲན་བྱེད་པའང་མཚོན།  རྒྱལ་དར་ཁྲོད་ཀྱི་སོ་འཁོར་དང་།  སྐར་མ།  གཙབ་གྲི་བཅས་ཀྱི་མདོག་སེར་པོས་རྒྱལ་ཁབ་ཀྱི་རྒྱུ་ནོར་མཚོན་ཞིང་།  སོ་འཁོར་ལ་བཟོ་བ་དང་བཟོ་ལས་ཐོན་སྐྱེད་ཅེས་པའི་ནང་དོན་ལྡན་ལ།  སྐར་མས་མཐུན་སྒྲིལ་དང་མདུན་སྐྱོད་མཚོན།   གཙབ་གྲིས་ཞིང་ལས་ཐོན་སྐྱེད་དང་དྲག་པོའི་འཐབ་རྩོད་མཚོན་པ་ཡིན།  སྤྱི་ལོ1975ལོའི་ཟླ11པའི་ཚེས11ཉིན་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་།   དུས་དེ་ནས་བཟུང་རྒྱལ་དར་འདི་སྤྱོད་འགོ་ཚུགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།