པ་པ་ཏོ་སིའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་པ་ཏོ་སིའི་རྒྱལ་རྟགས།
པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་། མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན། པ་པ་ཏོ་སིའི་རྒྱལ་རྟགས་ནི་སྤྱི་ལོ1966ལོར་བཀོལ་སྤྱོད་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴巴多斯国徽
ཕྱི་ཡིག་གི་མིང་།
Coat of arms of Barbados
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1966ལོ།
1 ངོ་སྤྲོད།

པ་པ་ཏོ་སི་རྒྱལ་ཁབ་ནི་ཅཱ་ལུ་པི་གླིང་ཚོམ་གྱི་ཆེས་ཤར་སྣེ་རུ་གནས་ཤིང་།  མཐའ་བཞི་མཚོ་ཡིས་བསྐོར་ཡོད་པ་ཞིག་ཡིན།  པ་པ་ཏོ་སིའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་།  ཕུབ་ཀྱི་སྟེང་ཡལ་འདབ་རྒྱས་པའི་པ་པ་ཏུའོ་ཐ་སྡོང་བོ་ཡོད་ལ།  སྡོང་བོ་འདི་ལ་མེ་ཏོག་དང་འབྲས་བུ་མེད་པའི་སྡོང་བོའང་ཟེར།  ངག་རྒྱུན་ལ་པ་པ་ཏོ་སི་ཞེས་པའི་རྒྱལ་ཁབ་འདིའི་མིང་ནི་གླིང་ཕྲང་འདི་གསར་རྙེད་བྱུང་བའི་ཕོར་ཐིའུ་ཀལ་གྱི་མིས་གླིང་ཕྲན་ཐོག་འབོར་ཆེན་ཐོན་པའི་དབྱིན་ཏི་ཨན་གྱི་མེ་ཏོག་དང་འབྲས་བུ་མེད་པའི་སྡོང་བོའི་འབོད་སྟངས་ཡིན་ཟེར།   མེ་ཏོག་དང་འབྲས་བུ་མེད་པའི་སྡོང་བོའི་གོང་དུ་པ་པ་ཏོ་སིའི་ཁྱད་ཆོས་ཅན་གྱི་མེ་ཏོག་དམར་པོ་གཉིས་ཀྱིས་སྤྲས་ཡོད།  རྒྱལ་རྟགས་ཀྱི་རྩེ་རུ་མདོག་དམར་པོ་དང་སེར་པོས་སྤྲས་པའི་རྨོག་ཞྭ་ཞིག་ཡོད་ཅིང་།  དེའི་གོང་དུ་སྦོམ་པོ་ཡིན་པའི་མི་ནག་གི་ལག་པ་ཡ་གཅིག་གིས་ཕན་ཚུན་བསྣོལ་བའི་བུར་ཤིང་གཉིས་མཐོན་པོར་བཀྱགས་ཡོད་ལ།  དེས་བུར་ཤིང་གི་འདེབས་འཛུགས་ལས་རིགས་དང་ཀ་ར་བཟོ་རྩལ་གྱི་ལས་རིགས་ནི་པ་པ་ཏོ་སིའི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་བ་ལྟ་བུ་ཡིན་པ་མཚོན།  རྒྱལ་རྟགས་ཀྱི་གཤམ་གྱི་མདོག་སེར་པོའི་རྒྱན་དར་སྟེང་དབྱིན་ཡིག་གིས་རང་བཀུར་དང་འབད་བརྩོན་ཞེས་པའི་པ་པ་ཏོ་སིའི་ལེགས་བཤད་ཅིག་བྲིས་ཡོད།  རྒྱལ་རྟགས་ཀྱི་གཡས་ཕྱོགས་སུ་མདོག་དཀར་པོ་དང་ལི་ཁྲི།  ཁམ་མདོག  སྔོན་པོ་བཅས་ཀྱི་གཤོག་སྒྲོ་ལྡན་པའི་བྱ་ཐི་ཧུའུ་ཞིག་ཡོད་ཅིང་།   དེ་ནི་པ་པ་ཏོ་སིའི་རྒྱལ་ཁབ་མཚོན་བྱེད་ཀྱི་བྱ་ཡིན།   གཡོན་ཕྱོགས་སུ་མཚོ་ཕག་ཅིག་ཡོད་ཅིང་།  དེ་ལ་མཛེས་སྡུག་ལྡན་པའི་དམར་མདོག་གི་ཉ་གཤོག་དང་དངུལ་མདོག་གི་ཉ་ཁྲབ་ཡོད།  པ་པ་ཏོ་སིའི་རྒྱལ་རྟགས་ནི་སྤྱི་ལོ1966ལོར་བཀོལ་སྤྱོད་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།