པ་པ་ཏོ་སིའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་པ་ཏོ་སིའི་རྒྱལ་དར།
པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་། མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན། པ་པ་ཏོ་སིའི་རྒྱལ་དར་གྱི་དར་ངོས་ནི་གཡོན་ནས་གཡས་སུ་མདོག་སྔོན་པོ་དང་སེར་པོ། སྔོན་པོ་བཅས་ཐུར་དུ་ཡོད་པའི་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་། མདོག་སེར་པོའི་དཀྱིལ་དུ་མདོག་ནག་པོའི་མདུང་མོ་རྩེ་གསུམ་ཞིག་བཀོད་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴巴多斯国旗
ཕྱི་ཡིག་གི་མིང་།
Flag of Barbados
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1966ལོའི་ཟླ11པའི་ཚེས30ཉིན།
1 ངོ་སྤྲོད། 

པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་།  མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན།  པ་པ་ཏོ་སིའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན།  དར་ངོས་ནི་གཡོན་ནས་གཡས་སུ་མདོག་སྔོན་པོ་དང་སེར་པོ།  སྔོན་པོ་བཅས་ཐུར་དུ་ཡོད་པའི་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་།   མདོག་སེར་པོའི་དཀྱིལ་དུ་མདོག་ནག་པོའི་མདུང་མོ་རྩེ་གསུམ་ཞིག་བཀོད་ཡོད་པ་ཡིན།  ཕྱོགས་གཉིས་ཀྱི་སྔོ་མདོག་གིས་ཅཱ་ལུ་པི་མཚོ་དང་ནུབ་རྒྱ་མཚོ་ཆེན་པོ་མཚོན་པ་དང་།   དཀྱིལ་གྱི་མདོག་སེར་པོས་པ་པ་ཏོ་སིའི་མཚོ་ངོགས་མཚོན།  མདུང་མོ་རྩེ་གསུམ་མས་ཀེ་རི་སེའི་ལྷ་སྒྲུང་ཁྲོད་ཀྱི་མཚོ་ལྷ་པོ་སའེ་ཏུང་མཚོན་ཞིང་།  གཞན་དམངས་ལ་ཡོད་པ་དང་དམངས་ཀྱིས་ལོངས་སྤྱོད།  དམངས་ཀྱིས་སྐྱོང་བ་བཅས་མཚོན།  པ་པ་ཏོ་སིའི་རྒྱལ་དར་ནི་སྤྱི་ལོ1966ལོའི་ཟླ11པའི་ཚེས30ཉིན་ནས་བཟུང་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།