ཡོངས་འཛིན་རིག་མཛོད། >ས་ཁམས། >རྒྱལ་ཁབ། >ཀྲུང་གོ

ཀྲུང་གོ།

ཀྲུང་གོ་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་བཞིའི་ཡ་གྱལ་ཡིན་ལ། ཧྭ་ཞ་ཤེས་རིག་དང་རྒྱ་མི་རིགས་གཙོ་བོར་བྱས་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་རྒྱལ་ཁབ་ཅིག་ཡིན། དེ་ཡང་ཀྲུང་གོའི་མངའ་ཁོངས་སུ་མི་རིགས56ཡོད་པ་དང་། དེ་ལ་ཀྲུང་ཧྭ་མི་རིགས་སུ་འབོད་ཅིང་། འབྲུག་ནི་ཀྲུང་ཧྭ་མི་རིགས་ཀྱི་རྟགས་མཚན་ཡིན། ད་ལྟ་ནས་ཧ་ལམ་ལོ་ངོ5000ཡན་ཆད་དུ། དབུས་རྒྱུད་ས་ཁུལ་ལྟེ་བར་བྱས་པའི་ཚོ་ཁག་བྱུང་བའི་འགོ་བརྩམས་ཤིང་། སྤྱི་ལོའི་སྔོན་གྱི་དུས་རབས21པར། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་རབས་ཏེ་ཞ་རྒྱལ་རབས་དབུ་བརྙེས་པ་ཡིན་ལ། དེའི་རྗེས་སུ་ཧྲང་དང་ཀྲོའུ། ཆིན། ཧན། ཅིན། སུའེ། ཐང་། སུང་། ཡོན། མིང་། ཆིང་སོགས་ཀྱི་རྒྱལ་རབས་རིམ་པར་བྱུང་བ་ཡིན་ཞིང་། དུས་རབས20དུས་འགོར་ལྕགས་ཕག་ལོའི་གསར་བརྗེ་ཡི་རྗེས་སུ། རྒྱལ་བོས་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི་དེ་ཀྲུང་གོའི་ལོ་རྒྱུས་ཀྱི་གར་སྟེགས་ལས་བུད་པ་ན། དེའི་འཐུས་ཚབ་ནི་སྤྱི་མཐུན་གྱི་སྲིད་དབང་སྒྲིག་གཞི་དེ་ཡིན། སྤྱི་ལོ1912ལོའི་ཟླ1པའི་ཚེས1ཉིན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དབུ་བརྙེས་པ་དང་། སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙེས་པ་ཡིན།

རིགས་དབྱེ།  

ཨ་ཟེར་བྷེ་ཇན།

མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི8.66ཡོད་པ་དང་མི་གྲངས་ཁྲི820.25ཡོད། རྒྱལ་ས་ནི་བྷ་ཁུ་ཡིན། སྲིད་འཛིན་ས་ཁུལ་དུ་ན་ཞི་ཝན་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་དང་རང་སྐྱོང་ཁུལ་ནི་ན་ཀི་ཨར་ནོ-ཁ་ལ་ཧི་ཁུལ། ཁུལ59 གྲོང་ཁྱེར69 གྲོང་ཁྱེར་རིམ་པའི་ཁུལ13 གྲོང་བརྡལ130 སྡེ་བ4351བཅས་མཆིས། ན་ཞི་ཆེ་ཝན་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནི་སྤྱི་ལོ1924ལོའི་ཟླ2པའི་ཚེས9ཉིན་བཙུགས། དེ་ཀོ་ཅ་སོ་ལྷོ་ཁུལ་དུ་མཆིས་ལ། ཐུར་ཆི་དང་ཏ་ཟིག ཨར་མེ་ཉི་ཡའི་མཐའ་མཚམས་དང་འབྲེལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5500ཡོད་པ་དང་། མི་གྲངས་ཕལ་ཆེར་ཁྲི30ཙམ་ཡོད། དེའི་ནང་གི་ཨ་ཟེར་བྷེ་ཇན་རིགས་ཀྱིས93%ཟིན་ཡོད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་བསྡུས་མིང་ལ་“ཀྲུང་གོ”ཞེས་བརྗོད་ཅིང་། སྤྱི་ལོ1949ལོའི་ཟླ10ཚེས1ཉིན་བཙུགས་པ་དང་། ཨེ་ཤ་ཡའི་ཤར་རྒྱུད་དང་ཞི་བདེ་རྒྱ་མཚོའི་ནུབ་ངོགས་སུ་གནས། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། སྐར་ལྔའི་དར་དམར་རྒྱལ་དར་དང《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རྒྱལ་གླུ་ཡིན། རྒྱལ་རྟགས་ཀྱི་ནང་དོན་ནི་རྒྱལ་དར་དང་། གནས་བདེ་སྒོ་མོ་ཆེ། སོ་འཁོར། གྲོ་སྙེ་བཅས་ཡིན། སྤྱི་སྤྱོད་སྐད་ཡིག་ནི་སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་ཡིན། རྒྱལ་ས་པེ་ཅིང་ནི་རྒྱ་རིགས་ཀྱིས་གཙོ་བྱས་ཤིང་མི་རིགས56གིས་གྲུབ་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།

རིགས་དབྱེ།  

ཀྲུང་གོའི་རྒྱལ་དར།

རྒྱལ་དར་ནི་བདག་དབང་ཡོད་པའི་རྒྱལ་ཁབ་མཚོན་བྱེད་ཀྱི་དར་ཆ་ཡིན་ཞིང་། ནུབ་ཕྱོགས་ཀྱི་བདག་དབང་ཡོད་པའི་རྒྱལ་ཁབ་བྱུང་རྗེས་ཀྱི་ཐོན་རྫས་ཡིན། ཀྲུང་གོའི་ལོ་རྒྱུས་སྟེང་། ཆིང་རྒྱལ་རབས་ཀྱི་སྐབས་སུ་ད་གཟོད་ཐོག་དང་པོའི་དངོས་གཞི་ཅན་དང་དེང་རབས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དར་བྱུང་། ཆིང་རྒྱལ་རབས་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས་བསྡོམས་པས་དར་ཆ་རིགས་གསུམ་བཀོལ་སྤྱོད་བྱས་མྱོང་བ་དང་། དེ་དག་ནི་འབྲུག་སེར་པོའི་དར་ཆ་དང་ཁ་དོག་སྣ་ལྔའི་དར་ཆ། དགུང་སྔོན་ཉི་མ་གང་སར་དམར་པོའི་དར་ཆ་བཅས་ཡིན། སྤྱི་ལོ1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྐར་ལྔའི་དར་ཆ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དར་ཆ་རུ་གཏན་ཁེལ་བྱས།

རིགས་དབྱེ།  

ཀྲུང་གོའི་རྒྱལ་རྟགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་ནང་དོན་ནི་རྒྱལ་དར་དང་གནམ་བདེ་སྒོ་མོ་ཆེ། སོ་འཁོར་ཆེན་པོ། སྙེ་མ་བཅས་ཡིན་ཞིང་། རྒྱལ་རྟགས་ཀྱི་རི་མོས་ཀྲུང་ཧྭ་མི་དམངས་དེ་ལྔ་བཞི་རྒྱལ་གཅེས་ལས་འགུལ་ནས་བཟུང་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་འཐབ་རྩོད་དང་། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱས་ཤིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཀྲུང་གོ་གསར་བ་དབུ་བརྙེས་པ་མཚོན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་བསྡུས་མིང་ལ་“ཀྲུང་གོ”ཞེས་བརྗོད་ཅིང་། སྤྱི་ལོ1949ལོའི་ཟླ10ཚེས1ཉིན་བཙུགས་པ་དང་། ཨེ་ཤ་ཡའི་ཤར་རྒྱུད་དང་ཞི་བདེ་རྒྱ་མཚོའི་ནུབ་ངོགས་སུ་གནས། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། སྐར་ལྔའི་དར་དམར་རྒྱལ་དར་དང《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རྒྱལ་གླུ་ཡིན། རྒྱལ་རྟགས་ཀྱི་ནང་དོན་ནི་རྒྱལ་དར་དང་། གནས་བདེ་སྒོ་མོ་ཆེ། སོ་འཁོར། གྲོ་སྙེ་བཅས་ཡིན། སྤྱི་སྤྱོད་སྐད་ཡིག་ནི་སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་ཡིན། རྒྱལ་ས་པེ་ཅིང་ནི་རྒྱ་རིགས་ཀྱིས་གཙོ་བྱས་ཤིང་མི་རིགས56གིས་གྲུབ་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།

རིགས་དབྱེ།  

མེས་རྒྱལ།

《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་འགྲེལ་བཤད་ལྟར་ན། མེས་རྒྱལ་ནི་རང་ཉིད་ཀྱི་རྒྱལ་ཁབ་ཡིན། མདོར་བསྡུས་ནས་བཤད་ན། མེས་རྒྱལ་ནི་མེས་པོས་གསར་གཏོད་བྱས་པའི་འཚོ་གནས་བྱེད་ས་ཞིག་ཡིན་ཞིང་། མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་པའི་ས་གཞི་འདིར་དད་གུས་དང་། གཅེས་སྤྲས། སྲུང་སྐྱོབ་བཅས་བྱེད་ཀྱིན་ཡོད། མི་རྣམས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་གི་ཁོངས་སུ་རྒྱལ་ཁབ་ཀྱི་བདག་དབང་དང་། མཛེས་སྡུག་ལྡན་པའི་རི་ཀླུང་། འོད་སྟོང་འཕྲོ་བའི་རིག་གནས་དང་དེ་བཞིན་ཤ་རུས་གཅིག་པའི་སྤུན་ཟླ་བཅས་ལ་བཅངས་པའི་བརྩེ་དུང་འདུས་ཡོད།

རིགས་དབྱེ།