ཨན་ཀོ་ལའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཀོ་ལའི་རྒྱལ་རྟགས།
ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས། ཨན་ཀོ་ལའི་རྒྱལ་རྟགས་ནི་སྤྱི་ལོ1975ལོའི་ཟླ11པར་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安哥拉国徽
ཕྱི་ཡིག་གི་མིང་།
The national emblem of Angola
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1975ལོའི་ཟླ11པ།
1 ངོ་སྤྲོད།

ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས།  ཨན་ཀོ་ལའི་རྒྱལ་རྟགས་ཀྱི་དབྱིབས་ནི་སྒོར་དབྱིབས་ཡིན་ཞིང་།   སྒོར་དབྱིབས་ཀྱི་སྒོར་མཐའི་གཡོན་ངོས་སུ་མ་རྨོས་ལོ་ཏོག་དང་སྲིང་བལ།  ཁོ་ཧྥེ་བཅས་ཀྱི་སྡོང་བོའི་ཡལ་ག་དང་ལོ་མའི་གྲུབ་པའི་གཞུ་དབྱིབས་ཕྱེད་ཀ་ཞིག་ཡོད་ལ།  དེས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་སྐྱེད་མཚོན།   སྒོར་མཐའི་གཡས་ངོས་སུ་སོ་འཁོར་ཕྱེད་ཀ་ཞིག་ཡོད་ཅིང་།  དེས་བཟོ་བ་དང་བཟོ་ལས་ཐོན་སྐྱེད་མཚོན་པ་དང་།  སྒོར་དབྱིབས་ཀྱི་སྒོར་མཐའི་རི་མོ་ཡོངས་ཀྱིས་བཟོ་ཞིང་མཉམ་འབྲེལ་དང་མི་རིགས་མཐུན་སྒྲིལ་མཚོན་པ་ཡིན།  རྒྱལ་རྟགས་ངོས་སུ་མཚོ་ངོས་ལས་ཡར་འཕགས་པའི་ཉི་གཞོན་ཕྱེད་ཀ་ཞིག་ཡོད་ཅིང་།  དེས་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་སྐྱེས་ཀྱི་སྟོབས་ཤུགས་དང་མདུན་སྐྱོད་མཚོན།  ཉི་གཞོན་གྱི་གོང་རོལ་ན་གཙབ་གྲི་དང་འཇོར་བསྣོལ་བ་ཞིག་ཡོད་ཅིང་།  དེས་བཟོ་ཞིང་དང་དམག་མིའི་མཐུན་སྒྲིལ་མཚོན།   རྒྱལ་རྟགས་ཀྱི་གོང་རོལ་ན་ཡོད་པའི་སྐར་མ་ཟུར་ལྔའི་མཚོན་དོན་ནི་རྒྱལ་དར་སྟེང་གི་མཚོན་དོན་དང་གཅིག་པ་ཡིན།  རྒྱལ་རྟགས་ཀྱི་གཤམ་དུ་ཁ་ཕྱེས་པའི་དཔེ་ཆ་ཞིག་ཡོད་པ་དེས་རིག་གནས་སློབ་གསོའི་ལས་དོན་ནི་མ་འོངས་པའི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ལ།  དཔེ་ཆའི་གཤམ་གྱི་དར་སེར་པོའི་སྟེང་དུ་ཕོར་ཐིའུ་ཀལ་གྱི་ཡི་གེས་ཨན་ཀོ་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད།  ཨན་ཀོ་ལའི་རྒྱལ་རྟགས་ནི་སྤྱི་ལོ1975ལོའི་ཟླ11པར་བཟོས་པ་དང་།  དེ་ནས་བཟུང་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-02

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།