ཡོངས་འཛིན་རིག་མཛོད། >ས་ཁམས། >རྒྱལ་ཁབ།

པ་རེན་གྱི་རྒྱལ་རྟགས།

པ་རེན་གྱི་མིང་ཆ་ཚང་ལ་པ་རེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཏ་ཟིག་མཚོ་འགག་གི་ནུབ་ངོགས་དང་ཐག་ཉེ་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་རེན་གྱི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་ནི་རྒྱལ་དར་གྱི་རི་མོ་ཕབ་ཡོད་པའི་ཕུབ་རིས་ཤིག་ཡིན་ཞིང་། མཐའ་སྐོར་དུ་མཛེས་ཤིང་ལྟ་ན་སྡུག་པའི་མདོག་དཀར་དམར་གྱི་ལོ་མས་བརྒྱན་ཡོད། རྒྱ་ཡིག་གི་མིང་། 巴林国徽 ཕྱི་ཡིག་གི་མིང་། Coat of arms of Bahrain རིགས་དབྱེ། རྒྱལ་རྟགས། བཀོལ་སྤྱོད་ས་ཁུལ། པ་རེན། ངོ་སྤྲོད། པ་རེན་གྱི་མིང་ཆ་ཚང་ལ་པ་རེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཨན་ཀོ་ལའི་རྒྱལ་དར།

ཨན་ཀོ་ལ་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ཧྥེ་གླིང་གི་ལྷོ་ནུབ་ཁུལ་དུ་གནས། ཨན་ཀོ་ལའི་རྒྱལ་དར་ནི་གོང་ནས་འོག་ཏུ་མདོག་དམར་པོ་དང་ནག་པོ་བཅས་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་། དར་དཀྱིལ་དུ་མདོག་སེར་པོའི་གཞུ་དབྱིབས་ཀྱི་སོ་འཁོར་ཞིག་དང་གཙབ་གྲི་ཞིག་བསྣོལ་མར་ཡོད་པ་དང་། དེ་གཉིས་ཀྱི་བར་ན་སྐར་མ་ཟུར་ལྔ་ཞིག་ཀྱང་ཡོད་པ་ཡིན། རྒྱ་ཡིག་གི་མིང་། 安哥拉国旗 ཕྱི་ཡིག་གི་མིང་། The national flag of Angola རིགས་དབྱེ། རྒྱལ་དར། བཀོལ་སྤྱོད་དུས་ཚོད། སྤྱི་ལོ1975ལོའི་ཟླ11པའི་ཚེས11ཉིན། ངོ་སྤྲོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཀམ་པི་ཡའི་རྒྱལ་དར།

ཀམ་པི་ཡའི་མིང་ཆ་ཚང་ལ་ཀམ་པི་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་ནུབ་རྒྱུད་ཀྱི་ནུབ་རྒྱ་མཚོ་ཆེན་པོའི་མཚོ་འགྲམ་ས་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཀམ་པི་ཡའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་དམར་པོ་དང་སྔོན་པོ། ལྗང་ཁུ་བཅས་གསུམ་གྱི་མཉམ་འགྲོ་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་ཅིང་། མདོག་སྔོན་པོ་དང་དམར་པོ། ལྗང་ཁུ་བཅས་ཀྱི་འབྲེལ་མཚམས་རེ་རེར་མདོག་དཀར་པོས་འཕྲེད་དུ་བཅད་ཡོད་པ་ཡིན།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཀམ་པི་ཡའི་རྒྱལ་རྟགས།

ཀམ་པི་ཡའི་མིང་ཆ་ཚང་ལ་ཀམ་པི་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་ནུབ་རྒྱུད་ཀྱི་ནུབ་རྒྱ་མཚོ་ཆེན་པོའི་མཚོ་འགྲམ་ས་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཀམ་པི་ཡའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་ངོས་སུ་ཕན་ཚུན་བསྣོལ་བར་གནས་པའི་ས་གནས་དེའི་ཚོ་བའི་རྒྱུན་སྤྱོད་ཀྱི་སྟ་རེ་ཞིག་དང་འཇོར་ཞིག་བྲིས་ཡོད་ལ། ཕུབ་རིས་ཀྱི་རྩེ་རུ་ཤིང་ཏ་ལའི་ལོ་མ་དང་སྐྱ་མིའི་རྨོག་ཞྭ་ཡོད། ཕུབ་རིས་ཀྱི་ཕྱོགས་གཉིས་སུ་ཧྥེ་གླིང་རྩྭ་ཐང་ཆེན་པོ་སྟེང་གི་གསེར་མདོག་གི་སེང་གེ་གཉིས་ལངས་ཡོད་ཅིང་། གཡོན་ཕྱོགས་ཀྱི་སེང་གེའི་ལག་ཏུ་སྟ་རེ་ཞིག་ཐོགས་ཡོད་པ་དང་གཡས་ཕྱོགས་ཀྱི་སེང་གེའི་ལག་ཏུ་འཇོར་ཞིག་ཐོགས་ཡོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཝེར་ཏེ་གླིང་ཟུར་གྱི་རྒྱལ་རྟགས།

ཝེར་ཏེ་གླིང་ཟུར་གྱི་མིང་ཆ་ཚང་ལ་ཝེར་ཏེ་གླིང་ཟུར་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ནུབ་རྒྱ་མཚོ་ཆེན་པོའི་བྱང་ཕྱོགས་སུ་གནས་པའི་ཝེར་ཏེ་གླིང་ཟུར་གླིང་ཚོམ་གྱི་སྟེང་དུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཝེར་ཏེ་གླིང་ཟུར་གྱི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་། སྒོར་དབྱིབས་དེའི་གོང་དུ་ཞ་འབུགས་ཤིག་ཡོད་ལ། དཀྱིལ་དུ་མཐའ་མཚུངས་ཟུར་གསུམ་མ་ཞིག་ཡོད་པ་དང་། མཐའ་མཚུངས་ཟུར་གསུམ་མ་དེའི་སྟེང་དཔལ་འབར་ཞིག་བྲིས་ཡོད། མཐའ་མཚུངས་ཟུར་གསུམ་མའི་མཐའ་བསྐོར་དུ་ཕོར་ཐིའུ་ཀལ་གྱི་ཡི་གེས་ཝེར་ཏེ་གླིང་ཟུར་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད་ཅིང་། ཟུར་གསུམ་མའི་འོག་ཏུ་ཐིག་སྐུད་གསུམ་བྲིས་ཡོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཀ་པོན་གྱི་རྒྱལ་དར།

ཀ་པོན་གྱི་མིང་ཆ་ཚང་ལ་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་དབུས་རྒྱུད་ཀྱི་མཚོ་འགྲམ་ནུབ་མ་རུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཀ་པོན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི4བསྡུར3ཡིན། དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་ལྗང་ཁུ་དང་སེར་པོ། སྔོན་པོ་བཅས་ཀྱི་མཉམ་འགྲོའི་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་པ་ཡིན། རྒྱ་ཡིག་གི་མིང་། 加蓬国旗 ཕྱི་ཡིག་གི་མིང་། Flag of Gabon རིགས་དབྱེ། རྒྱལ་དར། བཀོལ་སྤྱོད་རྒྱལ་ཁབ། ཀ་པོན། ངོ་སྤྲོད། ཀ་པོན་གྱི་མིང་ཆ་ཚང་ལ་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཁོང་ཀོའི་རྒྱལ་དར།

ཁོང་ཀོའི་མིང་ཆ་ཚང་ལ་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་གི་དབུས་ནུབ་རྒྱུད་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཁོང་ཀོའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ངོས་ནི་མདོག་ལྗང་ཁུ་དང་སེར་པོ། དམར་པོ་བཅས་ཀྱིས་གྲུབ་ཅིང་། གཡོན་སྟེང་ནི་མདོག་ལྗང་ཁུ་ཡིན་པ་དང་། གཡས་འོག་ནི་མདོག་དམར་པོ་ཡིན་ལ། མདོག་སེར་པོ་ཞིག་གིས་གཡོན་གྱི་འོག་ཟུར་ནས་གཡས་ཀྱི་སྟེང་ཟུར་དུ་གསེག་ནས་བཅད་ཡོད་པ་ཡིན། རྒྱ་ཡིག་གི་མིང་། 刚果共和国国旗 ཕྱི་ཡིག་གི་མིང་། Flag of the

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཧྥི་ཅིའི་རྒྱལ་དར།

ཧྥི་ཅིའི་མིང་ཆ་ཚང་ལ་ཧྥི་ཅི་གླིང་ཚོམ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཞི་བདེ་རྒྱ་མཚོའི་ལྷོ་མར་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཧྥི་ཅིའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན། ཧྥི་ཅིའི་རྒྱལ་དར་གྱི་དར་ངོས་ནི་མདོག་སྔོ་སྐྱ་ཡིན་ཞིང་། དར་ངོས་ཀྱི་གཡོན་ཟུར་གོང་མ་ནི་དབྱིན་ཇིའི་རྒྱལ་དར་ཞིག་ཡིན་པ་དང་། གཡས་ཕྱོགས་ཀྱི་རི་མོ་ནི་ཧྥི་ཅིའི་རྒྱལ་རྟགས་ཀྱི་གྲུབ་ཆ་གཙོ་བོ་ཡིན། རྒྱ་ཡིག་གི་མིང་། 斐济国旗 ཕྱི་ཡིག་གི་མིང་། The flag of Fiji རིགས་དབྱེ།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཀེ་རེན་ན་ཏའི་རྒྱལ་རྟགས།

ཀེ་རེན་ན་ཏ་ནི་ཅཱ་ལུ་པི་རྒྱ་མཚོ་ཤར་མའི་ཞང་ཧྥེང་གླིང་ཚོམ་གྱི་ཆེས་ལྷོ་མཐའ་རུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཀེ་རེན་ན་ཏའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་རིས་སྟེང་མདོག་སེར་པོའི་རྒྱ་གྲམ་ཞིག་ཡོད་ལ། རྒྱ་གྲམ་གྱི་སྣོལ་མཚམས་སུ་གཡོར་གྲུ་ཞིག་ཡོད། རྒྱལ་རྟགས་སྟེང་མདོག་དཀར་པོའི་ཛཱ་ཏི་དང་མདོག་སེར་པོའི་ངང་ལག དེ་མིན་གསེར་མདོག་གི་སེང་གེ་བཅས་ཡོད། ཕུབ་རིས་ཀྱི་རྩེ་རུ་རྨོག་ཞྭ་དང་མེ་ཏོག་འཕྲང་བ་ཡོད་ཅིང་། ཕུབ་རིས་ཀྱི་འོག་ཏུ་ཀེ་རེན་ན་ཏའི་མཛེས་ཤིང་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཡོད་ལ།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཅེ་ཁེའི་རྒྱལ་རྟགས།

ཅེ་ཁེའི་མིང་ཆ་ཚང་ལ་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་དབུས་མའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཅེ་ཁེའི་རྒྱལ་རྟགས་ལ་པར་གཞི་ཆེ་ཆུང་གཉིས་ཡོད། རྒྱ་ཡིག་གི་མིང་། 捷克国徽 ཕྱི་ཡིག་གི་མིང་། The national emblem of Czech རིགས་དབྱེ། རྒྱལ་རྟགས། བཀོལ་སྤྱོད་རྒྱལ་ཁབ། ཅེ་ཁེ། ངོ་སྤྲོད། པར་གཞི་ཆེ་བ།   ཅེ་ཁེའི་རྒྱལ་རྟགས་ཀྱི་པར་གཞི་ཆེ་བ་ནི་གྲུ་བཞིའི་ཕུབ་རིས་ཤིག་ཡིན་ཞིང་།  ཕུབ་རིས་སྟེང་གི་རི་མོ་ཁག་བཞི་རུ་དབྱེ་ཡོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ལ་ཐེ་ཝེ་ཡའི་རྒྱལ་དར།

ལ་ཐེ་ཝེ་ཡའི་མིང་ཆ་ཚང་ལ་ལ་ཐེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་གླིང་གི་བྱང་ཤར་ཁུལ་དུ་གནས་པའི་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ལ་ཐེ་ཝེ་ཡའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན། དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་དམར་པོ་དང་དཀར་པོ། དམར་པོ་བཅས་ཀྱི་མཉམ་འགྲོའི་འཕྲེད་བཅད་གསུམ་གྱིས་གྲུབ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 拉脱维亚国旗 ཕྱི་ཡིག་གི་མིང་། Latvijas

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ལ་ཐེ་ཝེ་ཡའི་རྒྱལ་རྟགས།

ལ་ཐེ་ཝེ་ཡའི་མིང་ཆ་ཚང་ལ་ལ་ཐེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་གླིང་གི་བྱང་ཤར་ཁུལ་དུ་གནས་པའི་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ལ་ཐེ་ཝེ་ཡའི་རྒྱལ་རྟགས་ལ་ཆེ་ཆུང་རྣམ་པ་མི་འདྲ་བ་གསུམ་ཡོད། རྒྱ་ཡིག་གི་མིང་། 拉脱维亚国徽 ཕྱི་ཡིག་གི་མིང་། Coat of arms of Latvia རིགས་དབྱེ། རྒྱལ་རྟགས། བཀོལ་སྤྱོད་རྒྱལ་ཁབ། ལ་ཐེ་ཝེ་ཡ། ངོ་སྤྲོད། ལ་ཐེ་ཝེ་ཡའི་མིང་ཆ་ཚང་ལ་ལ་ཐེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཡོ་རོབ་གླིང་གི་བྱང་ཤར་ཁུལ་དུ་གནས་པའི་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། 

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཁེན་ནི་ཡའི་རྒྱལ་རྟགས།

ཁེན་ནི་ཡའི་མིང་ཆ་ཚང་ལ་ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་གི་ཤར་རྒྱུད་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། སྤྱི་ལོ1963ལོར་གཏན་འབེབས་བྱས་པའི་ཁེན་ནི་ཡའི་རྒྱལ་རྟགས་ནི་རྒྱལ་དར་གྱི་ཁ་དོག་དང་གཅིག་མཚུངས་ཡིན་པའི་འཕང་དབྱིབས་ཀྱི་ཕུབ་རིས་ཤིག་དཀྱིལ་སྙིང་དུ་བཟུང་ཡོད་པ་ཡིན་ཞིང་། ཕུབ་རིས་དེའི་ཕྱོགས་གཉིས་སུ་སེང་གེ་སེར་པོ་རེ་ལངས་ཡོད་ལ། སེང་གེ་དེ་གཉིས་ཀྱི་ལག་པ་གཅིག་གི་ནང་དུ་མདུང་རིང་བཟུང་ཡོད་པ་དང་། ལག་པ་གཅིག་གིས་ཕུབ་རིས་བསྐྱོར་ཡོད། ཕུབ་རིས་ཀྱི་དཀྱིལ་དུ་ལག་ཏུ་སྟ་རེ་ཐོགས་ཡོད་པའི་བྱ་ཕོ་དཀར་པོ་ཞིག་ཡོད་པ་དང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཁོ་ཐེ་ཏི་ཝོར་གྱི་རྒྱལ་རྟགས།

ཁོ་ཐེ་ཏི་ཝོར་གྱི་མིང་ཆ་ཚང་ལ་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་ནུབ་མའི་རྒྱལ་ཁབ་ཅིག་ཡིན། ཁོ་ཐེ་ཏི་ཝོར་གྱི་རྒྱལ་རྟགས་ནི་སྤྱི་ལོ1960ལོར་གཏན་འབེབས་བྱས་ཤིང་། དཀྱིལ་སྙིང་རི་མོ་ནི་མདོག་ལྗང་ཁུའི་ཕུབ་རིས་སྟེང་གླང་ཆེན་གྱི་མགོ་ཞིག་ཡོད་པ་དེ་ཡིན། ཕུབ་རིས་ཀྱི་ཕྱོགས་གཉིས་སུ་ས་གནས་དེའི་བཟོ་ལས་རྒྱུ་ཆའི་ལོ་ཏོག་གཙོ་བོ་སྟེ་སྣུམ་ལྡན་ཏ་ལ་ཤིང་གཉིས་ཡོད་པ་དང་། ཕུབ་རིས་ཀྱི་རྩེ་རུ་ཉི་གཞོན་ཤར་བའི་རི་མོ་ཞིག་ཡོད་ཅིང་། ཕུབ་རིས་འོག་གི་རྒྱན་དར་སྟེང་ཧྥ་རན་སེའི་ཡི་གེས་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

སེ་ནེ་ཀལ་གྱི་རྒྱལ་རྟགས།

སེ་ནེ་ཀལ་གྱི་མིང་ཆ་ཚང་ལ་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་གི་ནུབ་རྒྱུད་དུ་གནས་པའི་ཞིང་ལས་རྒྱལ་ཁབ་ཅིག་ཡིན། སེ་ནེ་ཀལ་གྱི་རྒྱལ་རྟགས་ནི་ཕུབ་རིས་ཤིག་དང་བྱས་རྗེས་གཟེངས་རྟགས་གཅིག ལྗང་མདོག་གི་སྐར་མ་ཟུར་ལྔ་ཞིག་དང་ཏ་ལའི་ཤིང་གི་ཡལ་ག་བཅས་ཀྱིས་གྲུབ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 塞内加尔国徽 ཕྱི་ཡིག་གི་མིང་། Coat of arms of Senegal རིགས་དབྱེ། རྒྱལ་རྟགས། བཀོལ་སྤྱོད་དུས་ཚོད། སྤྱི་ལོ1965ལོ། ངོ་སྤྲོད། སེ་ནེ་ཀལ་གྱི་མིང་ཆ་ཚང་ལ་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

མོ་ན་ཁོའི་རྒྱལ་རྟགས།

མོ་ན་ཁོའི་མིང་ཆ་ཚང་ལ་མོ་ན་ཁོ་གུང་རིམ་གྱི་རྒྱལ་ཕྲན་ཟེར་ཞིང་། དེ་ནི་ཡོ་རོབ་གླིང་དུ་ཡོད་པའི་གྲོང་ཁྱེར་རྒྱལ་ཁབ་ཅིག་ཡིན་ལ། ཡོ་རོབ་གླིང་གི་གུང་རིམ་གྱི་རྒྱལ་ཕྲན་གཉིས་ཁྲོད་ཀྱི་གཅིག་ཡིན། མོ་ན་ཁོའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་ནི་མདོག་དམར་པོ་དང་དཀར་པོའི་གཟེ་དབྱིབས་སྤེལ་མར་ཡོད་པའི་ཕུབ་རིས་ཤིག་ཡིན་ཞིང་། དེའི་མཐའ་བསྐོར་དུ་མི་ཏིག་གིས་ཕྲ་བཏབ་ཡོད་པའི་རྒྱ་གྲམ་སེར་པོའི་ཧྲེང་ཁྲ་ཨེར་སི་གཟེངས་རྟགས་ཀྱི་རྒྱན་དར་གྱིས་བརྒྱན་ཡོད་ལ། ཕུབ་རིས་ཀྱི་ཕྱོགས་གཉིས་སུ་གནམ་བདག་ཆོས་ལུགས་ཀྱི་ཆོས་པ་རེ་ལངས་ཡོད། རྒྱལ་རྟགས་ཀྱི་རྒྱབ་ལྗོངས་ནི་མིག་མདངས་འཕྲོག་ཅིང་མཆོར་ཉམས་ལྡན་པའི་རོ་མ་བཙན་རྒྱལ་གྱི་རྒྱལ་པོའི་ཅོད་པན་འོག་འབྱེད་ཡོད་པའི་མདོག་དམར་པོ་དང་དཀར་པོའི་ཨོག་དཀར་པགས་པའི་དབུ་གུར་ཞིག་ཡིན་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

མར་ཧྲོར་གླིང་ཚོམ་གྱི་རྒྱལ་རྟགས།

མར་ཧྲོར་གླིང་ཚོམ་གྱི་མིང་ཆ་ཚང་ལ་མར་ཧྲོར་གླིང་ཚོམ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཞི་བདེ་རྒྱ་མཚོའི་དབུས་རྒྱུད་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། མར་ཧྲོར་གླིང་ཚོམ་གྱི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་། སྒོར་ངོས་ཀྱི་དཀྱིལ་ནི་གཤོག་པ་བརྐྱངས་པའི་མཚོ་བྱ་ཞིག་ཡིན་ལ། མཚོ་བྱ་དེའི་གོང་ནི་འོད་སྣང་ཕྱོགས་བཞིར་འཕྲོ་བའི་ཉི་མ་ཞིག་ཡིན། ཉི་མ་དེའི་གཡོན་འོག་ནི་རྡོ་ཞིག་ཡིན་པ་དང་། གཡས་འོག་ནི་ཉ་རྒྱ་ཞིག་ཡིན། མཚོ་བྱའི་གཡོན་ཕྱོགས་ནི་བེ་ཏ་ལྗོང་ཤིང་ཞིག་ཡིན་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

འཇར་པན་གྱི་རྒྱལ་དར།

འཇར་པན་ཞེས་པའི་དོན་ནི་ཉི་མ་གསར་ཚེས་ཀྱི་རྒྱལ་ཁབ་ཅེས་པ་ཡིན་ཞིང་། དེ་ནི་ཨེ་ཤ་ཡ་ཤར་མ་རུ་གནས་པའི་རྒྱལ་ཁབ་ཅིག་ཡིན། འཇར་པན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ངོས་ནི་མདོག་དཀར་པོ་ཡིན་ཞིང་། དར་དཀྱིལ་དུ་ཉི་མ་ཞིག་ཡོད་པ་ཡིན། རྒྱ་ཡིག་གི་མིང་། 日本国旗 ཕྱི་ཡིག་གི་མིང་། Flag of Japan མིང་གཞན། ཉི་མའི་དར་ཆ། རིགས་དབྱེ། རྒྱལ་དར། བཀོལ་སྤྱོད་དུས་ཚོད། སྤྱི་ལོ1999ལོའི་ཟླ8པའི་ཚེས13ཉིན།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཐེ་རི་ནི་ཏ་དང་ཐོ་པ་ཀོའི་རྒྱལ་དར།

ཐེ་རི་ནི་ཏ་དང་ཐོ་པ་ཀོའི་མིང་ཆ་ཚང་ལ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་དབུས་མའི་ཅཱ་ལི་པི་རྒྱ་མཚོའི་ལྷོ་རྒྱུད་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཐེ་རི་ནི་ཏ་དང་ཐོ་པ་ཀོའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ཀྱི་གཡོན་འོག་དང་གཡས་སྟེང་ནི་མདོག་དམར་པོའི་འདྲ་མཚུངས་དང་དོ་མཉམ་ཡིན་པའི་དྲང་ཟུར་ཟུར་གསུམ་མ་གཉིས་ཡིན་ཞིང་། མཐའ་རུ་མདོག་དཀར་པོ་ཡོད་པ་དང་དཀྱིལ་ནི་མདོག་ནག་པོ་ཡིན་པའི་ཚོན་སྐུད་ཅིག་གིས་གཡོན་གྱི་སྟེང་ཟུར་ནས་གཡས་ཀྱི་འོག་ཟུར་དུ་གསེག་ནས་བཅད་ཡོད་པ་ཡིན།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

སེ་ཕར་སི།

སེ་ཕར་སི་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9251ཡོད་པ་དང་མི་གྲངས་ཁྲི76.7མཆིས་ལ། རྒྱལ་ས་ནི་ནེ་ཁོ་ཞི་ཡ་ཡིན། སྲིད་འཛིན་ས་ཁུལ་ལ་རྒྱལ་ཡོངས་སུ་ཁག6ཏུ་བགོས་ཡོད། རྒྱ་ཡིག་གི་མིང་། 塞浦路斯共和国 ཕྱི་ཡིག་གི་མིང་། The Republic of Cyprus རྒྱལ་ས། ནེ་ཁོ་ཞི་ཡ། མངའ་ཁོངས་རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ9251 མི་གྲངས། ཁྲི76.7 དངུལ་ལོ། ཕོང་ད། ས་བབ་གནས་ཚུལ། ས་དཀྱིལ་རྒྱ་མཚོའི་ཤར་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། དེའི་བྱང་ཕྱོགས་ཀྱི་སྤྱི་ལེ40མཚམས་སུ་ཏུར་ཁེ་རྒྱལ་ཁབ་ཡོད་པ་དང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

བྷུར་ནེ།

བྷུར་ནེ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5765ཡོད་པ་དང་མི་གྲངས་ཁྲི34.45ཡོད། རྒྱལ་ས་ནི་སི་རི་པེ་མཚོ་ཁུགས་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ལ་ཆུས4ཡོད་དེ། དེ་དག་གི་མོའུ་ཨ་ལ་དང་། པེ་ལ་ཡུས། ཏུའུ་ཏུང་། ཏན་པུའུ་ལུན་བཅས་ཡིན། ཆུས་ཀྱི་འོག་ཏུ་ཤང་ཡོད་པ་དང་ཤང་གི་འོག་ཏུ་སྡེ་བ་ཡོད། སྡེ་དཔོན་ནི་སྡེ་དམངས་ཀྱིས་འདེམ་བསྐོ་བྱ་དགོས་པ་ཡིན། རྒྱ་ཡིག་གི་མིང་། 文莱达鲁萨兰国 ཕྱི་ཡིག་གི་མིང་། Negara Brunei Darussalam

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

པ་རེན་གྱི་རྒྱལ་དར།

པ་རེན་གྱི་མིང་ཆ་ཚང་ལ་པ་རེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཏ་ཟིག་མཚོ་འགག་གི་ནུབ་ངོགས་དང་ཐག་ཉེ་བའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། པ་རེན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ནི་མདོག་དམར་པོ་དང་དཀར་པོ་གཉིས་ཀྱིས་གྲུབ་ཅིང་། དར་ཤིང་གི་ཕྱོགས་ནི་མདོག་དཀར་པོ་ཡིན་ལ། དེས་དར་ངོས་ཡོངས་ཀྱི་ལྔ་ཆའི་གཅིག་ཟིན། གཡས་ཕྱོགས་ནི་མདོག་དམར་པོ་ཡིན་ལ། མདོག་དཀར་པོ་དང་དམར་པོའི་འབྲེལ་མཚམས་ནི་སོག་ལེའི་ཁའི་བཟོ་ལྟ་ཡིན། རྒྱ་ཡིག་གི་མིང་། 巴林国旗 ཕྱི་ཡིག་གི་མིང་། Flag of Bahrain རིགས་དབྱེ།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

པུར་ཀ་རི་ཡའི་རྒྱལ་རྟགས།

པུར་ཀ་རི་ཡའི་མིང་ཆ་ཚང་ལ་པུར་ཀ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་གླིང་ཤར་ལྷོའི་པར་ཀན་ཕྱེད་གླིང་གི་ཤར་ལྷོ་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། པུར་ཀ་རི་ཡའི་རྒྱལ་རྟགས་ནི་གསེར་མདོག་གི་སེང་གེ་ཞིག་རྒྱབ་ལྗོངས་དམར་པོ་ཡིན་པའི་ཕུབ་རིས་ཤིག་གི་སྟེང་ཀྲོང་ངེར་ལངས་ཡོད་པ་དང་། གཞན་གསེར་མདོག་གི་སེང་གེ་གཉིས་ཕུབ་རིས་ཀྱི་ཕྱོགས་གཉིས་སུ་ཀེ་རེར་ལངས་ཡོད། ཕུབ་རིས་ཀྱི་རྩེ་རུ་རྒྱ་གྲམ་གྱི་རྟགས་ལྔ་བྲིས་ཡོད་པའི་གོང་མའི་ཅོད་པན་ཞིག་ཡོད་ཅིང་། ཕུབ་རིས་ཀྱི་འོག་ཏུ་མོན་ཆ་རའི་ལོ་མས་བརྒྱན་ཡོད་ལ། དེའི་འོག་གི་རྒྱན་དར་གྱི་སྟེང་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་བྲིས་ཡོད།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཕེ་རུའི་རྒྱལ་རྟགས།

ཕེ་རུའི་མིང་ཆ་ཚང་ལ་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་མེ་གླིང་ལྷོ་མའི་ནུབ་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན། ཕེ་རུའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་རིས་སྟེང་རི་མོ་སྣ་གསུམ་ཡོད། ཕུབ་རིས་ཀྱི་གཡོན་སྟེང་ནི་མེ་གླིང་ལྷོ་མའི་ནོག་མེད་པའི་རྟ་རྔ་མོང་ཞིག་ཡིན་པ་དང་། གཡས་སྟེང་ནི་ཅིན་ཅི་ན་སྡོང་བོ་ཞིག་ཡིན། དེ་གཉིས་ཀྱི་འོག་ནི་གསེར་དངུལ་ཕྱིར་བཞུར་བའི་ལུག་རྭ་ཞིག་ཡིན། ཕུབ་རིས་ཀྱི་རྩེ་ནི་ལྗང་མདོག་གི་ཡལ་ག་དང་ལོ་མའི་འཕྲང་བ་ཞིག་ཡིན་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཏོ་སྨི་ནི་ཁའི་རྒྱལ་རྟགས།

ཏོ་སྨི་ནི་ཁའི་མིང་ཆ་ཚང་ལ་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཅཱ་ལུ་པི་རྒྱ་མཚོའི་ཧའེ་ཏི་གླིང་ཕྲན་གྱི་ཤར་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཏོ་སྨི་ནི་ཁའི་རྒྱལ་རྟགས་ཀྱི་དབྱིབས་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་ངོས་ནི་ཏོ་སྨི་ནི་ཁའི་རྒྱལ་དར་གྱི་ཁ་དོག་དང་རི་མོས་གྲུབ་ཡོད། ཕུབ་ངོས་སུ་ཁ་ཕྱེ་ཡོད་པའི་དམ་པའི་གསུང་རབ་ཀྱི་དཔེ་ཆ་ཞིག་ཡོད་ཅིང་། དེའི་གོང་དུ་གསེར་མདོག་གི་རྒྱ་གྲམ་ཞིག་ཡོད། དམ་པའི་གསུང་རབ་ཀྱི་དཔེ་ཆའི་ཕྱོགས་གཉིས་སུ་རྒྱལ་ཁབ་འདིའི་རྒྱལ་དར་བསྣར་ཡོད་པ་དང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཏོ་སྨི་ནི་ཁུའི་རྒྱལ་དར།

ཏོ་སྨི་ནི་ཁུའི་མིང་གཞན་ལ་ཏོ་སྨི་ནི་ཁན་རྒྱལ་ཕྲན་མཉམ་འབྲེལ་ཟེར་ཞིང་། དེ་ནི་ཅཱ་ལུ་པི་རྒྱ་མཚོའི་ཨན་ཏུ་ལུ་སི་ཆུང་བ་གླིང་ཚོམ་གྱི་བྱང་ཤར་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཏོ་སྨི་ནི་ཁུའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན། དར་ངོས་ཀྱི་མདོག་གཙོ་བོ་ནི་ལྗང་ཁུ་ཡིན་ཞིང་། མདོག་སེར་པོ་དང་ནག་པོ། དཀར་པོ་བཅས་ཀྱིས་གྲུབ་པའི་རྒྱ་གྲམ་དབྱིབས་ཀྱིས་དར་ངོས་ཆ་བཞི་རུ་བགོས་ཡོད་ལ། རྒྱ་གྲམ་སྣོལ་སར་མདོག་དམར་པོའི་སྒོར་དབྱིབས་ཤིག་ཡོད་པ་དང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཐིག་དམར་ཀུའེ་ནེ་ཡའི་རྒྱལ་དར།

ཐིག་དམར་ཀུའེ་ནེ་ཡའི་མིང་ཆ་ཚང་ལ་ཐིག་དམར་ཀུའེ་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་གི་དབུས་ནུབ་རྒྱུད་དུ་གནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཐིག་དམར་ཀུའེ་ནེ་ཡའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ངོས་ནི་རྐེད་མཚུངས་ཟུར་གསུམ་མ་ཞིག་དང་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་པ་ཞིག་ཡིན་ཞིང་། དར་ཤིང་གི་ཕྱོགས་སུ་མདོག་སྔོན་པོའི་རྐེད་མཚུངས་ཟུར་གསུམ་མ་ཞིག་ཡོད་པ་དང་། གཡས་ཕྱོགས་སུ་མཉམ་འགྲོ་ཡིན་པའི་གྲུ་བཞི་ནར་མོ་གསུམ་ཡོད་ལ།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

འཇར་མན་གྱི་རྒྱལ་དར།

འཇར་མན་གྱི་མིང་ཆ་ཚང་ལ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་དབུས་མ་རུ་གནས་པའི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། འཇར་མན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་ནག་པོ་དང་དམར་པོ། སེར་པོ་བཅས་ཀྱི་མཉམ་འགྲོ་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་པ་ཡིན། རྒྱ་ཡིག་གི་མིང་། 德国国旗 ཕྱི་ཡིག་གི་མིང་། The German

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཧྥ་རན་སེའི་རྒྱལ་དར།

ཧྥ་རན་སེའི་མིང་ཆ་ཚང་ལ་ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་ནུབ་མ་རུ་གནས་པའི་ཙུང་ཐུང་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཧྥ་རན་སེའི་རྒྱལ་དར་ནི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་རིམ་བཞིན་མདོག་སྔོན་པོ་དང་དཀར་པོ། དམར་པོ་བཅས་ཡིན་པའི་དྲང་འཕྱང་དུ་སྒྲིག་པའི་མདོག་གསུམ་དར་ཆ་ཞིག་ཡིན། མདོག་སྔོན་པོ་དང་དཀར་པོ། དམར་པོ་བཅས་ཀྱི་ཞེང་ཚད་ནི་འདྲ་མཚུངས་མིན་ཞིང་། རྒྱལ་དར་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་ཀྱི་མདོག་གསུམ་པོའི་ཞེང་ཚད་ནི་རེ་རེ་བཞིན30བསྡུར33བསྡུར37ཡིན། རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།

ཧྥ་རན་སེའི་རྒྱལ་རྟགས།

ཧྥ་རན་སེའི་མིང་ཆ་ཚང་ལ་ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་ནུབ་མ་རུ་གནས་པའི་ཙུང་ཐུང་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཧྥ་རན་སེ་ལ་རྒྱལ་རྟགས་ངོ་མ་ཞིག་མེད་མོད། འོན་ཀྱང་སྲོལ་རྒྱུན་ཐོག་གསར་བརྗེ་ཆེན་མོའི་དུས་སྐབས་ཀྱི་མཚན་རྟགས་དེ་རྒྱལ་ཁབ་ཀྱི་མཚོན་རྟགས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད། མཚན་རྟགས་དེ་སྤྱི་ལོ1912ལོར་ཕྱི་འབྲེལ་གནས་ཡུལ་དུ་བཀོལ་སྤྱོད་བྱས་ཤིང་། སྤྱི་ལོ1953ལོར་བཀོལ་སྤྱོད་བྱ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ལ་ཡར་སྤྲོད་བྱས་པ་ཡིན། མཚན་རྟགས་དེ་ནི་འཇོང་དབྱིབས་ཤིག་ཡིན་ཞིང་།

རིགས་དབྱེ།   ས་ཁམས།རྒྱལ་ཁབ།