ཡུལ་སྐོར་འགྲུལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་སྐོར་འགྲུལ་འཁོར།
ཡུལ་སྐོར་འགྲུལ་འཁོར་ནི་ཡུལ་སྐོར་གྱི་ཆེད་དུ་ཇུས་འགོད་དང་སྒྲིག་ཆས་སྤྲད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན། རླངས་འཁོར་འདིའི་རིགས་ཀྱི་སྒྲིག་བཀོད་ནི་འགྲུལ་བའི་བདེ་བའི་རང་བཞིན་ལ་ཁག་ཐེག་བྱེད་དགོས། སྟབས་བདེའི་སྒོ་ནས་བཤད་ན། དེ་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཡིན་པ་དང་། སྡོད་གནས17ལས་བརྒལ་མི་ཆོག ཀྲུང་གོ་བས་དེའི་ཕྱིའི་དབྱིབས་ལ་གཞིགས་ནས། མིང་ལ“མགྲོན་འཁོར་ཆུང་བ”ཞེས་ཟེར། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ལ་བས་བསྟུན་ཆེ་བ་དང་། ཅུང་མཐོ་བའི་སྡོད་བདེའི་རང་བཞིན་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旅游客车
ངོ་བོ།
ཆེད་དུ་ཡུལ་སྐོར་ལ་བཟོས་པའི་འགྲུལ་འཁོར།
ཕྱི་ཡིག་གི་མིང་།
touringcoach
འདུག་སྟེགས།
17ལས་མི་བརྒལ།
1 ​ངོ་སྤྲོད་མདོར་བསྡུས།

ཡུལ་སྐོར་འགྲུལ་འཁོར་ནི་ཡུལ་སྐོར་གྱི་ཆེད་དུ་ཇུས་འགོད་དང་སྒྲིག་ཆས་སྤྲད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན། རླངས་འཁོར་འདིའི་རིགས་ཀྱི་སྒྲིག་བཀོད་ནི་འགྲུལ་བའི་བདེ་བའི་རང་བཞིན་ལ་ཁག་ཐེག་བྱེད་དགོས། སྟབས་བདེའི་སྒོ་ནས་བཤད་ན། དེ་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཡིན་པ་དང་། སྡོད་གནས17ལས་བརྒལ་མི་ཆོག ཀྲུང་གོ་བས་དེའི་ཕྱིའི་དབྱིབས་ལ་གཞིགས་ནས། མིང་ལ“མགྲོན་འཁོར་ཆུང་བ”ཞེས་ཟེར། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ལ་བས་བསྟུན་ཆེ་བ་དང་། ཅུང་མཐོ་བའི་སྡོད་བདེའི་རང་བཞིན་ལྡན། 

འགྲུལ་སྐྱེལ་རླངས་འཁོར་དེ་སྤྱིའི་གྲུབ་ཚུལ་ལྟར་འཁོར་རྐྱང་དང་མེ་འཁོར་གཉིས་སུ་དབྱེ་ཆོག རྐང་འཁོར་ནི་གཞི་རྩའི་འཁོར་དབྱིབས་ཡིན་ཞིང་། འགྲུལ་སྐྱེལ་རླངས་འཁོར་གྱི་སྤྱིའི་ལྗིད་ཚད་དང་གནས་གྲངས་ལ་གཞིགས་ནས་རྒྱུན་དུ་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་སུ་དབྱེ་ཡོད། ཀྲུང་གོས་གཏན་འཁེལ་བྱས་པའི་རྐྱང་གཟུགས་འགྲུལ་སྐྱེལ་རླངས་འཁོར་གྱི་རིང་ཚད་སྤྱིར་ན་སྨི12ལས་བརྒལ་མི་ཆོག འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒྲོམ་དང་སྒྲོམ་གཞིར་སྔུན་གཞུན་ཚན་པ་གཉིས་སུ་དབྱེ་ཡོད་པ་དང་། འཁོར་སྒྲོམ་གཉིས་སྦྲེལ་ཆས་ཀྱིས་མཐུད་དེ་འགུལ་སྐྱོད་ལྟེབ་ཡོལ་གྱིས་སྦྲེལ་ནས་འཁོར་སྒྲོམ་གྱི་སྔ་རྗེས་ཕན་ཚུན་འབྲེལ་ཡོད་པས། འཁོར་སྒྲོམ་ལ་སྦྲེལ་ཆས་སམ་ཡང་ན་བགྲོད་ལམ་རྣམ་པའི་འགྲུལ་སྐྱེལ་རླངས་འཁོར་ཡང་ཟེར། ཀྲུང་གོས་གཏན་འབེབས་བྱས་པའི་འགྲུལ་སྐྱེལ་མེ་འཁོར་གྱི་རིང་ཚད་སྤྱིར་ན་སྨི18ལས་བརྒལ་མི་ཆོག 

2 འབྲེལ་ཡོད་ཀྱི་ཁྲིམས་སྲོལ།

པེ་ཅིང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་། འགྲུལ་སྐྱེལ་སྒྲིག་ལམ། འགྲིམ་འགྲུལ་སྒྲིག་ལམ་བཅས་སྔར་བས་ཚད་ལྡན་དུ་གཏོང་ཆེད། པེ་ཅིང་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་གནས་དང་ལྟེ་བའི་ཁུལ་གྱི་ནུས་པའི་ངེས་གནས་གཞིར་བཟུང་། པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཚོགས་ཆུང་གིས《པེ་ཅིང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་བཅོས་སྒྲིག་ལས་དོན་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སྤྱི་ལོ2018ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་། ལྟེ་བའི་ཁུལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་བཅོས་སྒྲིག་བྱས།

3 རྒྱུན་མཐོང་གི་ཆག་སྐྱོན།

རང་རྒྱལ་ནས་ཐོན་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཐག་རིང་འགྲུལ་སྐྱེལ་ཁ་ལོ་བས་རྟག་ཏུ་རླངས་འཁོར་གྱི་སྤུས་ཚད་བརྟན་པོ་མེད་པ་དང་ཆག་སྐྱོན་ཡང་ཡང་བྱུང་བ་རེད་ཅེས་སྡུག་ཡུས་བཤད་བཞིན་ཡོད། བཀོལ་སྤྱོད་དུས་ཡུན་མི་འདྲ་བའི་ནང་། རང་རྒྱལ་ནས་ཐོན་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཆག་སྐྱོན་གཙོ་བོ་དང་གནད་དོན་ལ་ཐུན་མོང་གི་རང་བཞིན་ངེས་ཅན་ཞིག་ཡོད།

གལ་སྲིད་དེ་ནི་སྨི8ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན་ཚེ། རང་རྒྱལ་གྱིས་བཟོས་པའི་གློག་གྲང་གི་ཁྲའེ་ཡིའུ་སྣུམ་སྣོད་བཞི་སྤྱད་ཡོད་པ་རེད། གང་ལགས་ཤེ་ན། རིང་ཚད་དེ་ལས་བརྒལ་བའི་རང་རྒྱལ་ནས་ཐོན་པའི་འགྲུལ་སྐྱེལ་རླངས་འཁོར་མང་ཆེ་བར་རྫ་དྲུག་གི་སྒུལ་བྱེད་འཕྲུལ་འཁོར་སྤྱོད་ཀྱིན་ཡོད་པས་དེ་དང་འདྲ་བའི་གནད་དོན་འཕྲད་སྲིད་མོད། ཡིན་ནའང་ལྷུ་ལག་འགའ་ཞིག་གི་ཚེ་ཚད་དང་དེ་བཞིན་ཆག་སྐྱོན་བྱུང་སྐབས་ནད་རྟགས་མི་འདྲ་བ་ཡོད། དེ་དང་ཆབས་ཅིག་ང་ཚོས་འགྲུལ་སྐྱེལ་རླངས་འཁོར་དེར་ཆ་རྐྱེན་ཁག་གཅིག་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་ཞིག་གསོ་བྱེད་པའི་སྐབས་དེ་སྔའི་ཐོན་སྐྱེད་བཟོ་གྲྭའི་ལྷུ་ལག་ཆ་ཚང་སྟེ། འཇམ་འདྲེད་སྣུམ་དང་འཇམ་འདྲེད་ཚིལ་སྤྱོད་ཀྱིན་ཡོད། གཉིས་ནི་བཀོལ་སྤྱོད་ཡང་དག་བྱས་ནས་དུས་ལྟར་སྲུང་སྐྱོང་དང་བདག་སྐྱོང་བྱ་དགོས། གསུམ་ནི་ཆ་སྙོམས་ཉིན་རེར་སྤྱི་ལེ400ཙམ་བསྐྱོད་པ་དང་། བཞི་ནི་སྐྱོད་པའི་ལམ་ཐིག་དེ་མྱུར་བགྲོད་གཞུང་ལམ་དང་སྤྱིར་བཏང་གི་སྣུམ་ནག་ལམ་མཉམ་བསྲེས་ལམ་དུམ་ཡིན་པ་དང་། ས་མཐོའི་རི་མང་ས་དབྱིབས་དང་། སྤྱི་བཏང་གི་སྣུམ་ཞལ་ལམ་བུ། རི་ལྡེབས་ལམ་དུམ་བཅས་སྣོལ་མར་གནས་པ་རུ་འགྲོ་བ་བཅས་སོ།།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། འགྲིམ་འགྲུལ། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།