ཧོ་ལའེ་ཝོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ལའེ་ཝོད།
ཧོ་ལའེ་ཝོད། མིང་གཞན་ལ་ཧུ་ལི་ཧུའོ་ཟེར། ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་ལོའུ་ཧྲན་ཅིའི་གྲོང་འདེབས་ན་ཡོད། ཡུལ་ལྗོངས་ཧ་ཅང་མཛེས། ཧོ་ལའེ་ཝོད་ནི་དུས་རྒྱུན་ཨ་རིའི་གློག་བརྙན་བཟོ་ལས་ལ་གོ རྒྱུ་རྐྱེན་ནི་ཨི་རིའི་མིང་གྲགས་ཅན་གྱི་གློག་བརྙན་ཀུང་སི་མང་པོ་ས་ཆ་འདིར་ཡོད། ལོ་རེའི་ཨའོ་སི་ཁཱའི་གློག་བརྙན་གྱི་བྱ་དགའི་མཛད་སྒོ་གནས་འདི་ནས་སྤེལ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
好莱坞
ཕྱི་ཡིག་གི་མིང་།
Hollywood
མིང་གཞན།
ཧུ་ལི་ཧུའོ། (ཞང་ཀང)    ཁྲ་ཁྲ་འཇིག་རྟེན(Tinseltown)
ས་གནས།
ཨི་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་ལོའུ་ཧྲན་ཅི་རྫོང་ལོའུ་ཧྲན་ཅི།
སྦྲག་སྲིད་ཨང་གྲངས།
90027  90028  90038  90046  90068
ས་བབ་གནས་ཡུལ།
ཕྱི་བདེ་རྒྱ་མཚོ་ཆེན་མོའི་ཤར་ཕྱོགས་ཀྱི་ཧྲེང་ཕེ་ཏུ་ལུའོ་ཝན་དང་ཧྲེང་མོ་ཉི་ཁཱ་ཝན་འགྲམ་རྒྱུད།
གྲོང་ཁྱེར་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1204.4ཡོད།
མི་གྲངས།
ཁྲི30ཡོད།
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་བྱང་མ་དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
མིང་གྲགས་ཅན་གྱི་ཡུལ་ལྗོངས། ཉི་ནུབ་ལམ་ཆེན། ཧོ་ལའེ་ཝོད་ཀྲུང་གོ་ཟློས་གར་གླིང་། སྐར་ཆེན་ལམ་ཆེན། གོ་ལ་བསྐོར་བའི་བརྙན་འཕྲིན་གླིང་། ལོའུ་ཧྲན་ཅི་རྒྱལ་སྤྱིའི་གནམ་གྲུའི་ཐང་།
སྲང་ལམ་གཙོ་བོ།
ཉི་ནུབ་ལམ་ཆེན། ཧོ་ལའེ་ཝོད་ལམ་ཆེན།
ཆེས་བཟང་བའི་ལྗོངས་རྒྱུའི་དུས་ཚིགས།
དུས་བཞི་གང་ཡིན་པའི་ཆོག
ཕྱིར་སྒོ་འབྱེད་པའི་དུས་ཚོད།
8:30-18:00
འཛིན་བྱང་རིན་གོང་།
ཨ་སྒོར50
1 ངོ་སྤྲོད།

ཧོ་ལའེ་ཝོད་ནི་ཨ་རིའི་ཅཱ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་ལོའུ་ཧྲན་ཅིའི་གྲོང་འདེབས་ན་ཡོད་པ་དང་། དེ་ནི་ཨ་རིའི་གློག་བརྙན་དང་འཕྲིན་བཟོ་ལས་ཀྱི་ལྟེ་གནས་ཡིན།  དུས་རབས20པའི་འགོར་ཨ་རིའི་གློག་བརྙན་གྱི་ཐོན་སྐྱེད་ལྟེ་གནས་དེ་ཉེའུ་ཡོག་ནས་རིམ་གྱིས་གནས་འདིར་སྤོས་ཡོང་བ་རེད། QQ截图20160415090257.png.png སྤྱི་ལོ1913ལོརC.B.ཏའེ་སྨིར་བྱ་བས་ཧོ་ལའེ་ཝོད་དུ་གཞི་རྒྱ་ཆེ་བའི་གློག་བརྙན་འབེབས་སྒོ་གཉེར་བ་དང་།  ཕའེ་ལཱ་མོན་ཀུང་སི་ཡིས་མིང་དོན་མཚུངས་པའི་འབེབས་བཟོ་ཁང་བསྐྲུན་པ་དེས་ཧོ་ལའེ་ཝོད་གློག་བརྙན་གྲོང་དབུ་བརྙེས་པ་མཚོན་ཡོད།  དེའི་རྗེས་སུ་ཧོ་ལའེ་ཝོད་ཉིད་མགྱོགས་མྱུར་ངང་ཨ་རི་དང་འཛམ་གླིང་གི་གློག་བརྙན་འབེབས་བཟོའི་ལྟེ་གནས་ཆགས་པ་དང་།  ས་མིང་ལས་རིགས་ལ་ཐོགས་ནས་ཨ་རའི་གློག་བརྙན་བཟོ་ལས་མ་ལག་གི་མིང་ཆགས་པ་རེད།

བཟོ་ལས་ཀྱི་མ་ལག་དེ་ནི་བཟོ་གྲྭ་ཆེན་པོའི་ལུགས་དང་སྐར་ཆེན་ལུགས་གཉིས་ཀྱི་རྨང་གཞིའི་སྟེང་དུ་དར་རྒྱས་བྱུང་བ་རེད།  བཟོ་གྲྭ་ཆེན་པོའི་ལུགས་ཉིད་ཧོ་ལའེ་ཝོད་གློག་བརྙན་གྱི་བཟོ་ཐབས་དམིགས་བསལ་ཅན་ཡིན་པའི་ངོས་ནས་དེའི་ཁྱད་ཆོས་ནི་གཤམ་གསལ་ཏེ། ཆེ་ལ་འཐུས་པའི་སྒེར་སྡེམ་ཅན་གྱི་ཀུང་སི་བཙུགས་པ་སྟེ་དཔེར་ན་སྨི་ཀའོ་མེ་དང་། ཕའེ་ལཱ་མོན།  ཝོར་ན་སྤུན་མཆེད། དུས་རབས21པའི་ཧྥུ་ཁོ་སི་སོགས་ཀུང་སི་རྣམ་བརྒྱད་ཀྱིས་མཚོན་པ་དང་།  དེ་དག་མང་ཆེ་ཤས་གློག་བརྙན་འབེབས་བཟོ་དང་།  འགྲེམས་སྤེལ་དང་།  གཏོང་བ་བཅས་གཞི་གཅིག་ཏུ་འདུས་པའི་སྒེར་སྡེམ་ཁེ་ལས་ཆེ་གྲས་ཡིན་པ་ལ།  བཟོ་གྲྭའི་ནང་ཁུལ་དུ་ལས་བགོས་ཞིབ་ཕྲ་ལྡན་པ་དང་ཐུན་མོང་མཉམ་ལས་ལ་གཙིགས་ཆེ་ཞིང་མི་སྒེར་གྱི་ནུས་པ་སྙོམ་པར་བྱེད་པ་དང་གཅིག   གློག་བརྙན་སྦྱིན་བདག་གི་ཆེད་དབང་ལམ་ལུགས་སྤྱོད་པ་དང་གཉིས།  འཁྲབ་སྟོན་པའི་ནུས་པ་གཙིགས་འཛིན་བྱེད་པས་སྐར་ཆེན་ལམ་ལུགས་བྱུང་བ་དང་གསུམ་བཅས་སོ།  སྐར་ཆེན་ལམ་ལུགས་ནི་བཟོ་གྲྭས་འཛིན་བྲིན་ཡོང་སྒོ་ཕོན་ཆེན་ལ་དམིགས་ནས་སྤྱད་པ་ཡིན་ལ།  སྐར་ཆེན་ལ་ཆ་མཚོན་ན་ཁེ་གྲགས་གཉིས་ཐོབ་ཡིན་པ་དང་དུས་ཡུན་ཡིང་པོར་མི་སྣ་རིགས་ངེས་ཅན་ཞིག་འཁྲབ་མཁན་ལ་གཏན་འཁེལ་བྱེད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-18

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།