ཡོངས་འཛིན་རིག་མཛོད། >འཚོ་བ། >འགྲིམ་འགྲུལ། > རླངས་འཁོར།

ཁ་ལོ་བའི་འཛིན་ཡིག

སྒུལ་བྱེད་འཕྲུལ་འཁོར་སྐོར་བར་ངེས་པར་དུ་ལག་རྩལ་ཚད་ངེས་ཅན་ཞིག་དགོས་པ་ཡིན། གལ་ཏེ་ལག་རྩལ་མེད་པར་གང་འདོད་ལྟར་སྐོར་ན་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་བར་ཉེན་ཁ་ཆེན་པོ་ཡོད། སྤྱིར་འཛིན་ཡིག་མེད་ན་རླངས་འཁོར་སྐོར་ནས་འཁོར་སྐྱོད་བྱེད་མི་ཆོག་པ་རེད། ཁ་ལོ་བའི་འཛིན་ཡིག་ནི་ཆེད་ལས་ཀྱི་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་སློབ་སྦྱོང་དང་གཅིག་གྱུར་གྱི་རྒྱུགས་བླངས་ནས་ཚད་ལྡན་ཡིན་པའི་མི་རྣམས་ལ་ཁ་ལོ་བའི་འཛིན་ཡིག་གནང་བ་རེད།

རིགས་དབྱེ།  

ཁང་འཁོར།

ཁང་འཁོར་ནི་ཁང་པ་དང་རླངས་འཁོར་གྱི་ནུས་པ་ཉིས་ལྡན་གྱི་རླངས་འཁོར་ལ་ཟེར།

རིགས་དབྱེ།  

ཆུ་གཏོར་རླངས་འཁོར།

ཆུ་གཏོར་རླངས་འཁོར་ནི་ལམ་ངོས་བདག་སྐྱོང་། སྡོང་བོ། མེ་ཏོག་ལྡུམ་ར། ཨར་ལས་འཛུགས་སྐྲུན་སོགས་སུ་བཀོལ་སྤྱོད་བྱེད་པར་འཚམ། དེ་ཡིས་ཆུ་གཏོར་བར་བྱེད་པ་དང་། ཆུ་སྐྱེལ་འདྲེན་བྱེད་པ། ཆུ་ཕྱི་རུ་གཏོང་བ། མེ་འགོག་སོགས་ཀྱི་ནུས་པ་ཆེན་པོ་ལྡན།

རིགས་དབྱེ།  

ཉེན་སྒྲོན།

ཉེན་སྒྲོན་ནི་སྤྱིར་འགྲིམ་འགྲུལ་བདེ་འཇགས་བདག་སྐྱོང་གི་སྐབས་སུ་བཀོལ་སྤྱོད་བྱེད་པ་དང་། རྒྱུན་དུ་ཉེན་ཟོན་རླངས་འཁོར་དང་མེ་གསོད་རླངས་འཁོར། བཟོ་སྐྲུན་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། གཞུང་ལམ་ཞིག་གསོ་བྱེད་པའི་རླངས་འཁོར་སོགས་ཀྱི་ཐོག་ཏུ་སྒྲིག་སྦྱོར་བྱས་ཡོད།

རིགས་དབྱེ།  

བརྒལ་ལམ།

བརྒལ་ལམ་ནི་མྱུར་འགྲོས་གཞུང་ལམ་གྱི་གཡོན་ཕྱོགས་སུ་ཡོད་པའི་འཁོར་ལམ་ལ་ཟེར།

རིགས་དབྱེ།  

ཚོང་དོན་རླངས་འཁོར།

ཚོང་དོན་རླངས་འཁོར་ནི་སྣ་མང་ཅན་གྱི་རླངས་འཁོར་ཅིག་ཡིན། དེ་ནི་མི་བཞུགས་རླངས་འཁོར་དང་དོས་སྒམ་རང་བཞིན་ཅན་གྱི་རླངས་འཁོར། ཡུལ་སྐོར་རླངས་འཁོར་གསུམ་གྱི་ནུས་པ་ལྡན་པའི་རླངས་འཁོར་ཅིག་ཡིན། རླངས་འཁོར་ནང་གི་རྐུབ་སྟེགས་རེ་རེ་སྙོམས་སྒྲིག་བྱས་ཆོག་པ་དང་། དེ་ལས་གཞན་པའི་ཐབས་བཀོལ་སྣ་ཚོགས་ཡོད་དོ། །

རིགས་དབྱེ།  

དོས་འཁོར།

དོས་འཁོར་ནི་ཁ་ལོ་སྒྱུར་ཁང་གི་རྒྱབ་ཕྱོགས་སུ་དོས་སྒམ་ཡོད་པའི་རླངས་འཁོར་ལ་ཟེར།

རིགས་དབྱེ།  

རླངས་འཁོར་མཛེས་བཟོ།

རླངས་འཁོར་མཛེས་བཟོ་ནི་རླངས་འཁོར་གྱི་གནས་སོ་སོའི་དགོས་མཁོ་ལྟར། མི་གཅིག་པའི་རླངས་འཁོར་མཛེས་བཟོ་ཀྱི་མཁོ་ཆས་ཀྱིས་རླངས་འཁོར་ལ་བདག་སྐྱོང་བྱེད་པ་ལ་ཟེར།

རིགས་དབྱེ།  

ལྗིབ་འཁོར།

ལྗིབ་འཁོར་ནི་བྱེས་བགྲོད་རླངས་འཁོར་གྱི་རིགས་ཤིག་ཡིན། དེ་ནི་འཁོར་ལོ་བཞི་བོས་འདེད་སྐུལ་བྱེད་པ་དང་བརྟན་བརླིང་རང་བཞིན་བཟང་བའི་རླངས་འཁོར་ཞིག་ཡིན། བྱེས་བགྲོད་རླངས་འཁོར་ལ་དམག་སྤྱོད་དང་དམངས་སྤྱོད་རིགས་གཉིས་ཡོད།

རིགས་དབྱེ།  

ཆང་བཏུངས་འཁོར་གཏོང་།

ཆང་བཏུངས་རྗེས་རླངས་འཁོར་སྐོར་བ་ལ་གོ། །

རིགས་དབྱེ།  

འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར་མ་འཐེན་སྟངས།

འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར་མ་འཐེན་སྟངས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་དེའི་སྐོར་གྱི་ཤེས་བྱ་གནད་བསྡུས།

རིགས་དབྱེ།  

བདེ་འཇགས་རླངས་འཁོར།

བདེ་འཇགས་རླངས་འཁོར་དེ་ནི་བཀག་སྡོམ་བྱས་པའི་འགྲན་ལམ་སྟེང་རླངས་འཁོར་འགྲན་བསྡུར་བྱེད་སྐབས་འགྲན་ལམ་དུ་དོན་རྐྱེན་བྱུང་བའམ་ཡང་ན། རྒྱུན་ལྡན་མིན་པའི་གནས་ཚུལ་གཞན(དཔེར་ན་ཆར་བ་ཆེན་པོ་བབས་པ་དང་འགྲན་ལམ་དུ་མར་ལྷུང་བའི་དངོས་པོ་ཡོད་པ)དང་འཕྲད་སྐབས་འགྲན་རའི་ནང་གི་འགྲན་འཁོར་ལ་སྣེ་ཁྲིད་བྱེད་པ་དང་། ཁོ་ཚོའི་རླངས་འཁོར་གྱི་མྱུར་ཚད་ཚོད་འཛིན་བྱས་ཏེ་འགྲན་འཁོར་དང་འགྲན་སྡུར་བའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

པའོ་ཧྲི་ཅེ་དངོས་མང་བཤམས་སྟོན་ཁང་།

པའོ་ཧྲི་ཅེ་དངོས་མང་བཤམས་སྟོན་ཁང་དེར་ཁང་རྙིང་དང་ཁང་གསར་གཉིས་སུ་དབྱེ་ཡོད་དེ། ཁང་རྙིང་དུ་རླངས་འཁོར་དང་འདྲ་པར་མང་པོ་ཡོད་པ་དང་། ཡོ་རོབ་ཀྱི་རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་ལོ་རྒྱུས་མངོན་པར་བྱས་ཡོད། ཁང་གསར་ནང་འབྲེལ་ཡོད་རླངས་འཁོར་འགྲེམས་སྟོན་བྱེད་པ་ལས་གཞན་ད་དུང་ཚོང་ཁང་དང་། ཡུལ་སྐོར་བའི་ཟ་ཁང་། ཁ་ཧྥེ་ཁང་། ཟ་ཁང་སོགས་ཚུད་ཡོད་ལ། སྐབས་རེར་བྱེད་སྒོ་ཆེ་གྲས་ཀྱང་སྤེལ་ཆོག་སྟེ། དཔེར་ན་རླངས་འཁོར་འགྲེམས་སྟོན་དང་ཚོགས་འདུ་སོགས།

རིགས་དབྱེ།  

ཀྲུང་ཐའེ་རླངས་འཁོར།

ཀྲུང་ཐའེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སི(རྐང་འཛིན་ཚབ་རྟགས000980)ནི་རླངས་འཁོར་ཧྲིལ་པོ་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན། ཕྱིར་ཚོང་བཅས་ལྟེ་བའི་ལས་སྒོ་གཉེར་བའི་རླངས་འཁོར་ཧྲིལ་པོའི་བཟོ་སྐྲུན་ཁེ་ལས་ཤིག་ཡིན་ཞིང་། དེའི་ཁོངས་སུ་ཀྲུང་ཐའེ་དང་ཅང་ནན། ཅུན་མ་བཅས་རླངས་འཁོར་གྱི་སྤུས་རྟགས་ཆེན་པོ་གསུམ་ཡོད།

རིགས་དབྱེ།  

ཝུའུ་ལིན་རུང་ཀོང་།

ཝུའུ་ལིན་རུང་ཀོང་གི་རིང་ཚད་ལ་སྨི4ཡོད་པ་དང་ཞེང་ཚད་ལ་ཧའོ་སྨི1620ལ་སླེབས། མཐོ་ཚད་ཧའོ་སྨི1915ལ་སླེབས་པ་དང་སྲོལ་རྒྱུན་གྱི་ཝེ་ཁེ(སྨི3.8ནང་ཚུན)དང་བསྡུར་ཚེ་རིང་ཚད་དང་ཞེང་ཚད། མཐོ་ཚད་བཅས་ཁྱོན་ཡོངས་ནས་ཇེ་ཆེར་སོང་བ་དང་། ཚད་གཞི་ཆེ་བ་ལས་བར་མཐོངས་ཆེན་པོ་ཡོད་པ་དང་། ཝུའུ་ལིན་རུང་ཀོང་ལ་སྤྱིར་བཏང་གི་ཝེ་ཁེ་ལས་མཐོ་བའི་འདུག་སྟེགས་དང་དངོས་འགེལ་བར་སྟོང་ཡོད་པ་རེད།

རིགས་དབྱེ།  

ཧུང་ཆི་རླངས་འཁོར།

ཧུང་ཆི་རླངས་འཁོར་ནི་ཀྲུང་གོའི་ཁྱིམ་ཚང་ཡོངས་ཀྱིས་ཤེས་པའི་མིང་ཞིག་ཡིན་ལ། “ཧུང་ཆི”ཞེས་པའི་ཡིག་འབྲུ་གཉིས་པོའི་བསྟན་བྱ་དེ་རླངས་འཁོར་གྱི་སྤུས་རྟགས་ཀྱི་གོ་དོན་ལས་ཆེས་ཆེར་བརྒལ་ཡོད་པ་དང་། ཀྲུང་གོ་གསར་བར་སླེབས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོ་ཞིག“ཧུང་ཆི”དང་འབྲེལ་བ་ཡོད་ཅིང་། རྒྱལ་དམངས་ཀྱི་སེམས་སུ་དེ་ལ་ཚོང་རྟགས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བླ་ལྷག་གི་གོ་གནས་ཤིག་ཡོད།

རིགས་དབྱེ།  

ཀོང་ཆི་ཧྥེང་ཐན།

ཀོང་ཆི་ཧྥེང་ཐན་རླངས་འཁོར་ཚད་ཡོད་ཀུང་ཟི(GAC TOYOTA)ནི་སྤྱི་ལོ2004ལོའི་ཟླ9བའི་ཚེས1ཉིན་བཙུགས་ཤིང་། ཀོང་ཀྲོའུ་རླངས་འཁོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟི་དང་འཇའ་པན་ཧྥེང་ཐན་རླངས་འཁོར་ཀུང་ཟིས་མ་དངུལ50%རེ་བཏང་ནས་བཙུགས་ལ། མཉམ་ལས་དུས་ཡུན་ལོ30དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར16.92བཏང་བ་རེད། ཀུང་ཟི་དེ་ཀྲུང་གོའི་གསོན་ཤུགས་ལྡན་པའི་ཀྲུའུ་ཅང་ཟུར་གསུམ་གླིང་གི་དབྱིབས་རྩིས་ལྟེ་གནས་ཏེ། ཀོང་ཀྲོའུ་ནན་ཧྲ་ཁུལ་དུ་གནས་པ་དང་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི187དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི40ཟིན། ཐོན་ནུས་ལོ་རེར་རླངས་འཁོར་ཁྲི20ཡིན། མིག་སྔར་ལས་བཟོ་བ་མི5500ལྷག་ཙམ་ཡོད་པའི་ནང་ཆེད་ཚན་སློབ་གྲྭ་ཆེན་མོ་དང་དེ་ཡན་གྱི་བསླབ་གནས་ཡོད་མཁན་ཀྱིས24.9%ཟིན་པ་དང་ཆ་སྙོམས་ལོ་ཚད་ལོ26ཡིན།

རིགས་དབྱེ།  

ཅི་ལི་རླངས་འཁོར།

ཅི་ལི་རླངས་འཁོར་ཚོགས་པ་ནི་ཀྲེ་ཅང་ཅི་ལི་མ་རྐང་ཚོད་འཛིན་ཚོགས་པའི་ཁོངས་སུ་གཏོགས་ཤིང་། སྤྱི་ཁྱབ་པུའུ་ནི་ཀྲུང་གོའི་ཀྲེ་ཅང་ཧང་ཀྲོའུ་རུ་གནས་པ་དང་། ཀྲེ་ཅང་ཐའེ་ཀྲོའུའམ་ཉིང་པོ་དང་། ཧུའུ་ནན་ཞང་ཐན་དང་སི་ཁྲོན་ཁྲེང་ཏུའུ། ཧྲན་ཞི་པའོ་ཅི་དང་ཧྲན་ཞི་ཅིང་ཀྲུང་བཅས་ཀྱི་འབྲིང་རིམ་ས་ཁུལ་དུ་རླངས་འཁོར་ཧྲིལ་པོ་དང་སྒུལ་ཤུགས་སྤྱིའི་བཟོ་སྐྲུན་རྟེན་གཞི་བསྐྲུན་པ་མ་ཟད། པའེ་ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཕྱི་རྒྱལ་གྱི་བཟོ་གྲྭ་བཙུགས་ཡོད།

རིགས་དབྱེ།  

ཆི་རུའེ་རླངས་འཁོར།

ཆི་རུའེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི་ནི་རླངས་འཁོར་ཐོན་སྐྱེད་བྱེད་པའི་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཤིག་ཡིན་པ་དང་། སྤྱི་ལོ1997ལོའིཟླ1པོའི་ཚེས8ཉིན་ཐོ་འགོད་བྱས་ནས་བཙུགས་ཤིང་། སྤྱི་ཁྱབ་པུའུ་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་གནས་པ་དང་ སྐུ་ཞབས་དབྱི་ཐུང་ཡོ་ཡིས་ད་ལྟའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བའི་འགན་བཞེས་ཡོད།

རིགས་དབྱེ།  

པའོ་མ་རླངས་འཁོར།

པའོ་མ(BMW)ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རྒྱས་སྤྲས་རླངས་འཁོར་གྱི་ཚོང་རྟགས་ཤིག་ཡིན་པ་དང་། པའོ་མ་ཡི་རླངས་འཁོར་གྱི་རིགས་ལi.x.zདང་། གྲངས་ཀ་རྐྱང་བ་ཅན་གྱི་རླངས་འཁོར་བཟོ་དབྱིབས་མི་འདྲ་བ་བཞི་ཡོད་པ་དེར1、2、3、4、5、6、7、8སོགས་རིགས་གྲས་འགའ་ཡོད་ཅིང་། དེ་སོ་སོའི་རྨང་གཞིའི་ཐོག་ལེགས་བཅོས་བྱས་པའིMརིགས(པའོ་མ་གཞུང་ཕྱོགས་ཀྱི་ནུས་ཆེའི་བཅོས་སྒྲིག་སྡེ་ཁག)ཀྱང་ཡོད།

རིགས་དབྱེ།  

སི་ཁོ་ཏ་རླངས་འཁོར།

སི་ཁོ་ཏ(SKODA)ནི་སྤྱི་ལོ1895ལོར་བཙུགས་པའི་འཇར་མན་གྱི་སྤྱི་དམངས་རླངས་འཁོར་ཀུང་ཟིའི་དཔེ་མཚོན་ཅན་གྱི་ཚོང་རྟགས་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ཁྱབ་པུའུ་དེ་ཅེ་ཁེ་ལ་མོ་ཏ་པོ་ལའེ་སི་ཕུའུ་རུ་གནས་ཤིང་། དེ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་རླངས་འཁོར་ཐོན་སྐྱེད་ཚོང་བ་བཞིའི་གྲས་ཡིན།

རིགས་དབྱེ།  

སི་ཁུའུ་པ་རླངས་འཁོར།

སི་ཁུའུ་པ་ནི་སུའེ་ཏེན་གྱི་མིང་དུ་གྲགས་པའི་རིམ་འདས་རྒྱུག་འཁོར་བཟོ་སྐྲུན་ཁང“ལི་ཨེན་སི་ཕི་ཏེ”ཀུང་ཟིས་བཟོས་པའི་འཛམ་གླིང་ཐོག་གི་ཆུ་འཛུལ་རླངས་འཁོར་དང་པོ་དེ་ཡིན་ཞིང་། ཆུ་སྐམ་གཉིས་སྤྱོད་རླངས་འཁོར་གྱི་གཅུས་སྒོ་དེ་མནན་ན་རླངས་འཁོར་སྨི10ཙམ་གྱི་སར་འཛུལ་ཐུབ། “སི་ཁུའུ་པའི”ཆུ་འཛུལ་གཏིང་ཚད་སྨི10ལ་སླེབས་ཐུབ་ཅིང་། དེར་ཁ་ལོ་བ་དང་འགྲུལ་བའམ་ཡང་ན་རམ་འདེགས་སྒྲིག་ཆས་སོགས་ཅི་ཡང་མི་མཁོ་བ་རེད།

རིགས་དབྱེ།  

ཞུའེ་ཐིའེ་ལུང་རླངས་འཁོར།

ཞུའེ་ཐིའེ་ལུང་ནི་ཨན་ཏུ་ལའེ་ཞུའེ་ཐིའེ་ལུང་གིས་གསར་གཏོད་བྱས་པ་དང་། སྤྱི་ལོ1878ལོར་ཧྥ་རན་སེའི་ཕ་རི་སི་རུ་སྐྱེས་སྐབས་ཁོང་གི་ནང་མི་ཚོས་ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཁོང་གིས་གསར་གཏོད་བྱས་པའི་ཞུའེ་ཐིའེ་ལུང་རླངས་འཁོར་སྤུས་རྟགས་ཀྱིས་ཁྱིམ་རྒྱུད་ཀྱི་མཚན་སྙན་འཛམ་གླིང་ཡོངས་ལ་ཁྱབ་དུ་འཇུག་ཐུབ་པ་སུས་ཀྱང་ཡིད་ལ་དྲན་མེད།

རིགས་དབྱེ།  

ཡུལ་སྐོར་འགྲུལ་འཁོར།

ཡུལ་སྐོར་འགྲུལ་འཁོར་ནི་ཡུལ་སྐོར་གྱི་ཆེད་དུ་ཇུས་འགོད་དང་སྒྲིག་ཆས་སྤྲད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན། རླངས་འཁོར་འདིའི་རིགས་ཀྱི་སྒྲིག་བཀོད་ནི་འགྲུལ་བའི་བདེ་བའི་རང་བཞིན་ལ་ཁག་ཐེག་བྱེད་དགོས། སྟབས་བདེའི་སྒོ་ནས་བཤད་ན། དེ་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཡིན་པ་དང་། སྡོད་གནས17ལས་བརྒལ་མི་ཆོག ཀྲུང་གོ་བས་དེའི་ཕྱིའི་དབྱིབས་ལ་གཞིགས་ནས། མིང་ལ“མགྲོན་འཁོར་ཆུང་བ”ཞེས་ཟེར། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ལ་བས་བསྟུན་ཆེ་བ་དང་། ཅུང་མཐོ་བའི་སྡོད་བདེའི་རང་བཞིན་ལྡན།

རིགས་དབྱེ།  

ཁཱ་ཏིན་རླངས་འཁོར།

ཁཱ་ཏིན་རླངས་འཁོར་ནི་དབྱིན་ཡིག་གིKARTINGཡི་སྒྲ་སྒྱུར་ལས་བྱུང་ཞིང་། དེའི་དོན་ནི་ལུས་རྩལ་རླངས་འཁོར་ཆུང་ངུའི་རིགས་ཀྱི་དོན་ཡིན་ཞིང་། ཁཱ་ཏིན་རླངས་འཁོར་ནི་སྤྱི་ལོ1940ལོར་ཡོ་རོབ་གླིང་ཤར་མར་བྱུང་བ་དང་། དུས་རབས20བའི་ལོ་རབས50པའི་དུས་མཇུག་ཏུ་ད་གཟོད་ཡོ་རོབ་དང་ཨ་མེ་རི་ཁ་གླིང་དུ་ཁྱབ་གདལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད། དེའི་གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན་ཏེ། འཁོར་སྒྲོམ་ཞིག་དང་རྒྱུག་རིམ་གཉིས་ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་ཞིག རང་ཚུགས་བཞི་ཡིས་ཁཱ་ཏིན་རླངས་འཁོར་ཡོངས་རྫོགས་གྲུབ་པ་རེད།

རིགས་དབྱེ།  

པུན་ཐེནCR-V

པུན་ཐེནCR-Vནི་ཏུང་ཧྥེང་པུན་ཐེན་རླངས་འཁོར་ཀུང་ཟིས་ཐོན་སྐྱེད་བྱས་པའི་གྲོང་ཁྱེར་གྱི་དཔེར་འོསSUVརླངས་འཁོར་གྱི་རིགས་ཤིག་ཡིན་པ་དང་། སྤྱི་ལོ2015ལོའིCR-Vརྟགས་ཅན་གྱི་རླངས་འཁོར་གྱིས་ལུས་རྩལ་དུས་གསར་ཇུས་འགོད་ཀྱི་ཕྱིའི་རྣམ་པ་ཞིག་བསྐྲུན་ཏེ། སྨི་ཆི་ལིནLatitudeརིམ་པའིSUVའཁོར་ལོ་དང་སྡེབ་སྒྲིག་བྱས་པས་བཀོལ་སྤྱོད་ནུས་པ་ཤིན་ཏུ་བཟང་།

རིགས་དབྱེ།  

པི་ཡཱ་ཏི།

པི་ཡཱ་ཏི་ནི་ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཤིག་ཡིན་པ་དང་། སྤྱི་ལོ1995ལོར་བཙུགས་ཤིང་གཙོ་བོ་ཚོང་དོན་རླངས་འཁོར་ཆུང་གྲས་དང་ཁྱིམ་སྤྱོད་རླངས་འཁོར། གློག་རྫས་བཅས་ཐོན་སྐྱེད་བྱེད་བཞིན་ཡོད། དེའང་མི20ལྷག་ཙམ་གྱི་གཞི་ཁྱོན་ནས་འགོ་བཙུགས་ཏེ་སྤྱི་ལོ2003ལོར་གོ་ལ་ཧྲིལ་པོའི་གློག་གསོག་གློག་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཚོང་པ་ཨང་གཉིས་པར་གྱུར།

རིགས་དབྱེ།  

ཀྲུང་གོའི་མཁའ་འགྲུལ་རླངས་འཁོར་བཟོ་ལས་ཚད་ཡོད་ཀུང་ཟི།

ཀྲུང་གོའི་མཁའ་འགྲུལ་རླངས་འཁོར་བཟོ་ལས་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ2009ལོའི་ཟླ3པའི་ཚེས13ཉིན་བཙུགས་ཤིང་། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་ཟིས་ཁོངས་གཏོགས་ཀྱི་ཧ་ཧྥེ་རླངས་འཁོར་དང་ཁྲང་ཧོ་རླངས་འཁོར། ཏུང་ཨན་སྒུལ་ཤུགས། ཏུང་ཨན་སན་ལིང་སོགས་རླངས་འཁོར་ཧྲིལ་པོ་དང་སྒུལ་བྱེད་འཕྲུལ་འཁོར་ཐོན་སྐྱེད་ཁེ་ལས་བསྡུ་སྒྲིལ་བྱས་ནས་བཙུགས་པའི་རླངས་འཁོར་ཚོགས་པ་ཆེ་གྲས་ཤིག་ཡིན་ལ། ཀྲའོ་ཀུའེ་པིན་གྱིས་ཀྲུང་གོའི་མཁའ་འགྲུལ་རླངས་འཁོར་གྱི་སྤྱི་གཉེར་བའི་འགན་བཞེས། ཀྲུང་གོ་མཁའ་འགྲུལ་རླངས་འཁོར་བཟོ་ལས་ཀུང་ཟི་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཀྱིས“མཉམ་འདྲེས་གཉིས་དང་གསར་གཏོད་གསུམ། རང་བཞིན་ལྔ་དང་དུང་ཕྱུར་ཁྲི”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་ནས་བཙུགས་པའི་མ་རྩ་ཆ་ཚང་གི་ཡན་ལག་ཀུང་ཟི་ཞིག་ཡིན་པ་དང་། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཀྱིས་རླངས་འཁོར་ཐོན་རྫས་འཕེལ་རྒྱས་ལ་འགན་འཁུར་བའི་ཆེད་ལས་ཅན་གྱི་ཀུང་ཟི་ཞིག་རེད། ཧ་ཧྥེ་དང་ཁྲང་ཧོ། ཏུང་ཨན་སྒུལ་ཤུགས་སོགས་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་ཁོངས་གཏོགས་རླངས་འཁོར་ལས་རིགས་ཀྱི་མ་རྩ་ཡོད་ཚད། ཀྲུང་གོ་མཁའ་འགྲུལ་རླངས་འཁོར་ནང་བཅུག་ནས་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཁོངས་གཏོགས་ཀྱི་རླངས་འཁོར་ཁྱོན་ཡོངས་ནས་བསྡུ་སྒྲིལ་ཐུབ་རྒྱུ་རེད།

རིགས་དབྱེ།  

ཅིན་པེ་རླངས་འཁོར།

ཧྭ་ཁྲེན་ཅིན་པེ་རླངས་འཁོར་ཚད་ཡོད་ཀུང་ཟིའི་དེ་སྔའི་མིང་ལ་ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ཟེར་པ་དང་། སྤྱི་ལོ2003ལོའི་ཟླ་དང་པོར་དངོས་སུ་མིང་འདིར་བསྒྱུར་ཞིང་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་གཙོ་ཆེ་བའི་ཐོན་སྐྱེད་ཁེ་ལས་ཤིག་རེད། ཧྲེན་དབྱང་ཅིན་པེ་འགྲུལ་སྐྱེལ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ནི་ཧྭ་ཁྲེན་ཀྲུང་གོ་རླངས་འཁོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་དང་ཧྲེན་དབྱང་ཅིན་པེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་མ་རྩ་མཉམ་འཇོག་གི་ཁེ་ལས་ཞིག་ཡིན་ཞིང་། སྤྱི་ལོ1991ལོའི་ཟླ7པའི་ཚེས22ཉིན་བཙུགས།

རིགས་དབྱེ།  

མིང་ཅའོ་རླངས་འཁོར།

མིང་ཅའོ(MG)རླངས་འཁོར་ནི་མ་གཞི་དབྱིན་ཇིའིMorrisརླངས་འཁོར་ཚོང་ཚབ་པ་ཞིག་ཡིན་པ་དང་། རྗེས་སུ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་མངག་བཟོའི་རླངས་འཁོར་བཟོས་ནས་སྒོ་གཉིས་གཡབ་མེད་རླངས་འཁོར་གྱིས་རླངས་འཁོར་ལས་རིགས་སུ་སྐད་གྲགས་ཆོད་པ་དང་། ད་ལྟར་ནན་ཅིན་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་རླངས་འཁོར་སྤུས་རྟགས་སུ་གྱུར་ཡོད།

རིགས་དབྱེ།