པ་ཧ་མའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་ཧ་མའི་རྒྱལ་རྟགས།
པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་ཧ་མའི་རྒྱལ་རྟགས་ནི་སྤྱི་ལོ1971ལོའི་ཟླ12པའི་ཚེས7ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴哈马国徽
ཕྱི་ཡིག་གི་མིང་།
Coat of arms of the Bahamas
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1971ལོའི་ཟླ12པའི་ཚེས7ཉིན།
1 ངོ་སྤྲོད།

པ་ཧ་མ་རྒྱལ་ཁབ་ནི་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ངོགས་སུ་གནས་པའི་མཉམ་འབྲེལ་རིང་ལུགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།  པ་ཧ་མའི་རྒྱལ་རྟགས་ནི་སྤྱི་ལོ1971ལོའི་ཟླ12པའི་ཚེས7ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།  རྒྱལ་རྟགས་ཀྱི་དཀྱིལ་སྙིང་གི་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་།  ཕུབ་རིས་ནི་རི་མོ་ཁག་གཉིས་ཀྱིས་གྲུབ་ཡོད་དེ།  ཕུབ་རིས་ཀྱི་འོག་ཕྱོགས་ནི་རྒྱ་མཚོའི་སྟེང་རླུང་བརྟེན་རླབས་གཤག་བྱེད་བཞིན་པའི་གཡོར་གྲུ་སེར་པོ་ཞིག་ཡིན་ལ།  དེས་སྤྱི་ལོ1492ལོའི་ཟླ10པར་ཀུ་ལུན་པུའུ་ཐོག་མར་མེ་གླིང་ཏུ་མཚོ་འགྲུལ་བྱེད་སྐབས་གླིང་ཕྲན་འདི་གསར་རྙེད་བྱུང་བའི་ལོ་རྒྱུས་ཀྱི་དོན་དངོས་ལ་རྗེས་དྲན་བྱ་བ་ཡིན།  ཕུབ་རིས་ཀྱི་སྟོད་ཕྱོགས་ནི་སྔོ་ཐིང་ཐིང་གི་མཁའ་དབྱིངས་ཁྲོད་གསེར་མདོག་གི་ཉི་གཞོན་ཞིག་ཡོད་ལ།  དེས་གསར་དུ་ཚུགས་པའི་རྒྱལ་ཁབ་འདི་ཉི་གཞོན་འཆར་ཀ་དང་མཚུངས་པ་མཚོན།  རྒྱལ་རྟགས་ཀྱི་ཀླད་དུ་མདོག་སྔོན་པོ་དང་དཀར་པོའི་མེ་ཏོག་འཕྲང་བ་ཡིས་སྤྲས་པའི་རྨོག་ཞྭ་ཞིག་དང་།  རྒྱབ་ལྗོངས་སུ་ལྗང་མདོག་གི་ལྕགས་སྡོང་གིས་བརྒྱན་པའི་དུང་ཞིག་ཡོད་ཅིང་།  དེས་པ་ཧ་མའི་མཚོ་ཐོག་གླིང་ཕྲན་གྱི་ཡུལ་སྲོལ་གོམས་གཤིས་མཚོན།  རྒྱལ་རྟགས་ཀྱི་གཡོན་ཕྱོགས་ནི་རྦ་རླབས་དྲག་ཏུ་འཕྱུར་བའི་ཁྲོད་གྱེན་དུ་ལངས་པའི་མདོག་སྔོན་པོའི་ཆུ་ཤིང་ཉ་ཞིག་ཡིན་ཞིང་།  དེས་པ་ཧ་མའི་འཕེལ་རྒྱས་ཅན་གྱི་ཉ་འཛིན་ལས་རིགས་མངོན་པ་ཡིན།  གཡས་ཕྱོགས་ནི་ལྗང་མདོག་གི་ས་གཞིའི་སྟེང་ཡོད་པའི་ཟིང་དཀར་མདོག་གྱི་ཉམས་སྟངས་ཁྱད་འཕགས་ཅན་གྱི་ཁྲུང་ཁྲུང་ཞིག་ཡིན་ཞིང་།   བྱ་འདི་ནི་པ་ཧ་མའི་རྒྱལ་ཁབ་མཚོན་བྱེད་ཀྱི་བྱ་ཡིན།  རྒྱལ་རྟགས་ཀྱི་གཤམ་དུ་མདོག་སེར་པོ་དང་སྔོན་པོ་ཡིན་པའི་རྒྱན་དར་སྟེང་གོམ་པ་མདུན་དུ་སྤོས་ཏེ་ཐུན་མོང་ཡར་རྒྱས་སུ་འགྲོ་ཞེས་པའི་ལེགས་བཤད་ཅིག་བྲིས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།