ཨན་ཏོར་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཏོར་གྱི་རྒྱལ་དར།
ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་། དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ། ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཨན་ཏོར་གྱི་རྒྱལ་དར་འདི་ནི་སྤྱི་ལོ1866ལོར་ཆོག་མཆན་ཐོབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安道尔国旗
ཕྱི་ཡིག་གི་མིང་།
Flag of Andorra
རིགས་དབྱེ།
རྒྱལ་དར།
ཆོག་མཆན་དུས་ཚོད།
སྤྱི་ལོ1866ལོ།
1 ངོ་སྤྲོད།

ཨན་ཏོར་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཏོར་གུང་རིམ་གྱི་རྒྱལ་ཁབ་ཟེར་ཞིང་།  དེ་ཡོ་རོབ་གླིང་གི་ལྷོ་ནུབ་ཏུ་གནས་ལ།  ཧྥ་རན་སེ་དང་སི་ཕེན་གྱི་ས་ཆ་འབྲེལ་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན།  ཨན་ཏོར་གྱི་རྒྱལ་དར་འདི་ནི་སྤྱི་ལོ1866ལོར་ཆོག་མཆན་ཐོབ་པ་ཡིན།  རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི10བསྡུར7ཡིན།  དར་ངོས་ནི་གཡོན་ནས་གཡས་སུ་མདོག་སྔོན་པོ་དང་སེར་པོ།  དམར་པོ་བཅས་ཐུར་དུ་ཡོད་པའི་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་།  དར་ངོས་ཀྱི་དཀྱིལ་དུ་ཨན་ཏོར་གྱི་རྒྱལ་རྟགས་ཡོད་པ་ཡིན།  དར་ངོས་ཀྱི་ཁ་དོག་སྔོན་པོ་དང་དམར་པོ་ནི་ཨན་ཏོར་གྱི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥ་རན་སེའི་དར་ཆའི་ཐོག་ཏུ་ཡོད་པའི་ཁ་དོག་ཡིན་པ་དང་།  ཁ་དོག་སེར་པོ་དང་དམར་པོ་ནི་ཨན་ཏོར་གྱི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སི་ཕེན་གྱི་དར་ཆའི་ཐོག་ཏུ་ཡོད་པའི་ཁ་དོག་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཨན་ཏོར་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་ཧྥ་རན་སེ་དང་སི་ཕེན་གྱི་བར་འབྲེལ་བ་དམ་ཟབ་ཡོད་ལ།  ཨན་ཏོར་གྱི་རྒྱལ་དར་སྟེང་རྒྱལ་ཁབ་དེ་གཉིས་ཀྱི་ཁ་དོག་ཡོད་པ་དེ་ལས་ཀྱང་ཅུང་ཤེས།  ལ་ལས་བཤད་ན་དེང་སྐབས་ཀྱི་རྒྱལ་དར་འདི་ནི་ནཱ་ཕོ་ལོན་སྐུ་ཕྲེང་གསུམ་པའི་གོང་མའི་དར་ཆ་ལས་བྱུང་བར་འདོད།  རྒྱལ་དར་འདིའི་ཇུས་འགོད་ནི་ཡོ་རོབ་གླིང་དང་ཡོ་རོབ་གླིང་སྔོན་མའི་མི་སེར་སྤེལ་ཡུལ་ས་ཁུལ་གྱི་དར་ཆའི་ཁྲོད་རྒྱུན་དུ་མཐོང་བ་རུ་གཏོགས་ཤིང་།  རྒྱུན་དུ་རོ་མ་ནི་ཡ་དང་མལ་ནི་ཐལ།  ཆ་ཏེ་བཅས་རྒྱལ་ཁབ་ཀྱི་དར་ཆ་དང་ཉོག་འགྲོ་བ་ཡིན།  དར་ཆ་འདི་ལ་རིགས་གཉིས་ཡོད་ཅིང་།  གཅིག་ནི་མདོག་སྔོན་པོ་དང་སེར་པོ།  དམར་པོ་བཅས་ཡིན་པའི་དམངས་བཀོལ་དར་ཆ་ཡིན་པ་དང་།  གཅིག་ནི་ཁ་དོག་དེའི་གསུམ་གྱི་སྟེང་རྒྱལ་རྟགས་ཡོད་པའི་སྲིད་གཞུང་གི་དར་ཆ་ཡིན།  དམངས་དཀོལ་དར་ཆ་དེ་ཆ་ཏེ་དང་རོ་མ་ནི་ཡའི་རྒྱལ་དར་དང་ཉོག་འགྲོ་སླ་བས།  དེང་སྐབས་ཨན་ཏོར་གྱི་མི་མང་ཆེ་བས་རྒྱལ་རྟགས་ཡོད་པའི་རྒྱལ་དར་བཀོལ་བཞིན་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།